ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཆེད་སྤྱོད་ཡི་གེའི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།

ཆེད་སྤྱོད་ཡི་གེ་འབྲི་སྟངས་ཀྱི་རྣམ་གཞག་བཤད་པ།

ཆེད་སྤྱོད་ཡི་གེ་ཞེས་པ་ནི་ཆེད་མངག་སྤྱོད་སྒོ་ལྡན་པའི་ཡི་གེ་ཞིག་ཡིན་ཅིང་། ཆེད་སྤྱོད་ཡི་གེིའི་ནང་དོན་སྣ་གཅིག་དང་རྣམ་གཞག་ཀྱང་གཏན་འཇགས་ཡོད། དེར་འབོད་ཚུལ་དང་གཞུང་དངོས། མཇུག་སྒྲིལ། མིང་འགོད་པ། ཚེས་གྲངས་བཅས་ཁག་ལྔ་འདུས་ཡོད། ཆེད་སྤྱོད་ཡི་གེའི་འབྲི་སྟངས་ནི་སྤྱིར་བཏང་གི་ཡི་གེའི་འབྲི་སྟངས་དང་གཅིག་མཚུངས་ཡིན་ནའང་དེར་རྒྱུར་དུ་གསལ་རྟགས་ཀྱི་རང་བཞིན་ལྡན་པའི་ཁ ་བྱང་ཡོད་ཅིང་། ཁ ་བྱང་དེ་འབྲི་ཤོག་གི་ཤོག་ཐིག་དང་པོའི་དཀྱིལ་དུ་མངོན་གསལ་དོད་པོ་འགོད་དགོས། ཆེད་སྤྱོད་ཡི་གེའི་ནང་དོན་སྣ་གཅིག་ཡིན་པ་དང་མདོར་བསྡུས་ལ་སྐད་ཆ་མཛའ་ཞིང་བརྩེ་བ་དང་སྤྲོ་སེམས་འཕེལ་བ་ཞིག་ཡོད་དགོས། གཞུང་དངོས་ཀྱི་མཇུག་ཏུ་ཤོག་ཐིག་གཅིག་མར་ཕབ་སྟེ་ཚིག་ཁྱིམ་གཉིས་ཀྱི་སྟོང་ཆ་བཞག་ནས་འཚམས་ཞུའམ་གུས་འདུད་དང་བཅས་ཞེས་པའི་གོམས་སྲོལ་གྱི་སྐད་ཆ་འབྲི་དགོས། ཡི་གེ་འབྲི་མཁན་གྱི་མིང་དང་ཟླ་དུས་ཚེས་གྲངས་ཤོག་ཐིག་གང་འཚམ་ཞིག་མར་ཕབ་སྟེ་འབྲི་ཤོག་གི་གཡས་ངོས་སུ་འབྲི་དགོས་པ་དང་རེ་འགའ་མིང་དང་འགོད་པར་མ་ཟད་གཞུང་དམ་ཡང་རྒྱག་དགོས།

 རྟག་ཏུ་སྤྱོད་པའི་ཆེད་སྤྱོད་ཡི་གེ་སྟེ། ། ངོ་སྤྲོད་ཀྱི་ཡི་གེ་དང་ར་སྤྲོད་ཀྱི་ཡི་གེ། དགོངས་ཞུའི་ཡི་གེ ། འཚམས་འདྲིའི་ཡི་གེ །   ཐུགས་རྗེ་ཆེ་ཞུ་བའི་ཡི་གེ ། བསྟོད་བསྔགས་ཡི་གེ །   རྟེན་འབྲེལ་ཞུ་བའི་ཡི་གེ ། འཕྲིན་བཟང་ཡི་གེ ཏར་ཡིག   རེ་འདུན་ཞུ་བའི་ཡི་གེ   ཆོད་སེམས་ཡི་གེ འགྲན་ལན་འཇལ་བའི་ཡི་གེ གདན་འདྲེན་ཞུ་བའི་ཡི་གེ   གདན་ཞུའི་ཡི་གེ༼མགྲོན་ཤོག༽ རང་སྐྱོན་བརྗོད་བའི་ཡི་གེ གྲོས་ཚོགས་ཀྱི་ཡི་གེ   ཉིན་ཐོའི་ཡི་གེ   གསལ་བརྡའི་ཡི་གེ གན་རྒྱའི་ཡི་གེ   གཏུག་བཤེར་གྱི་ཡི་གེ འདས་བརྡ་དང་མྱ་ངན་ཞུ་བའི་ཡི་གེ་སོགས་སོ། །
༡ ངོ་སྤྲོད་ཀྱི་ཡི་གེ
ངོ་སྤྲོད་ཀྱི་ཡི་གེ་ཞེས་པ་ནི་ཚན་པ་ཞིག་གམ་མི་སྒེར་ཞིག་གི་སར་ལས་དོན་སྐོར་འབྲེལ་གཏུག་བྱེད་པར་མི་མངག་གཏོང་བྱེད་སྐབས་ངོ་སྤྲོད་བྱེད་པའི་ཡི་གེ་ཞིག་རེད། ངོ་སྤྲོད་ཀྱི་ཡི་གེ་འབྲི་སྐབས་ངོ་སྤོད་བྱ་རྒྱུའི་ཚན་པའམ་མིིའི་མིང་དང་གནས་བབས། འབྲེལགཏུག་བྱ་རྒྱུའི་དོན་དག ངོ་སྤྲོད་ཀྱི་ཡི་གེ་འབྲི་མཁན་གྱི་ཚན་པའམ་མི་སྒེར་གྱི་མིང་། ཟླ་དུས་ཚེས་གྲངས་བཅས་གསལ་བོར་བྲིས་ཁར་གཞུང་དམ་མམ་སྒེར་དམ་རྒྱག་དགོས།
                                            དཔེ་གཞི།

                                      ངོ་སྤྲོད་ཀྱི་ཡི་གེ།
   ༞ཆུས་ཨུ་མཆོག་ལ།
        ང་ཚོའི་ཆུས་ཀྱི་ལག་རྩལ་པ་བློ་མཐུན་༞དང་༞གཉིས་ཁྱེད་ཚོིའི་ཆུས་སུ་ཆུ་གློག་ས་ཚིགས་དོ་དམ་བྱེད་པའི་ཉམས་མྱོང་སློབ་སྦྱོང་ཞུ་བར་མངགས་པས་དེ་ནས་སྣེ་ལེན་དང་འབྲེལ་ཉམས་མྱོང་རྣམས་ངོ་སྤྲོད་གང་ལེགས་གནང་བའི་རེ་བ་ཞུ །
          གུས་འདུད་དང་བཅས།
                                ༞ཆུས་ཨུ་ཡིས༝ལོའི་ཟླ་༼དམ་ག༽
                                         ༝ཚེས་༝ཉིན་ལ། 
༢ ར ་སྤྲོད་ཡི་གེ།

ར ་སྤྲོད་ཀྱི་ཡིེ་གེ་ཞེས་་པ་ནི་ཚན་པའམ་ཚོགས་པ་ཞིག་གི་མིང་ཐོག་ནས་འབྲེལ་ཡོད་མི་སྣའི་གནས་བབས་དང་ལོ་རྒྱུས་སམ་གནད་དོན་ཞིག་གི་གནས་ཚུལ་ངོ་མ་སོགས་ར་སྤྲོད་བྱེད་པའི་ཡི་གེ་ཞིག་ཡིན་ཅིང་། ར་སྤྲོད་ཀྱི་ཡི་གེ་ལ་དམིགས་བཀར་གྱི་འབྲི་ཡུལ་དང་འབྲི་ཡུལ་ངེས་མེད་ཡིན་པའི་འབྲི་སྲོལ་རྣམ་པ་གཉིས་ཡོད།
ར་སྤྲོད་ཀྱི་ཡི་གེ་འབྲི་སྐབས་དོ་སྣང་བྱེད་རྒྱུ་སྟེ། ངེས་པར་འགན་ནན་ཏན་ཁུར་ ནས་དངོས་ཐོག་བདེན་འཚོལ་བྱེད་དགོས་པ་དང་གཅིག ར་སྤྲོད་བྱེད་རྒྱུའི་མིའམ་དོན་གནད་ལ་ངེས་པར་ཁུངས་ཕེར་བ་དང་ཡིད་རྟོན་རུང་བའི་ཤེས་རྟོགས་བྱེད་དགོས་པ་དང་གཉིས། ཡི་གེ་ངེས་པར་དག་དགོས་པ་དང་སྐད་ཆ་གནད་ཕིགས་པ་བྱེད་དགོས་པ་ལས་སྐད་ཆ་གསལ་བོ་མེད་པའམ་ཐེ་ཚོམ་ཟ་དགོས་པ་བཅས་མི་ཡོང་བར་བྱེད་རྒྱུ་དང་གསུམ་མོ། །
                                             དཔེ་གཞི།

                                    ར་སྤྲོད་ཀྱི་ཡི་གེ །
ང་ཚོའི་རྫོང་ཞིང་འབྲོག་ཁང་གི་ལས་བྱེད་པ་བློ་མཐུན་༞༞༼བུ།     བོད་རིགས །         ལོ༞༼ ༞ས ་ཁུལ་སོགས་ལ་ཞིང་ལས་ཡོ་བྱད་ཉོ་སྒྲུབ་བྱེད་པར་སྐྱོད་པས་ཆེད་མངག་ར་སྤྲོད་བྱེད་རྒྱུ་མ་ཟད། ལམ་རྒྱུད་ས་ཚིགས་ཁག་གིས་བཟའ་ཆས་དང་སྡོད་གནས་སོགས་རོགས་རམ་ཐག་གཅོད་གནང་བ་འཚལ །
                                          ༞རྫོང་སྲིད་གཞུང་གིས་༼དམ་ག༽
                                            ༝ལོའི་ཟླ་༝ཚེས༝ཉིན་ལ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号