ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ།
ཡུལ་འོག་མ་རྣམས་ལ། ༈བཟང་པོ་ལ་སྐུར་དོན།  བཟང་པོ་ལ་ཆེད་དོན། ཐོ་དོན་ལྟ་བུ་གང་རིགས་དང༌།   ༈ད་ལྟ་འཚོ་བ་བདེ་ཞིང་བགྱི་འོས་མི་དམན་པར་གནས་སམ། འདི་ན་ཆོས་སྲིད་གོང་སྤེལ་དུ་ཡོད་སོགས་རང་ཉིད་ཀྱི་གནས་ཚུལ་མང་ཉུང་ཅི་ཡང་རུང་བའི་མཐར།  ༈འཕྲོས་འོས་ཀྱང་རིམ་པར་ཡོད་པ་གྱིས་རྟེན་དང་བཅས་ཟླ་ཚེས་ལ། ཞེས་ཐད་བྲིས་ཁོ་ན་དང༌། དྲིལ་ལྟེབ་ཀྱང་ཁ་ཞེང་ཆེ་བར་བྱས་ཏེ། ཉིས་ལྟེབ་སྣེ་བཀུགས་ཙམ་དང༌། ཤོག་དྲིལ་རང་སོར་བཞག་པ་སོགས་གང་འཐད་བྱས་པའི་ཁ་བྱང་དུ། ༈བཟང་པོ་ལ་སྤྲོད། ཅེས་སམ། བཟང་པོ་ལ་ཞེས་པ་ཙམ་དང༌།   རང་མིང་འབྲི་བའི་གོ་སར་རྟགས་ཐེལ་ཙམ་གྱིས་ཀྱང་འཐུས་ལ་ཡང་ན་རང་མིང་སྨོས་ཏེ་ཆེ་གེ་མོའི་ཡི་གེ ཞེས་འབྲི། ཡུལ་འོག་མར་གཏོགས་ཀྱང༌།   ས་ཐག་རིང་པོ་ན་ཡོད་པ་དང༌། དོན་ཆེན་སྒྲུབ་པ་སོགས་ཀྱི་དམིགས་བསལ་ལ་གཅེས་སྤྲས་གཙིགས་ཆེ་བྱེད་སྐབས། ཕྱག་ཏུ་འབུལ་ལམ། སྙན་དུ་འབུལ་ལྟ་བུ་དང༌། འབེབས་སོར་གཅིག་གཉིས་སོགས་ཀྱི་གཟོས་སྒོ་བྱེད་དེ་ལྟར་ཕྲིན་ཡིག་སྐུར་ལུགས་དང༌།   རང་གཞན་གྱིས་ས་ཚོད་ཇི་ལྟར་ཡིན་པ་ཕྱོགས་མཐོང་ཞིབ་འཇུག་གང་ནུས་ཀྱི་སྒོ་ནས་ར་མགོ་ལུག་སྦྱར་ལྟ་བུ་མ་་ཡིན་པས་སྐབས་བབས་གང་མཛེས་བྱ་ཞིང༌། ལྷག་པར་བརྙས་སྟབས་སུ་མ་སོང་བ་གལ་ཆེ་སྟེ། དིང་སང་གི་མི་ཕལ་མོ་ཆེ་ལ་ཟེར་སྟབས་ལེགས་ཉེས་ཅུང་ཟད་རེ་ཡང་མཛའ་འཁོན་གྱི་རྒྱུར་འགྲོ་ཞིང༌། གཞན་ལ་བཀུར་བསྟི་དང་རིམ་གྲོ་བྱེད་པ་ཡ་རབས་ཀྱི་ཚུལ་ལུགས་དང༌།མངོན་མཐོའི་ཡོན་ཏན་བརྒྱད་ཀྱི་ནང་ནས་དབང་ཕྱུག་ཕུན་སུམ་ཚོགས་པ་དེ་ཡང་སྐྱེ་བ་གཞན་དུ་ཕ་རོལ་ལ་བྲན་ལྟར་གུས་པ་ལྷུར་བླངས་པའི་རྒྱུ་ལས་འབྱུང་བར་གསུངས་པས་དཀའ་ལས་ཆེར་མི་དགོས་པར་འདི་ཕྱིའི་དོན་ཆེན་པོ་འགྲུབ་པའི་གནས་ལ་ཅིས་ཀྱང་འཇུག་པར་རིགས་སོ༑ ༑
༈ གསུམ་པ། ཡིག་ལན་ཇི་ལྟར་བྱེད་ཚུལ་ཡང་འཕགས་པ་རིན་པོ་ཆེའི་གསུང་ལས། བླ་མ་བློན་པོ་ཕ་མ་ལ། །བཀའ་ཤོག་གནང་བ་ཕེབས་ཞེས་ཟེར། །ཞེས་སོགས་ལྟར། བླ་མ་སློབ་དཔོན་དང་རྒྱལ་པོ་ཆེན་པོའི་བཀའ་ཤོག་བྱུང་བའི་ལན་ལ། ༈ བཀའ་ཤོག་རིན་པོ་ཆེ་གནང་བ་བདག་གི་སྤྱི་བོར་ཕེབས་སོགས་དང༌། ཕ་མ་ལ། ༈བཀའ་ཤོག་གནང་བ་འདིར་ཕེབས། ཁྲི་དཔོན་སྟོང་དཔོན་དང༌།   བཤེས་གཉེན་ཆེན་པོ་རྣམས་ལ། ༈ཕྱག་རྒྱ་གནང་བ་འདིར་ཕེབས། དྲུང་ཞུ་ཐོབ་པའི་རིགས་ལ། ༈ གསུང་ཤོག་གནང་བ་སྨིན།   གསུང་རིགས་གནང་བ་སྨིན། སྙན་འབུལ་དང༌། ཕྱག་འབུལ་ཐོབ་པ་རྣམས་ལ། ༈གསུང་ཤོག་འདིར་འཕྲོད་དམ་འབྱོར་ཞེས་དང༌།  ཡུལ་འོག་མ་རྣམས་ལ། ༈ཡི་གེ་འཕྲོད། རི་མོ་འཕྲོད་ཅེས་བྱའོ། །སྨྲས་པ།
                          ཚིག་ཉུང་གཏམ་གྱི་མེ་ལོང་དུ།  །
དོན་མང་གཟུགས་ཀྱི་རྣམ་པ་ཤར། །
ཡ་རབས་ལུགས་ཀྱི་བསྟན་བཅོས་ནི།  །
ངེས་པར་ལེགས་པའི་ཐེམ་སྐས་ཡིན།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号