ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ།
༈སླད་མར་ཡང༧ཞབས་པད་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན་པ་ནས་ཕྲན་བུ་ཐུགས་རྗེས་མ་བོར་བའི ༧ བཀའི་ཕེབས་ཚོགས་ཀྱང་གངྒྰའི་རྒྱུན་བཞིན་ཞུ།   སྤྱན་རས་ཀྱི་གཟིགས་པ་འབབ་སྟེགས་སུ་ལྷ་རེག་དཀར་འཇམ་དཔ་བཅས་ཟླ་ཚེས་ལ་གུས་ལྡན་པས་ཕུལ་བའི་ཞུ་ཡིག ཅེས་བཀོད་པའི་ཞུ་ཡིག་གམ།ཕུལ་ཞེས་པའི་ཚིག་ཐ་མ་དེ།   ཡིག་ཕྲེང་གི་གཤམ་ནས་འདྲི་ཚུལ།དཔེར་ན། གུས་ལྡན་པས་ཕུལ་བའི་ཞུ་ཡིག གུས་ལྡན་པས་ཕུལ། ཞེས་པ་ལྟར་རོ། །དེ་ཡང་འཕགས་པ་རིན་པོ་ཆེའི་གསུང་ལས། རང་ཉིད་ཕྱག་འབུལ་བྱེད་པ་ལ། །ཚེས་གྲངས་འདི་ལ་ཕུལ་ཞེས་བྱ། །ཞེས་པ་ལྟར། ཟླ་བ་ཆུ་སྟོད་ཀྱི་ཉ་བའི་དཀར་ཚེས་དགའ་བ་གཉིས་པ་ལྟ་བུས་མཚོན་ཡི་གེ་འབྲི་དུས་ཀྱི་ཟླ་བ་དང་ཚེས་གྲངས་གང་ཡིན་གསལ་བར་བཀོད་ལ་འོན་ཀྱང་དིང་སང་རི་མོས་མཚོན་པར་བྱེད་པ་མང་སྟེ་བཤད་མ་ཐག་པའི་ཟླ་ཚེས་ལའང་རི་མོ་འདི་བཞིན་འབྲིའོ། །གནས་ཀྱང་གཙུགས་ལག་ཁང་ངམ། བླ་བྲང་ངམ། རྒྱལ་ཁབ་ལྟ་བུ་ནས་ཆེན་པོ་དག་གིས་བསྐུར་དང་བྲིས་ཞེས་བརྗོད་པ་ཤིན་ཏུ་མཛེས་མོད། མི་ཕལ་བ་ཞིག་གི་ཡི་གེར། བླ་བྲང་ཆེན་པོ་ནས་ཕུལ་ཞེས་བྲིས་ན་བཞག་གད་ཀྱི་རྒྱུར་འགྲོ་བས། བླ་བྲང་ཆེན་པོའི་བྱ་འདབས་ཀྱི་སྤྱིལ་ཆུང་ནས་ཕུལ་བྱས་ན་མཚམས་པར་འགྱུར་རོ།  ཡུལ་གོང་མ་རྣམས་ལ་གུས་ཉམས་མེད་པའི་བླུན་ཚིག་གི་མཚན་རྗེན་པར་འཛིན་པ་སོགས་མི་རུང་ཞིང༌། ཞུ་ཡིག་གི་གཞུང་ནས། སྐྱབས་མགོན་མཆོག་གམ། དམ་པ་ཉིད་སོགས་མཚན་གྱི་རྣམ་པ་དང༌། སྐུ་ཁམས་དང་ཞཔས་པད།   བཀའ་ཤོག་ཟེར་བ་ལྟ་བུ་གང་བྱུང་གི་སྔོན་དུ་ཆེ་རྟགས་ཀྱི་ཡིག་མགོ་ཡི་གེ་གོང་མས་མ་ནོན་པར་བྱ་སྟེ། དཔེར་ན། ༧སྐྱབས་མགོན་མཆོག་ནས།༧དམ་པ་ཉིད་ཀྱི། ༧སྐུའི་དཀྱིལ་འཁོར། ༧ སྐུ་ཁམས། ༧ཞབས་པད། ༧ བཀའ་ཤོག ༧བཀའི་གསང་བ་སོགས་སོ། །གོང་མ་བདག་པོ་ཆེན་པོ་ལ་འབུལ་དུས་གོང་མའི་མཚན་བྱུང་མཚམས་ནས་ཡིག་འཕྲོས་བསྐྱུར། ཡིག་ཕྲེང་རྗེས་མ་མཇུག་རྩེ་སོར་གཉིས་ཀྱིས་སྔོན་མ་ལས་མཐོ་བ་བྱས་ཏེ། མཚན་གོང་ཆེ་མགོ་སྦྲུལ་ཤད་བྱེད་པ་ནི། དམིགས་བསལ་གྱི་ཆེ་བ་ཡིན་པར་གྲགས།   གོང་དུ་སྨོས་པའི་ཡུལ་དེ་ཀུན་གྱིས་ཞབས་དྲུང་ཐོབ་ཀྱང་འབེབས་ཆེ་ཆུང་དང་འཚམས་ཞུའི་ཁྱད་པར་རང་རང་གི་སྐབས་དང་སྦྱོར། སྤྱིར་ན་སྐུའི་བདེ་ཞུ་ལ། འཚམས་ཞུ་ཟེར་བ་གྲགས་ཆེ་ཞིང༌། སྐབས་ཞུའི་གོང་དེར་མ་ཡིག་སྔོན་དུ་འཇུག་པའི་མཚམས་ཞུ་དང༌། འ་ཡིག་སྔོན་དུ་འཇུག་པའི་འཚམས་ཞུ་ཅི་རིགས་བྲིས་འདུག་པ་སྔ་མ་ལྟར་ན། བར་མཚམས་འདིར་ཞུ་རྒྱུ་ཞེས་པའི་དོན་དང༌། ཕྱི་མ་ལྟར་ན། སྐུའི་བདེ་ཞུའམ། འཚམས་འདྲི་ལ་གོ་དགོས་པས།   ཕྱི་དུས་ཀྱི་མཁས་པར་གྲགས་པ་ཕལ་མོ་ཆེས་ཀྱང༌། སྔ་མ་འོས་པར་བཞེད་དེ་གང་བདེ་བྱའོ། །ཡིག་ལྟེབ་བྱེད་ལུགས་སོགས་ཀྱང་འཕགས་པ་རིན་པོ་ཆེའི་གསུང་ལས། མི་ཆེན་རྣམས་ལ་ཡིག་རྒྱ་ནི།   །ཞེང་ཆུང་ཁ་ཡིག་དབུ་ཆུང་དང༌། །འདི་ཞེས་བྱ་བའི་ཞབས་དྲུང་ཕུལ། །གོང་འོག་ཡོད་ངེས་ཤེས་པར་བྱ། །ཞེས་པ་སྟེ། རྒྱ་ནག་གི་སྐད་དུ་ཧུང་ལ།བོད་དུ་སྔོན་ཡིག་སྒྲོམ།   དིང་སང་ཡིག་རྒྱ་ཞེས་ཟེར་བ་དོན་ལ་ཡིག་ཆིངས་བྱེད་ཚུལ་ནི། ཞབས་དྲུང་ཐོབ་པ་རྣམས་ལ་ཞུ་ཡིག་རྫོགས་པའི་གཤམ་ནས་ཤོག་ལྷག་སོར་གང་དོ་ལས་ལྷག་མི་བཞག་ཀྱང་གཤམ་དེ་ནས་ཕྱིར་ལྟེབ་གཅིག་བརྒྱབ་ཏེ་མས་རིམ་ནས་ཆུང་ངུར་དྲིལ་ཞིང་དམ་པར་བལྟེབས་པ་དེ་ཉིད་གཡོན་ནས་ཡར་བཞི་ལྟེབ་བྱ་ཚུལ་ཡིག་ངེས་ཚུར་བསྟན་པའི་གཡོན་ཕྱོགས་ཀྱིས་སྣེ་ཅུང་ཟད་ནང་དུ་བཀུགས་པ་ཕྱེད་དུ་བརྩིས་པའི་ཕྱེད་དང་བཞི་ལྟེབ་བྱས་ཏེ།   ཤོག་དྲིལ་གྱི་སྣེ་གཡས་ཕྱི་ལ་ཐོན་པ་བྱ།   དེའང་ཧྲིལ་པོ་སུམ་ལྟེབ་ཀྱི་དཀྱིལ་ལམ་དབུས་ཕྱོགས་དེར་དབུ་ཆུང་དང་ཡིག་གཟུགས་ཕྲ་པར་བྱས་ཏེ། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号