ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །འཕྲིན་ཡིག་གི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།

༣ དགའ་གྲོགས་ལ་འཕྲིན་ཡིག་འབྲི་སྟངས་ཀྱི་དཔེ་གཞི།
ཇི་སྲིད་མཛའ་གཅུགས་བྲལ་མེད་ཤེས་ལྡན་ཡངས་པའི་དགའ་གྲོགས་་་་་་་་་་མཆོག་གི་སྐུ་དྲུང་དུ། 
                                                                  ཆེད་འབུལ། བར་དེར་བཞིན་རས་གསར་བ་བདག་མིག་ཀུན་དའི་སྤྱོད་ཡུལ་དུ་མ་གྱུར་རིང་ཁྱེད་སྐུ་པད་མའི་གེ་སར་ལང་ཚོའི་འདབ་སྟོང་རྒྱས་ཤིང་། ཧུར་བརྩོན་ཆེར་སྐྱེད་ཀྱིེས་རིག་གནས་སྦྱངས་འབྲས་མི་དམན་པ་ཡོད་ལས་ཆེ། འདིར་ཡང་ཏང་གི་རྩ་འཛུགས་ཀྱི་ཐུགས་འཁུར་གྱིས་ལུས་ཁམས་མྱུ་གུ་གསར་བ་བ་མོས་མ་གཙེས་པར་རྒན་བཀུར་གྲོགས་མཐུན་ངང་སློབ་སྦྱོང་ལྷུར་ལེན་ཁུལ་དུ་མཆིས་པས་ཐུགས་ཁྲལ་མ་མཛད། འཚམས་ཞུ།
   འཕྲིན་ཡིག་གི་དངོས་གཞིའི་ནང་དོན་་་་་་་་་་་་་་་་་་་་་་་་་་་་་་་། 
        སླད་དུ་ཁྱེད་སྐུ་ལང་ཚོའི་གང་བུར་འཕྱུགས་མེད་འཕྲོད་བཞེས་ཐོག་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་ངོས་དབྱངས་ཅན་ཕང་འགྲོའི་རྒྱུད་ལས་བླངས་པའི་གླེང་འོས་ཀྱང་དཔྱིད་ཀྱི་སྦྲང་མའི་མགྲིན་དབྱངས་ལྟར་རྒྱུན་ཆད་མེད་པར་ཡོང་བའི་འདུན་པ་ཆེ།
       མཇུག་ཏུ་འདེགས་རྟེན་གཡུང་དྲུང་གི་རི་མོ་དང་སྦྱངས་འབྲས་ཁྱད་དུ་འཕགས་པ་འཐོབ་པའི་སྨོན་འདུན་དང་བཅས། 
                                                                                        གུས་་་་་་་་་ཡིས་་་་་་་་་ལོའི
                                                                                        ཟླ་་་་་་ཚེས་་་་་་་ཉིན་ལ་ཕུལ།

༤ བླ་གྲྭར་འཕྲིན་ཡིག་འབྲི་སྟངས་ཀྱི་དཔེ་གཞི།
བཅུ་ཕྲག་རིག་པའི་གནས་ཀྱི་དཔལ་མི་ཟད་ལྷ་ལམ་ཡངས་པོའི་མཛད་བཟང་དུ་མངོན་པར་འཕགས་ཤིང་། ལུང་རྟོགས་ཐུབ་བསྟན་ཉི་ཟླའི་རྒྱལ་མཚན་ཇི་སྲིད་མི་ནུབ་བར་འཛིན་པའི་འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གནས་སྤྲུལ་བའི་སྐུ་་་་་་་་་་་་་ མཆོག་གི་ཞབས་ཟུང་པདྨོིའི་དྲུང་དུ། 
                                                                 དད་གུས་བླ་ན་མེད་པས་འབུལ། དེང་གང་སྐུ་ཀེ་ལ་ཤའི་རྒྱལ་བོ་མི་འཇིགས་རྡོ་རྗེའི་ཆོས་ལྟར་བརྟན་ཅིང་། བསོད་ནམས་ཡེ་ཤེས་ཚོགས་ཀྱིས་ལེགས་ཕྱིན་ཏེ་སྐྱེ་རྒུའི་འདི་ཕྱིའི་དོན་དུ་སྲིད་ཞི་དང་བའི་མཛད་འཕྲིན་དབྱར་གྱི་རྔ་གསང་དགོད་བཞིན་བཞུགས་པར་ངོ་མཚར་རྨད་དུ་བྱུང་། འདིར་ཡང་དཀོན་མཆོག་གསུམ་གྱི་བྱིན་མཐུས་ཟག་ཕུང་བདེ་ཞིང་བྱ་བྲེལ་ཆུ་གཏེར་ལྟ་བའི་སྐབས་སུ་གནས། འཚམས་ཞུ།
   འཕྲིན་ཡིག་གི་དངོས་གཞིིའི་ནང་དོན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
       སླད་མར་ཡང་སྲིད་ཞིར་བདེ་སྐྱིད་མཛད་པའི་ངང་ནས་ཕྲན་ཆུང་ལ་སྒྲིབ་བྲལ་བྱམས་བརྩེའི་འཇུག་པ་མཆོག་ཏུ་ཡངས་པའི་བཀའ་ལུང་བྱིན་མདུད་ལྷ་རྫས་བཅས་ཛ་ཧུའི་བུ་མོིའི་ཀླུང་རྒྱུན་ལྟར་སྩོལ་བར་མཁྱེན་མཁྱེན། མཁྱེན། 
        སྤྱན་རས་གཟིགས་རྟེན་དྲི་མེད་ལྷ་དར་སྲིད་དུ་རིང་བ་དང་བཅས། 
                                                                                    ཕྲན་ཆུང་་་་་་་་་་་་་ཡིས་་་་་་་་
                                                                                     ་་་་་་ལོའི་་་་་་་ཚེས་་་་་་་ཉིན་ལ་ཕུལ།

ས་བཅད་གསུམ་པ། འཛིན་ཡིག་འབྲི་སྟངས་བཤད་པ།
འཛིན་ཡིག་ཅེས་པ་ནི་དངུལ་ལམ་དངོས་པོ་སྤྲོད་ལེན་བྱེད་སྐབས་ཕར་ཕྱོགས་དང་ཚུལ་ཕྱོགས་གཉིས་ཀའི་འགྲོ་སོང་རྩིས་ཞུ་བྱེད་ཆེད་དམ་རྗེས་ཞིབ་བྱེད་གཞི་འཛིན་ཡུལ་དུ་སྤྲད་པའི་དངོས་དཔང་གི་ཡི་གེ་ཕིག་རེད། རྒྱུན་དུ་སྤྱོད་པའི་འཛིན་ཡིག་རིགས་ལྔ་སྟེ། བྱུང་འཛིན་དང་བླངས་ཡིག གཡར་ཡིག ཆད་ཡིག སྤྲོད་འཛིན་བཅས་སོ། །
      འཛིན་ཡིག་དེ་རིགས་འབྲི་སྐབས་དོན་ཚན་གསུམ་ཚང་དགོས་པ་སྟེ། ལག་ཏུ་སོན་པའི་དངུལ་ལམ་དངོས་རིགས་དེ་ཚན་པའམ་མི་སྒེར་གང་འདྲ་ཞིག་གི་ས་ནས་བྱུང་བ་གསལ་བོར་འབྲི་དགོས་པ་དང་གཅིག ལག་ཏུ་སོན་པའི་དངོས་རིགས་ཀྱི་མིང་དང་རྣམ་གྲངས། ཁ་གྲངས༼ཁ ་གྲངས་ཡིག་ཆེན་འབྲི་དགོས༽བཅས་གསལ་བོར་འབྲི་དགོས་པ་དང་གཉིས། ཚན་པའམ་མི་སྒེར་གྱི་མིང་དང་དམ་ག ཟླ་དུས་ཚེས་གྲངས་རྣམས་གསལ་ཞིང་ཞིབ་པར་འབྲི་དགོས་པ་དང་གསུམ་སོགས་སོ། །
      དཔེ་གཞི། 
                                                            བྱུང་འཛིན།
         ༝༝༝༝ཞང་མི་དམངས་སྲིད་གཞུང་གིས་བློ་མཐུན་༞ཡི་མདུན་དུ་ཆུས་བོད་སྨན་ཁང་ལ་དབྱར་རྩྭ་དགུན་འབུ་སྤྱི་རྒྱ༞ཐམ་པ་དང་སྲོ་ལོ་དཀར་བོ་སྤྱི་རྒྱ་༝ཐམ་པ་བསྐུར་པ་རྣམས་གྲངས་ཚང་ཉམས་མེད་ལག་སོན་བྱུང་བའི་འཛིན་དུ། 
                                                           ༞ཆུས་བོད་སྨན་ཁང་། ༼དམ་ག༽
                                                           གིས་༝ལོའི་༝ཟླ་༝ཚེས༝ཉིན་ལ།

                                                            བླངས་འཛིན།
       ༞ཆུས་འབྲུ་རིགས་ཁང་ནས་གཟན་ཆག༼སྲན་མ༽སྤྱི་རྒྱ་༝ཐམ་པ་བླངས་པའི་འཛིན་དུ། 
                                     ལེན་མཁན༞ཞང་གི་ཐོན་སྐྱེད་ཨུ་ཡོན༞
                                           ཡིས༼དམ་ག༽ ལོའི་ཟླ་༝ཚེས༝ཉིན་ལ།

                                                             གཡར་འཛིན།
      ༝༝ ཆུས་སྲིད་གཞུང་ནས་འདི་ག་སློབ་གྲྭའི་ས་ཞིང་གསར་སྤེལ་བྱེད་ཆེད་སྦྱག་མ་༝དང་འཇོར༝། སླེལ་པོ༞། བཅས་གཡར་པས་ས་ཞིང་གསར་སྤེལ་བྱས་ཟིན་རྗེས་སྐྱོན་ཆག་མེད་པར་ཕྱིར་འབུལ་ཞུ་རྒྱུའི་འཛིན་དུ། 
                                                                   གཡར་མཁན་ཆུས་གཞུང་བཙུགས་སློབ་གྲྭའི་དགེ་རྒན༝
                                                                     ཡིས༼དམ་ག༽༞ལོའི་༞ཚེས༝ཉིན་ལ།

                                                             ཆད ་འཛིན།
      ༞ཞང་གིས་༞རྫོང་ནོར་སྲིད་ཁང་མི་དམངས་ཤོག་སྒོར་༡༠༠༠རེ་ཞིག་ཆད་པའི་འཛིན་དུ། 
                                                              ལག་ཏུ་བརྒྱུད་མཁན་ཞང་གི་རྩིས་པ༞ཡིས༼དམ་ག༽
                                                                        ༞ལོའི་ཟླ་༞ཚེས༞ཉིན་ལ།

                                                             སྤྲད་འཛིན།
      ༞རྫོང་གི་སློབ་འབྲིང་དགེ་རྒན་༞ལགས་ལ་དམའ་རིམ་སློབ་འབྲིང་གི་བོད་ཡིག་སློབ་དེབ་ཨང༞པ༞ཐམ་པ་སྤྲད་པའི་འཛིན་དུ།

                                                                  སྤྲོད་མཁན༞ས་ཁུལ་སློབ་གསོ་ཅུས་ཀྱི་བདག་
                                                                       གཉེར་༞༼དམ་ག༽ ཡིས་༞ལོའི་ཟླ༞ཚེས༞ཉིན་ལ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号