ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ།
༧བཛྲ་ངྷ་ར་ཏཱ་ལའི་བླ་མར་འབོད་པའི་གཏམ།   ཞེས་དང༌།ཡང་ན།  བཛྲ་ངྷ་ར་ཏཱ་ལའི་བླ་མར་གྲགས་པའི་ལུང༌།   ཞེས་འབྲི།
དེ་འོག་ས་སྟོང་སོར་བཅུ་སོགས་གཞི་མ་ཆེ་ཆུང་གི་ཚོད་དང་བསྟུན་པའི་འབེབས་མཚམས་ཤིན་ཏུ་ཆེ་བར་བྱས། ལུང་ངམ། གཏམ་ཞེས་པའི་འོག་ཏུ་ཆུད་ངེས་ཀྱི་ཚོད་ནས། ༈ ཡངས་པའི་ས་ལ་སྤྱོད་པའི་སྐྱེ་དགུ་དྲག་ཞན་མཐའ་དག་ལ་སྤྲིངས་པའམ།ཟློ་བ་ཞེས་འདྲི། དེ་རྗེས་སྐབས་དོན་འཚམ་པར་སྨོས་པའི་མཇུག་ཏུ། ༈ གོ་ཤེས་ཀྱིས་སམ། ཡིད་འཇགས་ཀྱིས་ཞེས་རྟོགས་པར་བྱ་བའི་ཡི་གེ་ཟླ་ཚེས་དགེ་བར་ཕོ་བྲང་ཆེན་པོ་པོ་ཏ་ལ་ནས་བྲིས།   ཞེས་པ་ལྟ་བུའི་ཕྱི་ཐད་ཡིག་ཕྲེང་གསུམ་བཞི་ཙམ་ནོན་པའི་ཚོད་དུ་ཏོགས་ཐམས་གདབ། ཡིག་རྒྱ་བྱེད་ན་ཤོག་བུ་དྲིལ་ལྟེབས་ཁ་ཞེང་ཆེ་བ་ཉིས་ཁུགས་བྱས་པའི་གཡས་ངོས་ལ། བཀའ་ཤོག་གནང་མཁན་དེའི་མཚན་དངོས་སུ་འབྲི་བའམ།    མ་བྲིས་ཀྱང་རྟགས་ཐེལ་གདབ་པ་ཆེན་པོའི་ལུགས་སྲོལ་ཡིན་པས་གང་རིགས་བྱ།
གཡོན་ངོས་སུ་འདི་ཞེས་བྱ་བར་སྤྲོད་ཅེས་སམ། འདི་ཞེས་བྱ་བ་ལ། ཞེས་བཀའ་ཤོག་གནང་ཡུལ་གྱི་མིང་གསལ་བར་འདྲི། རྟགས་ཐམ་གྱི་དབྱིབས་ནི། བླ་དཔོན་གྱི་རིགས་ལ་རྟགས་ཐེལ་དང་ཐམ་ཁ་གཉིས་ཀ་གྲུ་བཞི་དང༌།    བཙུན་མོ་སོགས་ཀྱི་རྟགས་ཐམ་སྒོར་མོ་བྱེད་པ་སྔོན་དུས་རྒྱ་ནག་གི་ལུགས་སུ་གྲགས་ཤིང༌། ད་ལྟ་བོད་དུ་རྒྱལ་བ་ཡབ་སྲས་ལ་རྒྱ་ནག་གོང་མ་ཆེན་པོས་གསེར་གྱི་སྤང་ལེབ་གྲུ་བཞིའི་ངོས་ལ། རྒྱ་ཧོར་བོད་ཀྱི་ཡི་གེ་སུམ་གཤིབས་སུ་ཡོད་པའི་གསེར་ཐམ་ཆེན་མོ་ཕུལ་བ་ལྟར་དང༌། ཐམ་གཡོག་ཆེ་ཆུང་གྲུ་བཞི་ཡང་མང་ལ།   རྟགས་ཐེལ་སྒོར་མོ་ཤེས་ཆེ་ཞིང༌།   དམངས་ཀྱི་རྟགས་ཐེལ་ཡང་གྲུ་བཞི་དང་སྒོར་མོ་ངེས་པ་ཆེར་མེད་ལ།   རི་མོ་ཕལ་ཆེར་བདག་པོའི་མིང་ཅི་རིགས་སམ། མིང་གཞི་ས་བོན་ལྟ་བུ་རེ་ཡོད་པ་འོས་པར་གསུངས་སོ།   །ཁྲི་དཔོན་ནམ་སྟོང་དཔོན་ཆེན་པོ་དག་གིས་རང་རང་གི་མངའ་འབངས་ལ༑   གེ་དང་ཡིག་མགོའི་ཕྲ་སྦོམ་རན་པར་བྱས་ཏེ།    ཆེ་བརྗོད་དང་བཅས་པའི་རང་མིང་གི་མཐར་གཏམ་མམ།     ཡི་གེ་ཞེས་འབྲི་འབེབས་རང་ཚོད་དང་མཐུན་པ་བྱེད།    གཏམ་མམ་ཡི་གེ་ཞེས་པའི་འོག་ཟུར་ནས། ༈ མངའ་འོག་ཏུ་གཏོགས་པའི་དྲག་ཞན་མཐའ་དག་ལ་བསྐུར་དོན་ཞེས་སམ། སྤྲིངས་པ་ཞེས་འབྲི།   རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དག་གིས་ཀྱང༌། འདི་བཞིན་མཛད་ཆོག་པ་ལ། ༈ མཆོད་གཞིར་གཏོགས་པའི་དྲག་ཞན་ནམ། ཡང་ན་ངེད་ལ་ཚད་མར་འཛིན་པའི་དྲག་ཞན་བར་མ་རྣམས་ལ་འདི་ལྟ་སྟེ་ཞེས་དང༌། དྲག་ཞན་བར་མ་མཐའ་དག་གི་གོ་བར་བྱ་བ་འདི་ལྟར་ཞེས་སོགས་སྦྱོར་ཚུལ་ཤེས་བར་བྱའོ།
གཉིས་པ་ཆུང་བ་དག་གི་སྐུར་ཚུལ་ནི། འཕགས་པ་རིན་པོ་ཆེའི་གསུང་ལས། ཆོས་འབྲེལ་བླ་མ་སློབ་དཔོན་དང༌། །ཁྲི་སྐོར་སྟོང་སྐོར་བདག་པོ་དང༌། །དབུས་གཙང་རྗེ་དཔོན་ཕ་མ་དང༌།   །རང་ཉིད་ཕྱག་འབུལ་བྱེད་རྣམས་ལ། །ཞཔས་དྲུང་དུ་ནི་ཞུ་བ་ཐོབ། །ཅེས་པ་ལྟར་དབང་ལུང་སོགས་ཀྱི་ཆོས་འབྲེལ་ཆེབའི་བླ་མ་སློབ་དཔོན་རྣམས་དང༌། ལྷ་སྡེ་མི་སྡེ་ཁྲི་སྐོར་སྟོང་སྐོར་གྱི་མངའ་བདག་གི་རྒྱལ་པོ་དང༌། དབུས་གཙང་མདོ་ཁམས་སོ་སོའི་བསྟན་སྲིད་སྐྱོང་བའི་རྗེ་དཔོན་དང༌། དྲིན་ཅན་གྱི་ཕ་མ་དང༌། ཕྱག་ཡུལ་དུ་གྱུར་བའི་བཤེས་ གཉེན་རྣམས་ལ་ཡི་གེ་འབུལ་ཚེ་གོང་ཤོག་སོར་བཅུ་སོགས་ཀྱི་མཚམས་ནས། ཡིག་མགོ་དང་ཡིག་གཟུགས་ཤིན་ཏུ་ཕྲ་ཞིང་ཆུང་བར་བྱས་ནས།མཚན་དངོས་དམར་འདོན་མིན་པའི་བསྟོད་བསྔགས་གང་རྒྱས་དང་བཅས་པའི་མཚན་དཔེར་ན། བླ་ཆེན་གྱི་རིགས་ལ། ༈ ལྷ་མིའི་གཙུག་རྒྱན་མཆོག་གི་ཞེས་དང༌། རྒྱལ་པོ་ཆེན་པོ་ལ། ༈སྟོབས་ཀྱི་འཁོར་ལོས་སྒྱུར་བ་མཆོག་གི  ཞེ་པ་ལྟ་བུར། སྐུ་དངོས་ཀྱི་དྲུང་ངམ་ཕྱག་ཏུ་འབུལ་བར་མི་སྤོབས་པའི་གུས་པ་དང་ཞུམ་པ་མཚོན་བྱེད་དུ་སྐུའི་ཆ་དམའ་ཤོས་ནས་སྨོས་པའི། ༈ཞབས་དྲུང་དུ། ཞེས་སམ། ཞཔས་ཀྱི་པདྨོའི་དྲུང་དུ། ཞེས་པ་ལྟ་བུ་སྦྱར་ལ་ཡིག་ཕྲེང་དེའི་ལྷག་མ་སྟོང་བར་བཞག འོག་ཏུ་མཐོ་གང་སོགས་ཕབས་པའི་མཚམས་སུ་གོང་གི་ཞབས་འོག་ཏུ་ཆུགས་ངེས་བྱས་ནས། ༈གུས་པ་ཆེན་པོས་ཞུ་གསོལ། ཞེས་པ་ལྟ་བུས་མཚམས་སྦྱར་དེ་ནས་བསྙུན་གསོལ་བའམ། མཚམས་ཞུ་བྱེད་ཚུལ་སྙིང་པོར་དྲིལ་ནས། ༈དེང༧སྐུ་རིན་པོ་ཆེ་ཉེར་འཚེའི་དྲི་མ་དང་བྲལ་ཞིང༌། འགྲོ་ཀུན་ལེགས་བྱས་ཀྱི་སྒོ་བརྒྱར་འགོད་བཞིན་བཞུགས་ལཊ་སམ།ཞེས་དང་།རང་གི་གནས་ཚུལ་ཕལ་ཆེར་མ་བཀོད་པ་ལེགས་ཤིང༌། འགོད་པར་སྤྲོ་ན། ༈གུས་ཞབས་པའང་འཚོ་ཙམ་ལགས། ཞེས་པ་ལྟ་བུའི་ཚིག་ཉུང་ཤས་ཤིག་བརྗོད་པས་ཆོག །དེ་རྗེས། ༈ཆེད་དུ་གསོལ་དོན་ནམ། ཞུ་སྙིང་སོགས་ཀྱིས་མཚམས་སྤྱར་ནས། སྐབས་དོན་གང་ཡོད་ཞས་ཏེ་མཇུག་བསྡུ་བ་ནི།  
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号