ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ།

གཉིས་པ། ད་ལྟར་གྱི་ལག་ལེན་བྱེ་བྲག་ཏུ་བཤད་པ།

    ༧གཉིས་པ་ད་ལྟར་གྱི་ལག་ལེན་བྱེ་བྲག་ཏུ་བཤད་པ་ལ་གཉིས།
ཕྲིན་ཡིག་གི་ཡུལ་གྱི་ཁྱད་པར་དང༌། ཡི་གེ་སྐུར་ཚུལ་གྱི་ཁྱད་པར་རོ། །དང་པོ་ནི། སྟོན་པ་ཐུགས་རྗེས་ཅན་གྱིས། ངའི་བསྟན་པ་འདི་ལ་རིགས་མི་གཙོ་རུས་མི་གཙོ། བསླབ་པ་གཙོ་ཞེས་གསུང་སྟེ། ཡབ་རྒྱལ་པོ་ཟས་གཙང་གིས་ཀྱང༌། ང་ཡི་བུ་ནི་རིགས་དག་དང༌། །རུས་ལ་ངོ་མཚར་འཛིན་མ་ཡིན། །ཡོན་ཏན་བདེན་པ་ཆོས་ཀྱི་རྣམ། །དེ་ལ་འདི་ཡི་ཡིད་དགའ་འོ། །ཞེས་ཆེད་དུ་བརྗོད་པ་ལྟར། དམ་པ་ལྷ་ཆོས་ཀྱི་དབང་དུ་བྱས་ན། ལུང་རྟོགས་ཀྱི་ཡོན་ཏན་གང་ཆེ་དང་དེ་ལས་ཀྱང་བསླབ་པ་གང་མཐོ་གཙོ་ཞིང༌།བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གྱིའང་ཕྱི་མ་ཕྱི་མ་ལྷག་པར་གཙོ་ཆེ་བྱེད་ལ།   འཇིག་རྟེན་མི་ཆོས་ཀྱི་དབང་དུ་བྱས་པའི་རིགས་རུས་ཀྱིས་མཐོ་བ་དང༌། མངའ་ཐང་གིས་མཐོ་བ་སོགས་ཡུལ་དུས་གནས་སྐབས་དང་བསྟུན་ནས་ཤེས་པར་བྱའོ། མདོར་ན་རང་གི་ཆོས་ཞུས་ཀྱི་བླ་མ་རྣམས་ནི། འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་འཇིག་རྟེན་གྲགས་ཚོད་ཀྱི་གོ་ས་མཐོ་དམན་སོགས་ལ་མ་ལྟོས་པར་སྐྱབས་གནས་མཐར་ཐུག་རྫོགས་པའི་སངས་རྒྱས་ཁོ་ན་དང་མཚུངས་པའི་ཆེ་བརྗོད་ཤིན་ཏུ་ཆེ་བ་ངེས་པར་བྱ་དགོས་ལ། དེ་ཕྱིན་མཆོག་ཏུ་བཀུར་བའི་འོས་སུ་མཐོ་བ་ནི། འཛམ་བུ་གླིང་བ་ཐམས་ཅད་དམ།   རྒྱ་ཧོར་བོད་ཀྱི་ཡུལ་གྲུ་ཆེན་པོ་རེ་ལ། ཆོས་སྲིད་ཅི་རིགས་ཀྱིས་དབང་བསྒྱུར་བའི་བླ་ཆེན་དང་རྒྱལ་པོ་ཆེན་པོ་རྣམས་ནི་འཇིག་རྟེན་ན་རང་བཞིན་གྱིས་ཆེ་བས་ཡུལ་ཤིན་ཏུ་གཉན་པ་ཡིན་ལ།    ལྷག་པར་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་གི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཁུར་དུ་བཞེས་པ།   དེ་དག་འཇིག་རྟེན་ཐམས་ཅད་ཀྱི་མགོན་དང་སྐྱབས་གཅིག་བུ་ཡིན་པས་བསྟོད་བསྔགས་འགྲན་ཟླ་དང་བྲལ་བར་བྱ་ཞིང༌།   གཞན་ཡང་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་དང༌། གདན་ས་ཆེན་པོའི་ཁྲི་ལ་བཞུགས་པ་རྣམས་ལ་རང་ཉིད་སྔར་འབྲེལ་ཆེན་པོ་མེད་ཀྱང་བཀུར་བཟོས་ལེགས་པར་བྱ་དགོས།   དེ་དག་གིས་མཚོན་པའི་ཡུལ་མཆོག་འབྲིང་དམན་གསུམ་གྱི་ཁྱད་པར་ཡི་གེ་སྐུར་ཡུལ་དེ་ལ་ལྟོས་ཏེ། རང་ཉིད་ཡུལ་གང་གི་གྲས་སུ་གཏོགས་བསམ་པར་བྱས་ནས། ཆོས་ལུགས་གཙོ་བོར་བཏོན་པའི་སྒོས།འཇིག་རྟེན་དང་ཡང་མ་འགལ་བ་ཞིག་བྱེད་པ་ལེགས་སོ།།
༈ གཉིས་པ་ཡི་གེ་སྐུར་ཚུལ་གྱི་ཁྱད་པར་ལ་གསུམ། ཆེན་པོ་དག་གི་སྐུར་ཚུལ། ཆུང་བ་དག་གི་སྐུར་ཚུལ། ཡིག་ལན་ཇི་ལྟར་བྱེད་ཚུལ་ལོ།   །དང་པོ་ནི།   འགྲོ་མགོན་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས། རྒྱ་ཧོར་རྒྱལ་པོས་ཟློ་བ་ཐོབ།   །བོད་ཀྱི་རྒྱལ་པོས་སྤྲིངས་པ་ཐོབ། །རྣལ་འབྱོར་པ་ཡིས་འདི་ལྟ་སྟེ། །བརྒྱ་སྟོང་དཔོན་གྱིས་སྐུར་བ་ཐོབ། ཅེས་གསུང་པ་ལྟར། རྒྱ་གར་ནག་དང་ཆེན་པོ་ཧོར་གྱི་སྤྱི་རྒྱལ་སྟོབས་ཀྱི་འཁོར་ལོས་བསྒྱུར་པ་རྣམས་དང༌། འཛམ་གླིང་བསྟན་པའི་མངའ་བདག་སྐྱབས་མགོན་རྒྱལ་བ་ཡབ་སྲས་ལྟ་བུའི་བཀའ་ཤོག་ལ༑སྤྲིངས་པའམ་ཟློ་བ་ཞེས་གསུང་བ་ཐོབ་ཅིང༌། བོད་ཀྱི་ཆོས་རྒྱལ་ཆེན་པོ་དང༌། དེའི་གདུང་རྒྱུད་མངའ་ཐང་ཅན་གྱིས་སྤྲིངས་པ་ཐོབ་ལ།དེ་བཞིན་དུ་མདོ་སྔགས་ཀྱི་རྣལ་འབྱོར་བ་མཁས་གྲུབ་ཆེན་པོར་ཡོངས་སུ་གྲགས་པ་རྣམས་ཀྱི་ཀྱང་རང་གི་མཆོད་གཞིས་སོགས་སུ་སྤྲིངས་པ་ཐོབ་ཅིང༌། ཡང་ན་འདི་ལྟར་རམ། འདི་ལྟ་སྟེ་ཞེས་ཟེར། བརྒྱ་དཔོན་དང་སྟོང་དཔོན་མངའ་འབངས་སྒེར་སྐྱོང་བྱེད་པ་དག་གིས་སྐུར་བ་བྱས་ན་བབ་ཐོབ་ལྟར་དང༌། རང་རིགས་ཀྱི་མངའ་ཞབས་སུ་སྤྲིངས་བ་བྱེད་འདོད་ནའང་བྱས་ཆོག་པར་གསུངས། དེ་ཡང་རྒྱལ་བ་ཡབ་སྲས་ལྟ་བུས་བཀའ་ཤོག་གནང་ཚེ། གོང་ཤོག་ཆེ་ཙམ་ཡར་ཕུད་པའི་མཚམས་ནས།ཡིག་མགོ་དང་ཡི་གེ་ཤིན་ཏུ་ཆེ་བར་བྱས་ལ། དབུ་ཆུང་རིང་དུ་འཐེན་པའི་འོག་ཏུ་ཆུད་ངེས་ཀྱི་སར་བརྗོད་གང་འོས་དང་འབྲེལ་བའི་མཚན་མཐར་ལུང་ངམ་གཏམ་ཞིས་བཀོད་པ། དཔེར་མཚོན་ན།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号