ད་སྔ་གཟིགས་བཞིན་པ།  མདུན་ངོས། > གཞུང་ལུགས་ཞིབ་འཇུག > བོད་ཡིག
༄༅། །ཀྲུང་གོའི་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྒྲིག་གཞི།
སྤེལ་དུས།09-05  ཡོང་ཁུངས།མགོ་ལོག་ཁུལ་ཨུ་ཏང་གི་སློབ་གྲྭ  རྩོམ་པ་པོ།འབྲུག་རྒྱལ་ཚེ་རིང་།
  དེ་རིང་གི་སློབ་ཁྲིད་ནི་དཔལ་འབྱོར་རིག་པའི་ཁྱབ་ཁོངས་ཀྱི་ནང་དོན་གྲས་སུ་གཏོགས་པའི་དཔལ་འབྱོར་ཞེས་པའི་ཐ་སྙད་འདི་ཅུང་ཟད་ཙམ་འགྲེལ་བཤད་བྱེད་ན། མིའི་རིགས་ཀྱི་སྤྱི་ཚོགས་བྱུང་བ་ནས་བཟུང་།དཔལ་འབྱོར་གྱི་བྱ་འགུལ་བྱུང་།ཆེས་གཞི་རྩའི་དཔལ་འབྱོར་གྱི་བྱ་འགུལ་ནི་ཐོན་སྐྱེད་དང་ལོངས་སུ་སྤྱོད་པ་ཡིན། འགྲོ་བ་མིའི་རིགས་འཚོ་གནས་བྱེད་པ་ལ་ངེས་པར་དུ་བཟའ་བྱ་དང་བཏུང་བྱ།གྱོན་ཆས། ཀ་ཅ་སོགས་མཁོ་ཆས་མེད་དུ་མི་རུང་བས།དེ་དག་བསྡུ་རུབ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཐོན་སྐྱེད་ཀྱི་བྱ་འགུལ་བྱུང་བ་ཡིན།དངོས་དོན་དུ་འགྲོ་བ་མིའི་རིགས་བྱུང་བ་ནས་མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་ཅིང་།སྤྱི་ཚོགས་དེའི་མི་རྣམས་ཀྱི་དཔལ་འབྱོར་བྱ་འགུལ་ཡང་གྲོགས་མེད་ཁེར་རྐྱང་དུ་སྤེལ་བ་མ་ཡིན་པར་སྤྱི་ཚོགས་དཔལ་འབྱོར་གྱི་འབྲེལ་བ་སྣ་ཚོགས་ཁྲོད་དུ་སྤེལ་བས་ན།དཔལ་འབྱོར་བྱ་འགུལ་དེ་ཡང་མི་སྒེར་དང་ཁྱིམ་གཞིའི་དཔལ་འབྱོར་སྤྱོད་ལམ་དུ་མངོན་པ་མ་ཟད།སྤྱི་ཚོགས་ཀྱི་དཔལ་འབྱོར་སྤྱོད་ལམ་དུའང་མངོན་ཡོད།རྒྱ་ཡིག་གི་དཔལ་འབྱོར་ཞེས་པ་དོན་མང་ཙམ་ལ་འཇུག་སྟེ།སྐབས་འགར་གྲོན་ཆུང་དང་ཞིབ་རྩིས་བྱེད་པའི་དོན་དང་།སྐབས་འགར་དཔལ་འབྱོར་གྱི་སྡེ་ཁག་དང་དེའི་ཚོགས་སྤྱིའི་དོན་ཏེ།བཟོ་ལས་དཔལ་འབྱོར་དང་།ཞིང་ལས་དཔལ་འབྱོར་དང་།རྒྱལ་དམངས་དཔལ་འབྱོར་ལྟ་བུ་དང་།སྐབས་འགར་དཔལ་འབྱོར་འབྲེལ་བ་དང་ལམ་ལུགས་ཀྱི་དོན་ཏེ།མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་དང་འབྲེལ་བ་ལྟ་བུ་དང་།སྐབས་འགར་དཔལ་འབྱོར་གྱི་བྱ་འགུལ་དང་དཔལ་འབྱོར་གྱི་སྤྱོད་ལམ་སྟེ།ཐོན་སྐྱེད་དང་།བགོ་བཤའ།བརྗེ་རེས་དང་ལོངས་སྤྱོད་སོགས་ཀྱི་ལ་འཇུག

དུས་ཡུན་རིང་བོའི་དཔལ་འབྱོར་གྱི་ལག་ལེན་ཁྲོད་དུ།མི་རྣམས་ཀྱིས་རང་རང་གི་བསླབ་བྱ་དང་ཉམས་མྱོང་སྣ་ཚོགས་སྙིང་བོར་བསྡུས་པ་ལས་དཔལ་འབྱོར་གྱི་བསམ་བློ་གྲུབ།ཆེས་ཐོག་མའི་དཔལ་འབྱོར་གྱི་བསམ་བློ་ནི་རྩིང་ཞེད་ཆེ་ཞིང་ཞིབ་ཚགས་མིན་པ་དང་།འཐུས་སྒོ་མི་ཚང་ཞིང་མ་ལག་ཆ་ཚང་དུ་གྲུབ་མེད་ལ།ཕྱིས་འབྱུང་དུས་ཡུན་རིང་བོའི་ཉམས་མྱོང་བསྡུ་རུབ་དང་གསོག་འཇོག་དང་ཕུན་སུམ་ཚོགས་པར་འགྱུར་བ་ལ་བརྟེན་ནས་མ་ལག་ཅུང་ཟད་ཆ་ཚང་དབའི་དཔལ་འབྱོར་གྱི་རིགས་གཞུང་གྲུབ།དཔལ་འབྱོར་གྱི་བསམ་བློ་དང་དཔལ་འབྱོར་གྱི་རིག་པའི་གཞུང་ལུགས་དེ་ཡང་རིག་གཞུང་ཡན་གར་ཞིག་ཏུ་གྲུབ་པ་ལ་དཔལ་འབྱོར་རིག་པ་ཞེས་བྱ།དཔལ་འབྱོར་རིག་པ་ནི་ཆེས་ཐོག་མར་ཁྱིམ་གཞི་དོ་དམ་གྱི་གནད་དོན་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན་ལ།ཕྱིས་སུ་སྤྱི་ཚོགས་ཡོངས་ཀྱི་དཔལ་འབྱོར་གྱི་གནད་དོན་ལ་ཞིབ་འཇུག་བྱེད་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་བར་བརྟེན།ཆབ་སྲིད་དཔལ་འབྱོར་རིག་པ་ཞེས་པ་མངོན་པར་གྲུབ་བོ།

ནུབ་ཕྱོགས་ཀྱི་ཡིག་ཚང་ལྟར་ན།དཔལ་འབྱོར་ཞེས་པའི་མིང་བརྡ་འདི་ཆེས་ཐོག་མར་ཞི་ལའི་བསམ་བློ་པ་སི་ནོ་ཧྥུན་གྱིས་བཀོལ་པ་ཡིན།ཁོའི་དཔལ་འབྱོར་སྨྲ་བ་ཡི་ནང་དུ།བྲན་གཡོག་བདག་པོའི་རྩ་འཛུགས་དང་བྲན་གཡོག་གི་དཔལ་འབྱོར་བྱ་འགུལ་ལ་དོ་དམ་བྱེད་པ་ལ་ཐོག་མར་དཔལ་འབྱོར་ཞེས་པའི་བརྡ་སྦྱར་ཏེ་རོབ་ཀྱིས་མཚོན་པ་དང་།དོན་ནི་ཁྱིམ་གཞིའི་དོ་དམ་དང་ཁྱིམ་གཞི་འཛིན་སྐྱོང་གི་ལས་སུ་འཇུག་གོརྒྱ་སྐད་ཀྱི经济ཞེས་པ་དུས་རབས་བཅུ་དགུ་བའི་སྨད་ཙམ་ལ་ལྗར་པན(日本)གྱི་སྐད་ནས་འགྱུར་འོངས་པ་ཡིན་ལ།ལྗར་པན་སྐད་ཀྱི་བརྡ་དེ་ནུབ་ཕྱོགས་སྐད་ཀྱིeconomyཞེས་པ་ནས་འགྱུར་འོངས།སི་ནོ་ཧྥུན་གྱི་དཔལ་འབྱོར་སྨྲ་བ་ཡི་བྱུང་ཚུལ་གྱིས་ནུབ་ཕྱོགས་སུ་དཔལ་འབྱོར་རིག་པ་ཐོག་མ་བྱུང་བ་མཚོན་ཏེ།གནའ་རབས་ཞི་ལའི་བྲན་གཡོག་ལམ་ལུགས་ཀྱི་ཐོན་སྐྱེད་ནི་ཁྱིམ་གཞི་སྡེ་ཚན་དུ་བྱས་ཤིང་བྲན་གཡོག་གིས་སྤེལ་བ་ཡིན་སྟབས།བྲན་གཡོག་བདག་པོ་རྣམས་ཀྱིས་བྲན་གཡོག་ལམ་ལུགས་རྩ་འཛུགས་དང་དོ་དམ་བྱེད་པའི་དཔལ་འབྱོར་གྱི་གནད་དོན་སྣ་ཚོགས་ཁྱིམ་གཞིའི་དོ་དམ་གྱི་ཁོངས་སུ་བཅུན།ཁྱིམ་གཞིའི་དོ་དམ་ཞེས་པ་འདི་དག་དོན་དངོས་སུ་བྲན་གཡོག་བདག་པོའི་དཔལ་འབྱོར་རིག་པ་ཡིན།དཔལ་འབྱོར་སྨྲ་བ་ལྟར་ན།དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་གཤིས་བཟང་གི་བདག་པོས་རང་གི་རྒྱུ་ནོར་ལ་ཇི་ལྟར་དོ་དམ་ལེགས་པོ་བྱེད་པའི་གནད་དོན་ཡིན་པར་འདོད།དེའི་རྗེས་སུ་ཡ་ལེ་ཧྲི་ཏོ་ཏིས་ཀྱང་དཔལ་འབྱོར་རིག་པ་ཞེས་པའི་བསྟན་བཅོས་ཤིག་བརྩམས་པ་ལས་ལེ་ཚན་དང་པོའི་ནང་དུ་ཁྱིམ་གཞི་སྐྱོང་བའི་གནད་དོན་སྐོར་གླེང་ཡོད་པ་དང་།དཔལ་འབྱོར་རིག་པའི་ཞིབ་འཇུགས་བྱ་ཡུལ་ནི་ཁྱིམ་ལས་སམ་བྲན་གཡོག་བདག་པོའི་དཔལ་འབྱོར་གྱི་གནད་དོན་ཡིན་པར་འདོད།ལྟ་ཚུལ་འདི་ཡོ་རོབ་གླིང་དུ་དར་ནས་ལོ་ཉིས་སྟོང་ཙམ་འགོར་བྱུང་།གོང་གསལ་ནི་དཔལ་འབྱོར་ཞེས་པའི་ཐ་སྙད་དང་དཔལ་འབྱོར་རིག་པའི་བྱུང་ཚུལ་མདོར་བསྡུས་ཡིན།

གཅིག གོ་དོན་གྱི་སྐོར།

༡སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར། 非公有制经济

སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་བལྟོས་བཅས་ཀྱིས་བཤད་ན་སྤྱི་ལ་དབང་བའི་དཔལ་འབྱོར་ལ་བརྟེན་ནས་བྱུང་བའི་ཐ་སྙད་ཞིག་ཡིན།དེ་ནི་རང་རྒྱལ་གྱི་ད་ལྟའི་དུས་རིམ་ནང་སྤྱི་ལ་དབང་བའི་དཔལ་འབྱོར་གྱི་རྣམ་པ་ལས་གཞན་དཔལ་འབྱོར་སྒྲིག་གཞིའི་རྣམ་པ་ཡོད་ཚད་ཡིན།དེ་ནི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཙོ་བོར་གཤམ་གྱི་རིགས་འགའ་འདུས་སྟེ།ཁེར་གཉེར་དཔལ་འབྱོར།སྒེར་གཉེར་དཔལ་འབྱོར།མ་དངུལ་ཕྱི་རྒྱལ་ནས་བཞག་པའི་དཔལ་འབྱོར་སོགས་ཡོད།

༢ སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར། 公有制经济

སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་རྒྱལ་དམངས་དཔལ་འབྱོར་དང་།ཐུན་མོང་དཔལ་འབྱོར།མཉམ་བསྲེས་ལམ་ལུགས་ཀྱི་དཔལ་འབྱོར་ཁྲོད་ཀྱི་རྒྱལ་ཁབ་ལ་དབང་བའི་ཁག་དང་།ཐུན་མོང་ལ་དབང་བའི་ཁག་དེར་ཟེར།སྤྱི་ལ་དབང་བའི་ལམ་ལུགས་ཀྱི་གོ་གནས་གཙོ་བོ་གཤམ་གསལ་འགའ་ལས་མངོན་ཡོད།སྤྱི་ལ་དབང་བའི་རྒྱུ་ནོར་དེས་སྤྱི་ཚོགས་སྤྱིའི་རྒྱུ་ནོར་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད།རྒྱལ་དབང་དཔལ་འབྱོར་གྱིས་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་ལྟ་བུ་ཚོད་འཛིན་བྱས་ཡོད།དེ་བས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་གཙོ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དངོས་ཡོད་རྣམ་པ་ནི་སྤྱི་ལ་དབང་བའི་དཔལ་འབྱོར་དེ་ཕྲ་མཐོང་ཁྱབ་ཁོངས་ཁྲོད་ཀྱི་བྱེ་བྲག་གི་མཚོན་ཐབས་ཞིག་ཡིན།དོན་དངོས་ཐོག་རྒྱུ་ནོར་ཚོང་གཉེར་གྱི་རྣམ་པ་ཞིག་དང་རྩ་འཛུགས་ཀྱི་རྣམ་པ་ཞིག་ཡིན།

༣སྤྱི་ལ་མི་དབང་བའི་ལམ་ལུགས་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོ།

སྤྱི་ལ་མི་དབང་བའི་ལམ་ལུགས་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོ་ནི་ཁེར་གཉེར་དཔལ་འབྱོར་དང་སྒེར་གཉེར་དཔལ་འབྱོར།མ་དངུལ་ཕྱི་རྒྱལ་ནས་བཞག་པའི་དཔལ་འབྱོར་སོགས་འདུས།

ཁེར་གཉེར་དཔལ་འབྱོར (个体经济) ནི་ཐོན་སྐྱེད་རྒྱུ་ཆས་དེ་ངལ་རྩོལ་མཁན་རང་ཉིད་དང་ཡང་ན་ཁྱིམ་ཚང་ལ་དབང་བ་ཞིག་ཡིན།ཁེར་རྐྱང་གིས་ངལ་རྩོལ་དང་ཚོང་གཉེར་པའི་ལམ་ལུགས་ཀྱི་རྣམ་པ་ཞིག་རེད།དེ་ནི་ངལ་རྩོལ་མཁན་རང་ཉིད་ཀྱི་ངལ་རྩོལ་རྨང་གཞི་ཡིན་ལ་ངལ་རྩོལ་གྱི་གྲུབ་འབྲས་ཐད་ཀར་ངལ་རྩོལ་མཁན་རང་ཉིད་ལ་ཐོབ་པ་དང་།རང་ཉིད་ཀྱིས་བེད་སྤྱད་ཆོག་པ་ཞིག་ཡིན།ཡང་གཅིག་བཤད་ན་ཁེར་གཉེར་དཔལ་འབྱོར་ནིཐོན་སྐྱེད་རྒྱུ་ཆས་དེ་མི་རང་ཉིད་ལ་དབང་བ་དང་མི་རང་ཉིད་ཀྱི་ངལ་རྩོལ་རྨང་གཞི་བྱེད་པའི་དཔལ་འབྱོར་ལ་ཟེར།

 

རྣམ་པ།

ཞིང་སྡེ་ཁྱིམ་ཚང་གི་ཞོར་ལས་དང་ཁེར་རྐྱང་གིས་གཉེར་བའི་ཆེད་ལས་དུད་ཁྱིམ།གྲོང་གསེབ་ཁྱིམ་ཚང་གི་ལས་ཤེས་བཟོ་ལས།ཚོང་ཆུང་ཆུང་གཉེར་མཁན།

ཁྱད་ཆོས།

ཚོང་གཉེར་ཐར་ཐོར།རྣམ་པ་གང་འཚམ།ཞབས་འདེགས་རྒྱ་ཆེ།

ཕན་ནུས།

ཁ་གསབ་ཀྱི་ཚུལ།

ཁྱབ་ཚུལ།

ཐོན་ལས་གསུམ་པ།

དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནང་ཆེས་གལ་ཆེ་བའི་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཞིག་རེད། འབྲེལ་ཡོད་སྡོམ་རྩིས་ལྟར་ན་སྤྱི་ལོ1978ལོར་དུད་ཁྱིམ་ཁྲི14ནས་འཕེལ་ཏེ་སྤྱི་ལོ1986ལོར་དུད་ཁྱིམ་ཁྲི1211ཡོད།ལས་སྒྲུབ་མི་སྣ་ཁྲི1846ཡོད།མ་རྩ་ཐོ་འགོད་བྱེད་པ་སྒོར་དུང་ཕྱུར180ཡོད།སྤྱི་ལོ2003ལོའི་ལོ་མཇུག་ཏུ་སྡོམ་རྩིས་བྱས་པ་ལྟར་ན།རྒྱལ་ཡོངས་ན་ཁེར་གཉེར་བཟོ་ཚོང་དུད་ཁྱིམ་ཁྲི2300ཡོད་པ་དང་།ལས་སྒྲུབ་མི་སྣ་ཁྲི4600 ལས་བརྒལ་ཡོད།སྤྱི་ལོ2011ལོར་དུད་ཁྱིམ་ཁྲི3756དང་ལས་སྒྲུབ་མི་སྣ་ཁྲི7945.28ཡོད། མ་རྩ་ཐོ་འགོད་བྱེད་པ་སྒོར་དུང་ཕྱིར་ཁྲི་1.62ཡོད།

སྒེར་གཉེར་དཔལ་འབྱོར(私营经济)ནི་ཐོན་སྐྱེད་རྒྱུ་ཆས་སྒེར་ལ་དབང་བ་དང་ངལ་རྩོལ་པ་གླས་པ་རྨང་གཞི་དང་།ཁེ་སྤོགས་ཐོབ་རྒྱུར་དམིགས་ཡུལ་གཙོ་བོར་བཟུང་བའི་ལམ་ལུགས་ཀྱི་རྣམ་པ་ཞིག་ཡིན།ཡང་གཅིག་བཤད་ན་སྒེར་གཉེར་དཔལ་འབྱོར་ནི་གླས་པའི་ངལ་རྩོལ་འབྲེལ་བ་ལྡན་པའི་སྒེར་དབང་ལམ་ལུགས་ཀྱི་དཔལ་འབྱོར་ལ་ཟེར།

དེ་ཡང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནང་ཆེས་གལ་ཆེ་བའི་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཞིག་རེད།ཡང་གཅིག་བཤད་ན་ སྒེར་གཉེར་དཔལ་འབྱོར་ནི་གླས་པའི་ངལ་རྩོལ་འབྲེལ་བ་ལྡན་པའི་སྒེར་དབང་ལམ་ལུགས་ཀྱི་དཔལ་འབྱོར་ལ་ཟེར།

དཔེར་ན།2003ལོའི་ལོ་མཇུག་ཏུ་སྡོམ་རྩིས་བྱས་པ་ལྟར་ན།རང་རྒྱལ་གྱི་སྒེར་གཉེར་དཔལ་འབྱོར་གཉེར་བའི་དུད་ཁྱིམ་ཁྲི300ལས་བརྒལ་པ་དང་།ལོ་སྔོན་མ(2002ལོ)དང་སྡུར་ན་དུད་ཁྱིམ་ཁྲི57གྱི་ཇེ་མང་དུ་སོང་ཡོད།སྒེར་གཉེར་དཔལ་འབྱོར་ལས་སྒྲུབ་མི་སྣ་ཁྲི772དང་།ལོ་སྔོན་མ(2002ལོ)དང་བསྡུར་ན་ལས་སྒྲུབ་མི་སྣ་ཁྲི150ཡི་ཇེ་མང་ལ་སོང་ཡོད།མ་རྩ་ཐོ་འགོད་བྱེད་པ་སྒོར་དུང་ཕྱུར3.5དང་།ལོ་སྔོན་མ་(2002ལོ)དང་བསྡུར་ན་མ་རྩ་ཐོ་འགོད་བྱེད་པ་སྒོར་དུང་ཕྱུར1འཕར་ཡོད།

ཁེར་གཉེར་དཔལ་འབྱོར་དང་སྒེར་གཉེར་དཔལ་འབྱོར་བར་གྱི་ཁྱད་པར་དང་འབྲེལ་བ།

 

ཁེར་གཉེར་དཔལ་འབྱོར།

སྒེར་གཉེར་དཔལ་འབྱོར།

 

ཁྱད་པར།

རྒྱུ་ནོར་བདག་དབང་སུ་ལ་གཏོགས་པ།

 

རང་ཉིད

 

མི་སྒེར།

ངལ་རྩོལ་འབྲེལ་བ།

ཁེར་གཉེར་ངལ་རྩོལ།

ངལ་རྩོལ་པ་གླས་པ།

གཞི་ཁྱོན།

ཆུང་།

ཅུང་ཙམ་ཆེ།

 

                 འབྲེལ་བ།

༡སྒེར་དབང་ལམ་ལུགས་ཀྱི་དཔལ་འབྱོར་ཡིན།

ད་ལྟའི་དུས་རིམ་གྱི་སྒེར་དབང་ལམ་ལུགས་དཔལ་འབྱོར་ནི་ཁེར་གཉེར་དཔལ་འབྱོར་དང་སྒེར་གཉེར་དཔལ་འབྱོར་གྱི་རྨང་གཞིའི་སྟེང་བྱུང་བ་ཡིན།

 

མ་དངུལ་ཕྱི་རྒྱལ་ནས་བཞག་པའི་དཔལ་འབྱོར(外资经济)ནི་རང་རྒྱལ་གྱི་འཕེལ་རྒྱས་ཆེད་དུ་ཕྱི་རྒྱལ་ལ་དཔལ་འབྱོར་གྱི་འབྲེལ་བ་བཙུགས་པ་དང་།ཕྱི་རྒྱལ་གྱི་མ་དངུལ་བསྡུས་ནས་བཙུགས་པའི་དཔལ་འབྱོར་ལམ་ལུགས་ཀྱི་རྣམ་པ་ཞིག་ཡིན།དེར་ནང་གསེས་སུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་མ་དངུལ་མཉམ་བཞག་གིས་གཉེར་བའི་ཁེ་ལས་དང་།ཀྲུང་གོ་དང་ཕྱི་རྒྱལ་མཉམ་ལས་ཀྱིས་གཉེར་བའི་ཁེ་ལས་ཁྲོད་ཀྱི་ཕྱི་རྒྱལ་གྱི་བཞག་པའི་མ་དངུལ་གྱི་ཁག་དེ་དང་།ཕྱི་རྒྱལ་ཚོང་པས་མ་རྩ་ཁེར་འཇོག་གི་ཁེ་ལས་སོགས་ཡོད།དེ་ཡང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནང་ཆེས་གལ་ཆེ་བའི་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཞིག་རེད།མ་རྩ་ཕྱི་རྒྱལ་ནས་བཞག་པའི་དཔལ་འབྱོར་གྱི་དངོས་དཔེ།

ཧྲང་ཧེ་ཏ་ཀྲོན་རླངས་འཁོར་ཚད་ཡོད་ཀུང་ཟི་ལྟ་བུར་མཚོན་ན།འཇར་མན་དང་ཀྲུང་གོ་གཉིས་མཉམ་འབྲེལ་གྱི་རླངས་འཁོར་ཆུང་བ་ཐོན་སྐྱེད་བྱེད་པའི་ཁེ་ལས་ཞིག་ཡིན།ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ཀས་མ་རྩ་བཞག་པའི་སྡུར་ཚད་ནི་སོ་སོ50%ཡིན།གན་རྒྱའི་དུས་ཡིན2030ལོར་བར་ཡིན།ཐེངས་དྲུག་ལ་མ་དངུལ་འཕར་སྣོན་བྱས་ནས་ད་སྐབས་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར78ལ་སླེབས་ཡོད།ད་སྔ་ལས་བཟོ་བ་ཁྲི་གཅིག་སྟོང་ལྔ་ལྷག(15000)ཡོད།

སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྒེར་དབང་ལམ་ལུགས་ཀྱི་དཔལ་འབྱོར་བར་གྱི་ཁྱད་པར།非公有制经济与私有制经济区别

སྒེར་དབང་ལམ་ལུགས་ཀྱི་དཔལ་འབྱོར་ནི(私有制经济)རྒྱལ་ཁབ་ཅིག་གིས་གཙོ་ཁྲིད་ཀྱི་གོ་གནས་འཛིན་པའི་དཔལ་འབྱོར་ལས་དཔལ་འབྱོར་ལམ་ལུགས་ཆགས་པ་ཞིག་ལ་ཟེར།སྤྱིར་བཏང་དུ་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཕུད་གཞན་པའི་དཔལ་འབྱོར་ལམ་ལུགས་ཀྱི་རྣམ་པ་ཡོད་ཚད་ཡིན།

བཅོས་སྒྱུར་སྒོ་འབྱེད་བྱེད་པ་ནས་བཟུང་རང་རྒྱལ་གྱི་དཔལ་འབྱོར་སྒྲིག་གཞི་དེ།སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཙོ་བོ་དང་།སྣ་མང་ལམ་ལུགས་ཅན་གྱི་དཔལ་འབྱོར་སོགས་ཐུན་མོང་ངང་འཕེལ་རྒྱས་འགྲོ་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཞིག་ཆགས་ཡོད།སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་རང་རྒྱལ་སྤྱི་ཚོགས་རིང་ལུག་ཚོང་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད།སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་ཁྲོད་མེད་དུ་མི་རུང་བའི་སྟོབས་ཤུགས་ཅིག་ཀྱང་ཡིན།

གཉིས།སྤྱི་ལ་མི་དབང་བའི་ལམ་ལུགས་དཔལ་འབྱོར་གྱི་འཕེལ་རྒྱས་ལོ་རྒྱུས།

ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གིས་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་སྤྱི་ཚོགས་རིང་ལུགས་ཁྲོད་གནས་པ་དང་།འཕེལ་རྒྱས།དེ་མིན་དེའི་གོ་གནས།ཕན་ནུས་ཀྱི་ངོས་འཛིན་དང་འབྲེལ་ཡོད་ཀྱི་བྱེད་ཕྱོགས་སྲིད་ཇུས་སོགས་ཀྱག་ཀྱོག་མང་ཞིང་འགྱུར་ལྡོག་ཆེ་བ་དང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཞིག་བརྒྱུད་པ་རེད།ཀྲུང་གོའི་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཡང་ཀྱག་ཀྱོག་གི་འཕེལ་རྒྱས་ལམ་ཕྲེང་ཞིག་བརྒྱུད་པ་རེད།

སྤྱི་ལོ1949ལོའི་ཟླ9པའི29ཉིན།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན་ཁྱབ་བསྒྲགས》བྱེད་པའི་ནང་དོན་ཐག་གཅོད་ལྟར།ཀྲུང་གོའི་རྒྱལ་གཉེར་དཔལ་འབྱོར་དང་མཉམ་ལས་ཁང་གི་དཔལ་འབྱོར།ཞིང་བ་དང་ལག་ཤེས་པའི་ཁེར་གཉེར་དཔལ་འབྱོར།མི་སྒེར་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར།རྒྱལ་ཁབ་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་སོགས་ལ་སྤྱི་དང་སྒེར་གྱི་ལྟ་རྟོགལས་ཀ་དང་མ་རྩ་གཉིས་ཀར་ཁེ་སྤོགས་ཐོབ་པ།གྲོང་རྡལ་དང་སྡེ་བའི་བར་ཕན་ཚུན་རོགས་རམ།ཕྱི་ནང་ཉམས་མྱོང་བརྗེ་རེས་ཀྱི་སྲིད་ཇུས།ཐོན་སྐྱེད་འཕེལ་རྒྱས་གཏོང་བ།དཔལ་འབྱོར་དར་རྒྱས་འགྲོ་བ་དམིགས་ཡུལ།བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱས་ནས།རྒྱལ་གཉེར་དཔལ་འབྱོར་ཀྱི་སྣེ་ཁྲིད་འོག་དཔལ་འབྱོར་སྣ་མང་ལམ་ལུགས་མཉམ་གནས་དང་།ལག་ལེན་དུ་བསྟར་ནས་དཔལ་འབྱོར་ཁག་སོ་སོའི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱས་ཏེ།ཀྲུང་གོའི་རྒྱལ་དམངས་དཔལ་འབྱོར་དེ་ཆེས་དཀའ་ཁག་གི་གནས་ཚུལ་འོག་ནས་སླར་གསོ་དང་འཕེལ་རྒྱས་བྱུང་།

1959ལོར་མ་རྩ་རིང་ལུགས་བཟོ་ཚོང་ཁེ་ལས་དེ་སྤྱི་ཚོགས་རིང་ལུགས་བཅོས་བསྒྱུར་མཇུག་རྫོགས་པས་ཀྲུང་གོའི་ཁེར་གཉེར་དཔལ་འབྱོར་རྩ་བའི་ཆ་ནས་མེད་པར་བཟོས།རེ་འགའ་ཡོད་པ་ནི་ཁེར་གཉེར་དཔལ་འབྱོར་ཡིན།མི་གྲངས་དང་ཁྱབ་རྒྱ་ཆུང་བས་རྒྱལ་དམངས་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པ་ཤིན་ཏུ་ཆུང་།དེ་རྗེས་ཀྱི་ལོ20ནང"སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་མ་རྩ་རིང་ལུགས་འབྱུང་སའི་གཤིན་ས་ཡིན〞ཞེས་རྩ་བ་ནས་ཕྱིར་ཕུད་བྱས།

1978ལོའི་ཟླ12པར་སྐབས་བཅུ་གཅིག་པའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས།སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཡང་བསྐྱར་སླར་གསོ་དང་འཕེལ་རྒྱས་ཀྱི་འགོ་བརྩམས།

1980ལོའི་ཟླ8པར《ཀྲུང་གོ་ཀྲུང་དབྱང་གིས་གོམ་གང་མདུན་སྤོས་སྒོས་གྲོང་རྡལ་ངལ་རྩོལ་ལས་ཞུགས་བྱ་བའི་ཡིག་ཆ》འགྲེམས་སྤེལ་ལས་བསྟན་དོན།ཁེར་གཉེར་དཔལ་འབྱོར་ནི་བཅའ་ཁྲིམས་ཀྱི་ཆོག་མཆན་ཡོད་པའི་ཁྱབ་ཁོངས་ནང་མི་གཞན་གྱི་ཁེར་གཉེར་ངལ་རྩོལ་ལ་བཤུལ་གཞོག་མ་བྱེད་ན་བསྒྲུབ་ཆོག་པ་དང་།ཁེར་གཉེར་དཔལ་འབྱོར་འདི་རིགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ཁྲོད་མེད་དུ་མི་རུང་བའི་ཁ་གསབ་ཞིག་ཡིན།རྗེས་ཕྱོགས་ཧ་ཅང་རིང་བའི་ལོ་རྒྱུས་ཀྱི་དུས་ཡུན་ནང་དུ་དགེ་མཚན་ལྡན་པའི་ཕན་ནུས་གང་ལེགས་འདོན་སྤེལ་བྱེད།

1982ལོའི་ཟླ6པར་ཀྲུང་གོ་ཀྲུང་དབྱང《རྒྱལ་ཁབ་བཙུགས་པའི་ཚུན་ཆད་ཏང་གི་ལོ་རྒྱུས་གནད་དོན་རབ་དང་རིམ་པའི་འབྲེལ་ཡོད་གྲོས་ཆོད》ཁྲོད་གསལ་བོར་བསྟན་དོན།རྒྱལ་གཉེར་དང་ཐུན་མོང་དཔལ་འབྱོར་ནི་ཀྲུང་གོའི་གཞི་རྩའི་་དཔལ་འབྱོར་གྱི་རྣམ་པ་ཞིག་ཡིན་ལ།ཁྱབ་ཁོངས་ངེས་ཅན་གྱི་ངལ་རྩོལ་པའི་ཁེར་གཉེར་དཔལ་འབྱོར་ནི་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་དགོས་ངེས་ཀྱི་ཁ་གསབ་བྱེད་པ་ཡིན།

1982ལོའི་ཟླ12པར།ཀྲུང་གོ་དམངས་ཆེན་སྐབས་ལྔ་པའི་ཚོགས་ཆེན་ཐེངས་ལྔ་པར་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་དོན་ཚན་བཅུ་གཅིག་པའི་གཏན་ཁེལ་ལྟར།བཅའ་ཁྲིམས་ཀྱི་གཏན་ཁེལ་ཁྱབ་ཁོངས་ཁྲོད།གྲོང་རྡལ་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ཁེར་གཉེར་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་ཁ་གསབ་བྱེད་པ་ཡིན།ཁེར་གཉེར་དཔལ་འབྱོར་དེ་ཀྲུང་གོར་མགྱོགས་མྱུར་ངང་འཕེལ་རྒྱས་སོང་ཡོད།

1984ལོར《ཀྲུང་གོ་ཀྲུང་དབྱང་གི་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་གྱི་འབྲེལ་ཡོད་ཐག་གཅོད》ཁྲོད་ཐེངས་དང་པོར་ཏང་གིས་དུས་སྐབས་གསར་བའི་ནང་ཁེར་གཉེར་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་རྩ་བའི་ལམ་ཕྱོགས་དེ་ཕྱོགས་ཡོངས་ནས་གསལ་བཤད་བྱེད་ཡོད་པ་དང་།དཔལ་འབྱོར་གྱི་རྣམ་པ་སྣ་མང་ཅན་དང་ཚོང་གཉེར་གྱི་རྣམ་པ་སྣ་མང་ཅན་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་གིས་འཕེལ་རྒྱས་འགྲོ་བ་ནི་ང་ཚོའི་ཡུན་རིང་གི་ཁ་ཕྱོགས་དང་།སྤྱི་ཚོགས་རིང་ལུགས་མདུན་སྐྱོད་ཀྱི་དགོས་མཁོ་ཡིན་ཞེས་གསལ་བོར་བསྟན་ཡོད།

1987ལོའི་ཟླ11པར།ཀྲུང་གུང་ཏང་གི་ཚོགས་ཆེན་བཅུ་གསུམ་པར།ཁེར་གཉེར་དཔལ་འབྱོར་དང་སྒེར་གཉེར་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་ཡོད།

1988ལོའི་ཟླ4པར།སྐབས་བདུན་པའི་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་ཐོག་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་།སྒེར་གཉེར་དཔལ་འབྱོར་གྱི་བཅའ་ཁྲིམས་གོ་གནས་དང་དཔལ་འབྱོར་གོ་གནས་གཏན་ཁེལ་བྱས།རྩ་ཁྲིམས་དོན་ཚན་བཅུ་གཅིག་པར།རྒྱལ་ཁབ་ཀྱིས་སྒེར་གཉེར་དཔལ་འབྱོར་དེ་བཅའ་ཁྲིམས་གཏན་ཁེལ་གྱི་ཁྱབ་ཁོངས་ཁྲོད་གནས་པ་དང་འཕེལ་རྒྱས་གཏོང་བར་ཆོག་མཆན་ཐོབ།སྒེར་གཉེར་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་དཔལ་འབྱོར་གྱི་ཁ་གསབ་ཡིན།རྒྱལ་ཁབ་ཀྱིས་སྒེར་གཉེར་དཔལ་འབྱོར་གྱི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་ལ་རྒྱབ་སྐྱོར་བྱེད་པ་མ་ཟད།སྒེར་གཉེར་དཔལ་འབྱོར་ལ་སྣེ་ཁྲིད་དང་ལྟ་ཞིབ།དོ་དམ་བྱས་པའི་དོན་ཚན་འདི་ཁ་སྣོན་བྱས།

1992ལོའི་ཟླ12པར།ཀྲུང་གུང་ཚོགས་ཆེན་བཅུ་བཞི་པར་གསལ་བོ་བསྟན་དོན།ཀྲུང་གོའི་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་བྱེད་པའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་སྒྲིག་གཞི་འཛུགས་སྐྲུན་དང་།སྤྱི་དབང་དཔལ་འབྱོར་ལ་དམངས་ཡོངས་བདག་དབང་ལམ་ལུགས་དང་ཐུན་མོང་ལམ་ལུགས་གཙོ་བོ།ཁེར་གཉེར་དཔལ་འབྱོར།སྒེར་གཉེར་དཔལ་འབྱོར།མ་རྩ་ཕྱི་རྒྱལ་ནས་བཞག་པའི་དཔལ་འབྱོར་དེ་ཁ་གསབ།སྣ་མང་དཔལ་འབྱོར་སོགས་འདུས་ལ་དེ་དག་ཡུན་རིང་ཐུན་མོང་ངང་འཕེལ་རྒྱས་འགྲོ་དགོས་ཞེས་བཏོན་འདུག

1997ལོའི་ཟླ9པར།ཀྲུང་གུང་ཚོགས་ཆེན་བཅོ་ལྔ་པར་བསྟན་དོན།སྤྱི་དབང་དཔལ་འབྱོར་དེ་གཙོ་བོ་དང་།སྣ་མང་ལམ་ལུགས་ཀྱི་དཔལ་འབྱོར་ཐུན་མོང་ངང་འཕེལ་རྒྱས་འགྲོ་བ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཞིག་ཡིན།སྤྱི་དབང་མ་ཡིན་པའི་དཔལ་འབྱོར་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཡིན་པ་གཏན་ལ་ཕབ།ཁེར་གཉེར་དང་སྒེར་གཉེར་སོགས་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་ལ་མུ་མཐུད་དུ་སྐུལ་འདེད་དང་སྣེ་ཁྲིད་བྱས་ནས་བདེ་ཐང་ངང་འཕེལ་རྒྱས་གཏོང་དགོས།

1999ལོའི་ཟླ3པར།ཀྲུང་གོ་དམངས་ཆེན་སྐབས་དགུ་པའི་གྲོས་ཚོགས་ཐེངས་གཉིས་པར་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐན་རྒྱལ་ཁབ་རྩ་ཁྲིམས་བཟོ་བཅོས་འཆར་ཟིན》ནང་།བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་ཁྱབ་ཁོངས་ཁྲོད་ཁེར་གཉེར་དཔལ་འབྱོར་དང་།སྒེར་གཉེར་དཔལ་འབྱོར་སོགས་སྤྱི་ལ་མི་དབང་བའི་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཡིན་ཞེས་གསལ་བོ་བསྟན་ཡོད།འདི་ནི་རྒྱལ་ཁབ་རྩ་ཁྲིམས་ཀྱིས་སྤྱི་ལ་མི་དབང་བའི་དཔལ་འབྱོར་དེ་ལོ་ངོ20རིང་ལ་གནས་པ།འཕེལ་རྒྱས་དང་དེའི་བྱས་རྗེས་སོགས་ལ་གདེང་འཇོག་ཆེན་པོ་བྱས་ཡོད།

2005ལོར།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཁེར་གཉེར་དང་སྒེར་གཉེར་དཔལ་འབྱོར་སོགས་སྤྱི་ལ་མི་དབང་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་སྣེ་ཁྲིད་ཀྱི་བསམ་འཆར་རབ་དང་རིམ་པ》ཞེས་པའི་ཡིག་ཆ་དངོས་སུ་སྤེལ།འདི་ནི་ཕྱོགས་ཡོངས་ནས་སྤྱི་ལ་མི་དབང་བའི་དཔལ་འབྱོར་ལ་སྐུལ་འདེད་བྱེད་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཡིན།དེས་སྤྱི་ལ་མི་དབང་བའི་དཔལ་འབྱོར་དེ་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་བརྒལ་པར་སྐུལ་འདེད་དང་།གང་མགྱོགས་གང་ལེགས་ཀྱིས་འཕེལ་རྒྱས་འགྲོ་བར་མངོན་འགྱུར་ཐད་ལ་དངོས་ཡོད་ཀྱི་དོན་སྙིང་དང་ཡུན་རིང་གི་ལོ་རྒྱུས་ཤུགས་རྐྱེན་གལ་ཆེན་ལྡན།

འབྲེལ་ཡོད་སྡོམ་རྩིས་ལྟར་ན།2006ལོར་རང་རྒྱལ་དུ་སྒེར་གཉེར་ཁེ་ལས་དངོས་ཡོད་དུད་ཁྱིམ་ཁྲི498.1ཡོད།ལོ་སྔོན་མ་དང་སྡུར་ན་དུད་ཁྱིམ་ཁྲི68ཇེ་མང་ལ་སོང་ཡོད་པ་དང་།འཕར་ཚད་15.8%ཡིན།སྒེར་གཉེར་ཁེ་ལས་ཀྱི་མ་རྩ་ཐོ་འགོད་བྱེད་པ་སྒོར་དུང་ཕྱུར76028.5ཡིན་ལ།ལོ་སྔོན་མ་དང་བསྡུར་ན་སྒོར་དུང་ཕྱུར14697.4ཡིས་ཇེ་མང་དུ་སོང་ཡོད།མ་རྩ་སྒོར་ཁྲི100ལས་བརྒལ་བའི་སྒེར་གཉེར་ཁེ་ལས་དུད་ཁྱིམ་ཁྲི118.6ཡོད།ལོ་སྔོན་མ་དང་བསྡུར་ན་དུད་ཁྱིམ་ཁྲི27ཡིས་ཇེ་མང་སོང་ཡོད།

2007ལོའི་ཟླ10པར།ཀྲུང་གོ་གུང་ཁྲན་ཏང་གི་ཐེངས་བཅུ་བདུན་པའི་ཀྲུང་གོ་འཐུས་མི་ཚོགས་ཆེན་ཚོགས།ཏང་གི་འཐུས་ཚབ་མི་སྣ་2217ཁྲོད陈锋ཁྲིན་ཧྥིན།潘刚ཧྥན་ཀང་སོགས་འཐུས་ཚབ་མི་སྣ18ནི་སྤྱི་ལ་མི་དབང་བའི་ལམ་ལུགས་དཔལ་འབྱོར་གྱི་འཐུས་ཚབ་མི་སྣ་ཡིན་པས་མི་རྣམས་ཀྱིས་གཞན་ལས་ལྷག་པའི་ལྟ་འདོད་ཆེ།

2008ལོའི་ཟླ3པའི་ཚེས3ཉིན།སྐབས་བཅུ་གཅིག་པའི་ཀྲུང་གོའི་སྲིད་གྲོས་གྲོས་ཚོགས་ཚོགས།མི་དམངས་ཚོགས་ཁང་ཆེན་མོ་ནང་སྐབས་གསར་བའི་སྲིད་གྲོས་འཐུས་མི2200ཁྲོད་དུ་འཐུས་མི160ནི་སྤྱི་ལ་མི་དབང་བའི་ལམ་ལུགས་དཔལ་འབྱོར་གྱི་འཐུས་ཚབ་མི་སྣ་ཡིན།འདིས་སྒེར་གཉེར་ཁེ་ལས་ཀྱི་སྤྱི་ཚོགས་གོ་གནས་དང་ཆབ་སྲིད་གོ་གནས་མུ་མཐུད་དུ་འཕར་བ་གསལ་བོ་མཚོན་ཡོད།

(གོང་གསལ་ནས་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་འབྲེལ་ཡོད་གོ་དོན་བཤད་ཟིན་པ་དང་འདས་པའི་ལོ་རྒྱུས་ནང་ཏང་དང་རྒྱལ་ཁབ་ཀྱིས་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཐད་ཀྱི་སྲིད་ཇུས་གལ་ཆེན་དང་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་ཚང་མས་མཉམ་དུ་སློབ་སྦྱོང་བྱེད་པ་ཡིན།)

སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཏན་ཁེལ་བྱེད་པ།

1997ལོར་ཀྲུང་གུང་ཚོགས་ཆེན་བཅོ་ལྔ་པར།སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཡིན་ཞེས་ཐེངས་དང་པོར་བཏོན།ཆོད་གཏམ་འདིས་རང་རྒྱལ་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་སྡོམ་བྱས་ཡོད་པ་དང་།ལྷག་པར་དུ་སྤྱི་ལ་དབང་བའི་ལམ་ལུགས་དཔལ་འབྱོར་གཙོ་བོ་དང་།དཔལ་འབྱོར་ལམ་ལུགས་སྣ་མང་ཅན་དང་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་ལོ་རྒྱུས་ཉམས་མྱོང་ཐོབ་པའི་བསྡོམས་ཚིག་གསར་བ་འདིས་ཏུན་ཞའོ་ཕེན་གྱི་རིག་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད།

1999ལོར་སྐབས་དགུ་པའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་།དེའི་ཁྲོད་གསལ་བོར་བསྟན་དོན།སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་།སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ཐད་ལ་སྐུལ་འདེད་ཆེན་པོ་ཐོབ་ཡོད།

རྒྱལ་ཁབ་ཀྱི་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲིད་ཇུས།

སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་ཁྲིམས་མཐུན་ཁེ་དབང་དང་།ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་།སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་།རྒྱབ་སྐྱོར།སྣེ་ཁྲིད་བཅས་བྱེད་ནས་ཁྲིམས་ལྟར་ལྟ་སྐྱོང་དང་དོ་དམ་བྱེད་རྒྱུ་ཡིན།

སྤྱི་ལ་མི་དབང་བའི་དཔལ་འབྱོར་གྱི་གོ་གནས།

སྤྱི་ལ་མི་དབང་བའི་དཔལ་འབྱོར་གྱི་གོ་གནས་ཀྱི་ངོས་འཛིན་ནི་ལག་ལེན་དངོས་ཁྲོད་མུ་མཐུད་དུ་ཟབ་རྟོགས་བྱུང་བ་ཞིག་ཡིན།བཅོས་བསྒྱུར་སྒོ་འབྱེད་གཞུག་གི་དུས་སྐབས་ཅིག་གི་ནང་དུ།ང་ཚོས་སྤྱི་ལ་མི་དབང་བའི་དཔལ་འབྱོར་དེ་དཔལ་འབྱོར་གྱི་ཁ་གསབ་ཅིག་ལ་བལྟས་པ་ཡིན།ད་ལྟ་ང་ཚོས་ཁེར་གཉེར།སྒེར་གཉེར་སོགས་རྣམ་པ་མི་འདྲ་བའི་སྤྱི་ལ་མི་དབང་བའི་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་ཤེས་ཟིན་པ་དང་།རྒྱལ་དབང་དཔལ་འབྱོར་སྙོམས་བསྒྲིག་བྱེད་པ་དང་།རྒྱལ་དབང་རྒྱུ་ནོར་དོ་དམ་སྒྲིག་གཞི་བཅོས་བསྒྱུར་བྱེད་པ།རྒྱལ་དབང་ཁེ་ལས་བཅོས་བསྒྱུར་གཏིང་ཟབ་བྱེད་པ།ནོར་སྲིད་སྒྲིག་གཞི་དེ་སྤྱི་སྤྱོད་ནོར་སྲིད་མ་ལག་ཐད་ལ་བཅོས་བསྒྱུར་བྱེད་པ།ཕྱི་ཕྱོགས་ལ་སྒོ་འབྱེད་པའི་རྒྱ་ཇེ་ཆེར་བཏང་བ་དང་།སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་ཀྱི་སྒྲིག་གཞི་མུ་མཐུད་དུ་འཐུས་ཚང་བཏང་བ་དང་བསྟུན་ནས་སྤྱི་ལ་མི་དབང་བའི་དཔལ་འབྱོར་ཀྱི་གོ་གནས་ང་ཚོས་ལྷག་པར་དུ་གསལ་བོ་རྟོགས་ཡོད།དེ་ནི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་ཁྲོད་སྤྱི་ལ་དབང་བའི་དཔལ་འབྱོར་དང་འདྲ་མཉམ་གྱི་འགྲན་རྩོད་དུ་གྱུར།ཕན་ཚུན་མཉམ་འདྲེས་ཀྱི་གྲུབ་ཆ་ཅིག་ཏུ་གྱུར་པ་མ་ཟད་རྗེས་ཕྱོགས་ཀྱི་དུས་ཡུན་རིང་བའི་ནང་དམིགས་བསལ་གྱི་བྱེད་ནུས་འདོན་སྤེལ་བྱེད་ངེས།

སྤྱི་ལ་མི་དབང་བའི་དཔལ་འབྱོར་གྱི་འཕེལ་རྒྱས་རྒྱུ་རྐྱེན།

ཅི་ཕྱིར་སྤྱི་ལ་མི་དབང་བའི་དཔལ་འབྱོར་དེ་ཤུགས་ཆེན་པོའི་འཕེལ་རྒྱས་གཏོང་དགོས་སམ།

བཅོས་བསྒྱུར་སྒོ་འབྱེད་བྱེད་པ་ནས་བཟུང་།ཀྲུང་གོའི་རྒྱལ་དབང་དཔལ་འབྱོར་དེ་མུ་མཐུད་དུ་འཕེལ་རྒྱས་ལ་འགྲོ་བའི་ཁ་ཕྱོགས་ཡིན།རྒྱལ་དབང་ཁེ་ལས་དེ་རྒྱལ་དམངས་དཔལ་འབྱོར་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད།དེའི་ཁྲོད་གློག་འཕྲིན།དམངས་སྤྱོད་མཁའ་འགྲུལ།ལྕགས་ལམ་སོགས་བསྡོམས་འབོར་གྱིས་སྤྱི་ཚོགས་ཡོངས་ཀྱི་ལས་རིགས་གཅིག་པའི་སྡུར་ཚད་ཀྱི་བརྒྱ་ཆའི་བརྒྱ་ཟིན།གློག་ཤུགས་དང་རྡོ་སོལ།རྡོ་སྣུམ།ལྕགས་བཞུ་ལས་རིགས།རྫས་འགྱུར་བཟོ་ལས་སོགས་ལས་རིགས་ཀྱི་མ་རྩ་སོ་སོས་སྤྱི་ཚོགས་ཡོངས་ཀྱི་ལས་རིགས་གཅིག་པའི་སྡུར་ཚད་ཀྱི་བརྒྱ་ཆའི་བདུན་བཅུ་ཡན་ཟིན།རྒྱལ་ཁབ་ཀྱི་ནོར་སྲིད་ཡོང་སྒོའི་བརྒྱ་ཆའི་དྲུག་བཅུ་ནི་རྒྱལ་དབང་ཁེ་ལས་ཡིན།སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནང་དུ་སྤྱི་ལ་མི་དབང་བའི་དཔལ་འབྱོར་གནས་པ་དང་འཕེལ་རྒྱས་ལ་ཕྱི་རོལ་ཡུལ་གྱི་འབྱུང་ངེས་རང་བཞིན་ལྡན།ཐོན་སྐྱེད་ནུས་ཤུགས་ཀྱིས་ཐོན་སྐྱེད་འབྲེལ་བ་ཐག་གཅོད་བྱེད་ཡོད་ལ།ཐོན་སྐྱེད་འབྲེལ་བ་ངེས་པར་དུ་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་དང་མཐུན་དགོས།འདི་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཡོངས་ཁྱབ་ཆོས་ཉིད་ཡིན།ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཆུ་ཚད་ཐད་ཀྱི་ནས་བཤད་ན།ཀྲུང་གོར་མི་གྲངས་མང་བ་དང་རྨང་གཞི་ཞན་པ།རྒྱལ་དམངས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་ཆ་སྙོམས་གྲངས་འཛམ་གླིང་གི་རྗེས་སུ་ལུས་ཡོད།འབུར་ཐོན་གྱི་སྣང་ཚུལ་ནི་མི་གྲངས་དུང་ཕྱུར༡༣ཡོད་པ་ལས་མི་གྲངས་དུང་ཕྱུར༨ལ་ཉེ་བའི་ཞིག་ཞིང་པ་མང་ཚོགས་ཡིན།ཕལ་ཆེར་ལག་པ་གཉིས་ལ་བརྟེན་ནས་ཁ་གསོ་ཐབས་བྱེད་བཞིན་ཡོད།དཔལ་འབྱོར་ཅུང་འཕེལ་རྒྱས་སོང་ཡོད་པའི་ས་ཆ་དང་དཔལ་འབྱོར་འཕེལ་རྒྱས་སོང་མེད་པའི་ས་ཆ།དབུལ་ཕོངས་ས་ཆ་སོགས་མཉམ་དུ་གནས་ཡོད།འཛམ་གླིང་སྔོན་ཐོན་ཆུ་ཚད་ལྡན་པའི་ཚན་རིག་ལག་རྩལ་ཉུང་ཤོས་དང་ཡོངས་ཁྱབ་ཀྱི་ཚན་རྩལ་ཆུ་ཚད་མི་མཐོ་བའི་སྣང་ཚུལ་ཡང་མཉམ་དུ་གནས།ཀྲུང་གོའི་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ནི་སྔོན་ཐོན་མིན་པ་དང་།རིམ་པ་མང་བ།འདྲ་མཉམ་མིན་པ་སོགས་ཀྱི་ཁྱད་ཆོས་ལྡན།འདིས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་ཁྲོད།སྤྱི་ཚོགས་རིང་ལུགས་དཔལ་འབྱོར་དེ་སྤྱི་དབང་དཔལ་འབྱོར་ཁོ་ན་ཡིན་པས་མི་ཆོག་པ་དང་།ངེས་པར་དུ་སྤྱི་དབང་དཔལ་འབྱོར་དང་།སྒེར་དབང་དཔལ་འབྱོར།སྣ་མང་ལམ་ལུགས་ཀྱི་དཔལ་འབྱོར་ཡོད་དགོས་པ་མཚོན།སྤྱི་ཚོགས་རིང་ལུགས་དཔལ་འབྱོར་འཛུགས་སྐྲུན་གྱི་ལོ་རྒྱུས་ཉམས་མྱོང་ལས་བསྟན་དོན།སྤྱི་དབང་ལམ་ལུགས་དེ་གཙོ་གནད་ཡིན་པ་དང་སྣ་མང་ལམ་ལུགས་ཀྱི་དཔལ་འབྱོར་ཐུན་མོང་ངང་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱེད་ན་ད་གཟོད་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་དེ་དོན་ངོ་མར་རྒྱུན་སྐྱོང་ཐུབ་པ་དང་འཕེལ་རྒྱས་དང་དར་སྤེལ་འགྲོ་ཐུབ།

སྤྱི་ལ་མི་དབང་བའི་དཔལ་འབྱོར་གྱི་ཕན་ནུས་གལ་ཆེན།

༡སྤྱི་ལ་མི་དབང་བའི་དཔལ་འབྱོར་ནི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཚད་ཅིག་རེད།དངོས་པའི་ཐོན་རྫས་འབོར་ཆེན་དང་ངལ་ལས་ཐོན་རྫས་ཐོན་སྐྱེད་བྱས་ནས་མི་དམངས་མང་ཚོགས་ཀྱི་རེ་འདོད་སྐོང་པའི་ཕྱོགས་ལ་ཕན་ནུས་གལ་ཆེན་ཐོན།༢སྤྱི་ལ་མི་དབང་བའི་དཔལ་འབྱོར་གྱིས་སྤྱི་ཚོགས་ཀྱི་མ་རྩ་ཁ་སྣོན་བྱས།ཏང་དང་རྒྱལ་ཁབ་ལ་ཁྲལ་དངུལ་འབོར་ཆེན་སྤྲད།༣སྤྱི་ལ་མི་དབང་བའི་དཔལ་འབྱོར་གྱིས་མི་མང་པོ་ཞིག་གི་ལས་གནས་བཀོད་བསྒྲིག་བྱེད་པས་སྤྱི་ཚོགས་བདེ་འཇགས་ཐད་ལ་བྱས་རྗེས་མི་དམན་པ་བཞག༤སྤྱི་ལ་མི་དབང་བའི་དཔལ་འབྱོར་གྱིས་ཐོན་ལས་སྒྲིག་གཞི་སྙོམས་བསྒྲིག་ལ་སྐུལ་འདེད་བྱས་ཏེ་ཐོན་ལས་གསུམ་པ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་།༥སྤྱི་ལ་མི་དབང་བའི་དཔལ་འབྱོར་གྱིས་སྤྱི་ལ་དབང་བའི་དཔལ་འབྱོར་གྱི་བཅོས་བསྒྱུར་ལ་སྐུད་འདེད་བྱས་ནས་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་སྒྲིག་གཞིའི་འཛུགས་སྐྲུན་ཡང་ཇེ་མགྱོགས་སུ་བཏང་།

 

ཏང་དང་རྒྱལ་ཁབ་ཀྱིས་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་བཏོན་པའི་བསམ་འཆར་གསར་བ་དོན་ཚན༣༦།

བཅོས་བསྒྱུར་སྒོ་འབྱེད་ཚུན་ལ།རང་རྒྱལ་གྱི་དམངས་ཁྲོད་མ་དངུལ་འཇོག་པའི་བྱ་གཞག་མུ་མཐུད་དུ་འཕེལ་རྒྱས་ཇེ་ཆེར་བཏང་བ་དང་།དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་།ཐོན་ལས་སྒྲིག་གཞི་སྙོམས་སྒྲིགགྲོང་ཁྱེར་དང་གྲོང་གསེབ་དར་རྒྱས།སྤྱི་ཚོགས་ལས་གནས་ཇེ་མང་གཏོང་བའི་ནུས་ཤུགས་གལ་ཆེན་ཡིན།གཡོ་འགུལ་ཅི་ཡང་མེད་པའི་སྒོ་ནས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་མཉམ་དུ།གཡོ་འགུལ་ཅི་ཡང་མེད་པའི་སྒོ་ནས་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་སྐུལ་འདེད་དང་།རྒྱབ་སྐྱོར།སྣེ་ཁྲིད་བྱས་ནས་འཕེལ་རྒྱས་གཏོང་དགོས།གོམ་གང་མདུན་སྤོས་སྒོས་དམངས་ཁྲོད་མ་དངུལ་གཏོང་བར་སྐུལ་འདེད་དང་སྣེ་ཁྲིད་བྱེད་ནས།རང་རྒྱལ་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་འཐུས་སྒོ་ཇེ་ཚང་དང་རྒྱུན་འཁྱོངས་བྱེད་དགོས།དེང་རབས་རྒྱུ་ནོར་བདག་དབང་ལམ་ལུགས་རྨང་གཞི་བྱས་ནས་མཉམ་བསྲེས་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་།སྣ་མང་ལམ་ལུགས་ཀྱི་དཔལ་འབྱོར་འདྲ་མཉམ་གྱི་འགྲན་རྩོད་བྱེད་པ་དང་ཐུན་མོང་ངང་འཕེལ་རྒྱས་གཏོང་པར་སྐུལ་འདེད་བཏང་ནས།སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་སྒྲིག་གཞི་འཐུས་སྒོ་ཚང་བར་ཕན་དགོས།ཚོང་རའི་ནུས་ཁོངས་བཀོད་སྒྲིག་རྨང་གཞི་རང་བཞིན་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་དེ།འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་ཅིག་སྐྲུན་དགོས།དཔལ་འབྱོར་འཕེལ་ཚད་ཀྱི་སྒུལ་ཤུགས་སྐུལ་སྤེལ་ལ་ཕན་པ་དང་།རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དང་།དཔལ་འབྱོར་དུས་ཡུན་རིང་བོར་གཏན་འཇགས་མགྱོགས་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ནས།སྤྱི་ཚོགས་ལས་གནས་རྒྱ་ཇེ་ཆེར་གཏོང་བར་ཕན་དགོས་པ་དང་།དམངས་ཀྱི་ཡོང་སྒོ་ཇེ་མང་བཏང་ནས།རྒྱལ་ནང་གི་མཛད་སྤྱོད་ནུས་ཤུགས་ཇེ་ཆེར་གཏོང་བ།སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་བྱས་ཆེད།《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱབ་སྐྱོར་ཐད་ཀྱི་འབྲེལ་ཡོད་བསམ་འཆར་གསར་བ་དོན་ཚན་༣༦བཏོན་པཁྱབ་སྤེལ་བྱས།

གཅིགགོམ་གང་མདུན་སྤོས་ཀྱིས་དམངས་ཁྲོད་མ་དངུལ་འཇོག་པའི་ཁྱབ་ཁོངས་རྒྱ་ཇེ་ཆེར་གཏོང་བ།

(1)ནན་ཏན་གྱིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱབ་སྐྱོར་ཐད་ཀྱི་འབྲེལ་ཡོད་བསམ་འཆར་གསར་བ་དོན་ཚན༣༦བཏོན་པ》ཞེས་པ་དང་འབྲེལ་ཡོད་སྲིད་ཇུས་ལག་ལེན་དུ་བསྟར་ནས།དམངས་ཁྲོད་མ་རྩ་བཅའ་ཁྲིམས་དང་སྒྲིག་ཁྲིམས་ཀྱིས་གཏན་ཁེལ་བྱེད་མེད་པའི་ལས་རིགས་ཁྱབ་ཁོངས་ཁྲོད་ཞུགས་མི་ཆོག་པའི་སྣེ་ཁྲིད་དང་སྐུལ་འདེད་བྱེད་དགོས།མ་དངུལ་འཇོག་པའི་སྒོ་ཐེམ་ཚད་ལྡན་བཟོས་ནས་འདྲ་མཉམ་འགྲན་རྩོད་ཀྱི་ཁོང་ཡུག་སྐྲུན་པ་དང་འདྲ་མཉམ་གྱིས་ཚོང་རའི་ཁོར་ཡུག་ཏུ་ཞུགས་དགོས།ཚོང་རར་ཞུགས་པའི་ཚད་ཐིག་དང་གཟིགས་སྐྱོང་སྲིད་ཇུས་ཀུན་ལ་གསལ་བོ་བསྒྲགས་ནས་མ་དངུལ་འཇོག་མཁན་ལ་འདྲ་མཉམ་གྱིས་བལྟ་དགོས།

(2)སྲིད་གཞུང་གིས་མ་དངུལ་འཇོག་པའི་ཁྱབ་ཁུངས་གསལ་བོ་གཏན་ལ་ཕབ་དགོས།

གཙོ་བོ་རྒྱལ་ཁབ་བདེ་འཇགས་དང་།ཚོང་རས་ཐོན་ཁུངས་བཀོད་སྒྲིག་ནུས་ལྡན་བྱེད་མི་ཐུབ་པའི་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས།

(3)གོམ་གང་མདུན་སྤོས་སྒོས་རྒྱལ་དབང་དཔལ་འབྱོར་གྱི་བཀོད་སྒྲིག་བྱེད་ཚུལ་དང་སྒྲིག་གཞི་སྙོམས་སྒྲིག་བྱེད་དགོས།

(4)སྨན་བཅོས་དང་སློབ་གསོ་སོགས་སྤྱི་ཚོགས་ལས་རིགས་ཁྱབ་ཁོངས་བཅོས་བསྒྱུར་བྱེད་པ་ཧུར་ཐག་གིས་སྐུལ་འདེད་བྱེད་པ།

གཉིས།དམངས་ཁྲོད་མ་དངུལ་རྨང་གཞི་ཐོན་ལས་དང་རྨང་གཞི་འཛུགས་སྐྲུན་ཁྱབ་ཁོངས་ཁྲོད་གཏོང་བར་སྣེ་ཁྲིད་དང་སྐུལ་འདེད་བྱེད་པ།

(5)དམངས་ཁྲོད་མ་དངུལ་འགྲུམ་འགྲིལ་སྐྱེལ་འདྲེན་འཛུགས་སྐྲུན་ཕྱོགས་ལ་གཏོང་བར་སྐུལ་འདེད་བྱེད་པ།

གཞུང་ལམ།ཆུ་ལམ་གྱི་སྐྱེལ་འདྲེན།གྲུ་ཁ།དམངས་བཀོལ་གནམ་གྲུ་ཐང་།ཀུན་སྤྱོད་མཁའ་གྲུའི་རྨང་གཞི་འཛུཊ་སྐྲུན།

(6)དམངས་ཁྲོད་མ་དངུལ་ཆུ་བེད་ལས་གཞི་འཛུགས་སྐྲུན་ཕྱོགས་ལ་གཏོང་བར་སྐུལ་འདེད་བྱེད་པ།

གཙོ་བོ་ཞིང་འདྲེན་ཆུ་བེད།ཆུའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད།ས་ཆུ་སྲུང་སྐྱོབ་སོགས་ཀྱི་ཆུ་བེད་ལས་གཞི།

(7)དམངས་ཁྲོད་མ་དངུལ་གློག་ཤུགས་འཛུགས་སྐྲུན་ཕྱོགས་ལ་གཏོང་བར་སྐུལ་འདེད་བྱེད་པ།

གཙོ་བོ་ཆུ་གློག་ས་ཚིགས།མེ་ཤུགས་གློག་འདོན་ས་ཚིགས།ཉིང་རྡུལ་གློག་འདོན་ས་ཚིགས་སོགས་ཀྱི་འཛུགས་སྐྲུན།

(8)དམངས་ཁྲོད་མ་དངུལ་རྡོ་སྣུམ་དང་རང་བྱུང་སོལ་རླངས་འཛུགས་སྐྲུན་ཕྱོགས་ལ་གཏོང་བར་སྐུལ་འདེད་བྱེད་པ།

གཙོ་བོ་མ་བཅོས་རྡོ་སྣུམ།རང་བྱུང་སོལ་རླུང་།རྡོ་སྣུམ་ཐོན་རྫས་སོགས་ཀྱི་གསོག་ཉར་དང་སྐྱེལ་འདྲེན་སོགས།

(9)དམངས་ཁྲོད་མ་དངུལ་གློག་འཕྲིན་འཛུགས་སྐྲུན་ཕྱོགས་ལ་གཏོང་བར་སྐུལ་འདེད་འབྱེད་པ།

གཙོ་བོ་རྨང་གཞི་གློག་འཕྲིན་འཁོར་སྐྱོད།གློག་འཕྲིན་ལས་རིགས་ཀྱི་ཕྱོགས།

(10)དམངས་ཁྲོད་མ་དངུལ་ས་ཞིང་ལེགས་སྒྲིག་དང་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་ཕྱོགས་ལ་གཏོང་བར་སྐུལ་འདེད་བྱེད་པ།

གཙོ་བོ་ས་ཆུ་ལེགས་སྒྲིག་གི་ཕྱོགས།

གསུམ།དམངས་ཁྲོད་མ་དངུལ་གྲོང་ཁྱེར་གྱི་སྤྱི་སྤྱོད་ལས་དོན་འཛུགས་སྐྲུན་དང་སྲིད་ཇུས་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ལ་གཏོང་བར་སྣེ་ཁྲིད་དང་སྐུལ་འདེད་བྱེད་པ།

(11)དམངས་ཁྲོད་མ་དངུལ་གྲོང་ཁྱེར་གྱི་སྤྱི་སྤྱོད་ལས་དོན་འཛུགས་སྐྲུན་ཕྱོགས་ལ་གཏོང་བར་སྐུལ་འདེད་བྱེད་པ།

གཙོ་བོ་གྲོང་ཁྱེར་གྱི་ཆུ་མཁོ་འདོན་དང་སོལ་རླུང་མཁོ་འདོན།དྲོད་རླུང་མཁོ་འདོན།ཆུ་སྙིགས་དང་ཁྱིམ་ཞགས་གཙང་དགསྤྱི་སྤྱོད་འགྲིམ་འགྲུལ།གྲོང་ཁྱེར་སྔོ་ལྗང་ཅན་ལ་གཏོང་བའི་ཁྱབ་ཁོངས་སོགས།

(12)གོམ་གང་མདུན་སྤོས་སྒོས་གྲོང་ཁྱེར་གྱི་སྤྱི་སྤྱོད་ལས་དོན་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་བྱེད་པ།

(13)དམངས་ཁྲོད་མ་དངུལ་སྲིད་ཇུས་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཕྱོགས་ལ་གཏོང་བར་སྐུལ་འདེད་བྱེད་པ།

གཙོ་བོ་སྤྱི་དམངས་སྡོད་ཁང་དང་སྲིད་ཇུས་རང་བཞིན་གྱི་སྡོད་ཁང་སོགས་ཀྱི་འཛུགས་སྐྲུན་ཕྱོགས།

བཞི།དམངས་ཁྲོད་མ་དངུལ་སྤྱི་ཚོགས་ལས་དོན་ཕྱོགས་ལ་གཏོང་བར་སྣེ་ཁྲིད་དང་སྐུལ་འདེད་བྱེད་པ།

(14)དམངས་ཁྲོད་མ་དངུལ་སྨན་བཅོས་ལས་དོན་འཕེལ་རྒྱས་ཕྱོགས་ལ་གཏོང་བར་སྐུལ་འདེད་བྱེད་པ།

གཙོ་བོ་སྨང་ཁང་།སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་འདེགས་ཁང་།ལུས་གསོ་ཁང་།སྒོ་བསྟེན་ཁང་།སྨན་བཅོས་ཁང་སོགས།

(15)དམངས་ཁྲོད་མ་དངུལ་སློབ་གསོ་འཕེལ་རྒྱས་དང་སྤྱི་ཚོགས་གསོ་སྦྱོང་ལས་དོན་ཕྱོགས་ལ་གཏོང་བར་སྐུལ་འདེད་བྱེད་པ།

གཙོ་བོ་སློབ་གྲྭ་ཆེན་མོ་དང་སློབ་གྲྭ་ཆུང་འབྲིང་།བྱིས་གཉོར་ཁང་།ལས་རིགས་སློབ་གསོ་སོགས་སློབ་གསོ་རིགས་སོ་སོ་དང་།སྤྱི་ཚོགས་གསོ་སྦྱོང་སྡེ་ཁག་སོགས་ཀྱི་འཛུགས་སྐྲུན།

(16)དམངས་ཁྲོད་མ་དངུལ་སྤྱི་ཚོགས་ཕན་བདེ་ལས་དོན་འཕེལ་རྒྱས་ཕྱོགས་ལ་གཏོང་བར་སྐུལ་འདེད་བྱེད་པ།

གཙོ་བོ་རྒན་གསོ་ཞབས་ཞུ་དང་དབང་བོ་སྐྱོན་ཅན་སླར་དྲག་ཁང་སོགས་སྤྱི་ཚོགས་ཕན་བདེ་འཛུགས་སྐྲུན།

(17)དམངས་ཁྲོད་མ་དངུལ་རིག་གནས་ཡུལ་སྐོར་དང་།ལུས་རྩལ་ལས་རིགས་འཕེལ་རྒྱས་ཕྱོགས་ལ་གཏོང་བར་སྐུལ་འདེད་བྱེད་པ།

གཙོ་བོ་བརྡ་ཁྱབ་དང་།པར་འདེབས།ཟློས་གར།རོལ་རྩེད།རིག་གནས་གསར་གཏོད།རིག་གནས་འགྲེམ་སྟོན།གློག་བརྙན་བཟོ་སྐྲུན།དྲ་རྒྱ་རིག་གནས།འགུལ་རིས་བརྙན་འཕྲིན།པར་སྐྲུན་འགྲེམ་སྤེལ།རིག་གནས་ཐོན་རྩས་བཟོ་སྐྲུན་དང་འབྲེལ་ཡོད་ཞབས་ཞུ་སོགས་བསྒྲུབ་པ།རིག་གནས་འགྲེམ་སྟོན་ཁང་།དཔེ་མཛོད་ཁང་།རིག་གནས་ཁང་།གློག་བརྙན་ཁང་སོགས་ཀྱི་འཛུགས་སྐྲུན་སྐོར།

ལྔ།དམངས་ཁྲོད་མ་དངུལ་དངུལ་རྩའི་ཞབས་ཞུ་ཁྱབ་ཁོངས་ཕྱོགས་ལ་གཏོང་བར་སྣེ་ཁྲིད་དང་སྐུལ་འདེད་བྱེད་པ།

(18)དམངས་ཁྲོད་མ་དངུལ་བསྡུས་ནས་དངུལ་རྩའི་ལས་ཁུངས་གསར་འཛུགས་བྱེད་ཆོག

གཙོ་བོ་མ་རྐང་འཇོག་པའི་རྣམ་པའི་ཚོང་ལས་དངུལ་ཁང་དང་།ཞིང་སྡེའི་ཡིད་སྟོན་ཁང་།གྲོང་ཁྱེར་ཡིད་སྟོན་ཁང་སོགས་ལ་ཞུགས་པ་དང་།གྲོང་གསེབ་ཀྱི་དངུལ་ཁང་།དངུལ་བུན་ཀུང་ཟི།ཞིང་སྡེ་མ་དངུལ་རོགས་རེས་ཁང་སོགས་འཛུགས་པ།

དྲུག དམངས་ཁྲོད་མ་དངུལ་ཚོང་ལས་འཁོར་རྒྱུག་ཁྱབ་ཁོངས་ཕྱོགས་ལ་གཏོང་བར་སྣེ་ཁྲིད་དང་སྐུལ་འདེད་བྱེད་པ།

(19)དམངས་ཁྲོད་མ་དངུལ་ཚོང་ཟོག་སྡེབ་ཚོང་དང་སིལ་ཚོང་།དེང་རབས་དངོས་ཟོག་སྐྱེལ་འདྲེན་ཕྱོགས་ལ་གཏོང་བར་སྐུལ་འདེད་བྱེད་པ།

བདུན།དམངས་ཁྲོད་མ་དངུལ་རྒྱལ་སྲུང་ཚན་རིག་བཟོ་ལས་ཁྱབ་ཁོངས་ཕྱོགས་ལ་གཏོང་བར་སྣེ་ཁྲིད་དང་སྐུལ་འདེད་བྱེད་པ།

(20)དམངས་ཁྲོད་མ་དངུལ་རྒྱལ་སྲུང་ཚན་རིག་བཟོ་ལས་འཛུགས་སྐྲུན་ཕྱོགས་ལ་གཏོང་བར་སྐུལ་འདེད་བྱེད་པ།

གཙོ་བོ་དམངས་དམག་གཉིས་ཀར་བཀོལ་ཆོག་པའི་ལག་རྩལ་གསར་སྤེལ་དང་ཐོན་ལས་ཅན་འཛུགས་སྐྲུན།

བརྒྱད།དམངས་ཁྲོད་མ་དངུལ་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་དང་བསྐྱར་འཛུགས་ཕྱོགས་ལ་གཏོང་བར་སྣེ་ཁྲིད་དང་སྐུལ་འདེད་བྱེད་པ།

(21)དམངས་གཉེར་ཁེ་ལས་ཀྱིས་རྒྱུ་ནོར་བདག་དབང་བེད་སྤྱད་དེ་དམངས་ཁྲོད་མ་དངུལ་བསྡུ་སྒྲིག་བྱེད་པར་སྣེ་ཁྲིད་དང་སྐུལ་འདེད་བྱས་ནས་རྒྱུ་ནོར་བདག་དབང་ལུགས་མཐུན་བརྗེ་སྤོ་བྱེད་པར་སྐུལ་འདེད་བྱེད་པ།ས་གནས་ལས་བརྒལ་བ་དང་ལས་རིགས་ལས་བརྒལ་ནས་བསྐྱར་འཛུགས་བྱེད་པ།

གཙོ་བོ་ནི་ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞིའི་དར་རྒྱས།

(22)དམངས་གཉེར་ཁེ་ལས་ལ་མ་རྐང་འཇོག་པ་དང་།མ་རྐང་ཚོད་འཛིན།མ་རྩ་ཉོ་བ་སོགས་རྣམ་པ་མང་པོ་བརྒྱུད་ནས་རྒྱལ་དབང་ཁེ་ལས་ཀྱི་ལམ་ལུགས་བཅོས་བསྒྱུར་དང་བསྐྱར་འཛུགས་ཕྱོགས་ལ་སྣེ་ཁྲིད་དང་སྐུལ་འདེད་བྱེད་པ།

དགུདམངས་གཉེར་ཁེ་ལས་ལ་སྐུལ་སྤེལ་བྱས་ནས་རང་བདག་གི་གསར་གཏོད་ལ་ཤུགས་སྣོན་དགོས།

(23)ཁེ་ལས་ཀྱིས་ཞིབ་འཇུག་དང་གསར་སྤེལ་ཐད་མ་དངུལ་བཏང་བའི་ཁྲལ་སྡུད་གཟིགས་སྐྱོང་གི་སྲིད་ཇུས་སྐུལ་འདེབས་བྱེད་ནས་ལག་ལེན་མཐར་ཕྱིན་བྱ་དགོས།དམངས་གཉེར་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ཕྱོགས་ལ་མ་དངུལ་གཏོང་ཚད་ཇེ་ཆེར་བཏང་ནས་རང་བདག་གི་གསར་གཏོད་ནུས་པ་མཐོར་འདེགས་བྱེད་དགོས།ཤེས་ཡོན་གྱི་ཐོན་དངོས་བདག་དབང་ཡོད་པའི་ལག་རྩལ་གྱི་སྙིང་པོ་རྟོགས་དགོས།

གཙོ་བོ་ནི་ལས་གཞིའི་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་ལག་རྩལ་གསར་སྤེལ་ལྟེ་གནས་འཛུགས་སྐྲུན་དང་ལག་རྩལ་མི་སྣ་གསོ་སྦྱོང་།

(24)ཚན་རྩལ་གྲུབ་འབྲས་དངོས་འགྱུར་གྱི་སྐུལ་འདེབས་སྲིད་ཇུས་མགྱོགས་མྱུར་ངང་ལག་བསྟར་བྱེད་ནས་ཚན་རྩལ་གྱི་ཚོང་ར་འཕེལ་རྒྱས་གཏོང་དགོས།ཚན་རྩལ་གྲུབ་འབྲས་ཐོ་འགོད་ཀྱི་ལམ་ལུགས་འཐུས་ཚང་བཏང་ནས་དམངས་གཉེར་ཁེ་ལས་གཞན་ལ་སྐོར་བ་དང་སྔོན་ཐོན་ལག་རྩལ་ཉོ་བར་སྟབས་བདེ་བཟོ་དགོས།

(25)དམངས་གཉེར་ཁེ་ལས་ཀྱི་ཐོན་རྫས་གསར་སྤེལ་ཐད་ཤུགས་སྣོན་ནས་ཐོན་རྫས་གསར་སྒྱུར་མངོན་འགྱུར་བྱེད་པར་སྐུལ་སློང་བྱེད་དགོས།

(26)དམངས་གཉེར་ཁེ་ལས་འཕེལ་རྒྱས་འཐབ་ཇུས་རང་བཞིན་སྣེ་ཁྲིད་དང་སྐུལ་འདེད་བྱས་ནས་གསར་དར་ཐོན་རྫས་སྤེལ་དགོས།

བཅུ།དམངས་གཉེར་ཁེ་ལས་རྒྱལ་སྤྱིའི་འགྲན་རྩོད་ལ་ཞུགས་པར་སྐུལ་སློང་བྱེད་དགོས།

(27)དམངས་གཉེར་ཁེ་ལས་རྒྱལ་སྤྱིའི་འགྲན་རྩོད་ལ་ཞུགས་པར་སྐུལ་སློང་བྱེད་དགོས།

(28)ཕྱི་རྒྱལ་ནས་མ་རྐང་འཇོག་པར་སྐུལ་འདེད་དང་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས།

(29)དམངས་ཁྲོད་མ་རྩ་འཇོག་པར་མི་འཚམ་པའི་སྒྲིག་ཁྲིམས་བཅོས་བསྒྱུར་དང་མེད་པར་བཟོས་ནས།དམངས་ཁྲོད་མ་རྩ་འཇོག་པའི་ཁྲིམས་མཐུན་ཁེ་དབང་སྲུང་དགོས།འདྲ་མཉམ་འགྲན་རྩོད་ཀྱི་ཁོར་ཡུག་ཡག་པོ་སྐྲུན་དགོས།

བཅུ་གཅིགདམངས་ཁྲོད་མ་དངུལ་གཏོང་བར་ཁོར་ཡུག་ལེགས་པོ་སྐྲུན་དགོས།

(30)རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་གི་བཀོད་སྒྲིག་ལྟར་སྲིད་གཞུང་རང་བཞིན་གྱི་མ་དངུལ་གསལ་བོར་འཆར་འགོད་དང་།གཅིག་གྱུར་གྱི་འཆར་གཞི་འགོད་དགོས།

(31)དངུལ་རྩའི་ལས་ཁུངས་སོ་སོས་ཉེན་ཁ་དོགས་ཟོན་བྱེད་པའི་རྨང་གཞི་ཐོག་དངུལ་རྩའི་ལག་ཆ་བེད་སྤྱོད་གང་ལེགས་བྱེད་དགོས།དམངས་ཁྲོད་མ་རྩ་འཇོག་པའི་ཤུགས་ཆེ་རུ་བཏང་ནས་དམངས་ཁྲོད་མ་རྩ་འཇོག་པའི་དངུལ་རྩའི་ཞབས་འདེགས་ལ་ཤུགས་སྣོན་དགོས།

(32)དམངས་ཁྲོད་མ་དངུལ་འཇོག་པའི་འགྲོ་ལུགས་ཇེ་སླ་དང་དུས་ཡུན་ཇེ་ཐུང་།གོ་རིམ་ཇེ་ཉུང་ལ་བཏང་ནས་དམངས་གཉེར་ཁེ་ལས་ཀྱི་འགན་ཁུར་ཇེ་ཡང་གཏོང་དགོས།

བཅུ་གཉིས།དམངས་ཁྲོད་མ་རྩ་འཇོག་པར་ཞབས་འདེགས་དང་མཛུབ་སྟོན།ཚད་ལྡན་གྱི་དོ་དམ་ཕྱོགས་ལ་ཤུགས་སྣོན་བྱེད་དགོས།

(33)སྡོམ་རྩིས་སྡེ་ཁག་གིས་དམངས་ཁྲོད་མ་རྩ་འཇོག་པའི་སྡོམ་རྩིས་བྱ་བར་ཤུགས་སྣོན་ནས་དམངས་ཁྲོད་མ་རྩ་འཇོག་པའི་བརྒྱུད་རིམ་དང་གནས་སྟངས་གནས་ཚུལ་ཡང་དག་ངང་བཤད་དགོས།

(34)དམངས་ཁྲོད་མ་རྩ་འཇོག་པའི་ཞབས་འདེགས་མ་ལག་འཐུས་ཚང་གཏོང་དགོས།

(35)ཚོང་རར་ཞུགས་པའི་བཀག་རྒྱ་ལྷོད་ཡངས་སུ་གཏོང་བ་དང་མཉམ་དུ་དངོས་ནས་དོ་དམ་ཐད་ལ་ཤུགས་སྣོན་དགོས།

(36)དམངས་ཁྲོད་མ་རྩ་འཇོག་པ་བདེ་ཐང་ངང་འཕེལ་རྒྱས་ཀྱི་བགྲོད་གླེང་གི་ཁ་དབུགས་ཡག་པོ་ཞིག་བསྐྲུན་དགོས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号