ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཆེད་སྤྱོད་ཡི་གེའི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།
དཔེ་གཞི།

                                       བསྟོད་བསྔགས་ཀྱི་ཡི་གེ།
༞༞ཞང་ཏང་གི་ཀྲི་པུའུ་ལ།
     བློ་མཐུན་༝༝ཁྱེད་ཚོིའི་ཞང་མི་དམངས་བཙུགས་སློབ་གྲྭའི་དགེ་རྒན་བྱས་ནས་ལོ་༝ལྷག་ཙམ་བྱིན། ཁོང་གིས་ཏང་གི་འབོད་སྐུལ་དང་ལེན་ཞུས་ཏེ་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་བསྐྲུན་བྱེད་ཆེད་དུ་ཕུལ་ནས་དཀའ་བ་ཁྲི་སྟོང་ཁྱད་དུ་བསལ་དེ་བློ་གཅིག་སེམས་གཅིག་དང་ཐབས་བརྒྱ་ཇུས་སྟོང་གིས་རང་འཁྲིའི ་ལས་འགན་ལེགས་སྒྲུབ་བྱེད་བཞིན་ཡོད།
བློ་མཐུན་༝༝ཡིས་རང་ཉིད་དགེ་རྒན་བྱེད་དགོས་ན་ཐོག་མར་དགེ་ཕྲུག་བྱེད་དགོས་པའི་གནས་ལུགས་གསལ་རྟོགས་ཐུབ་པ་དང་འབྲེལ་མའོ་ཙེ་ཏུང་མཆོག་གིས་ལོ་མང་མཐའ་འཁྱོངས་བྱས་ན་ཕན་འབྲས་ཡོང་ངེས་ཡིན་གསུངས་པའི་སློབ་སྟོན་སྙིང་དབུས་སུ་བཅངས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཟས་བརྗེད་གཉིད་ཆག་གིས་རིག་གནས་སྦྱང་བརྩོན་བྱས་ནས་སྒེར་དོན་ཡ་མ་བརླ་རིང་དུ་བསྐྱུར་ཏེ་གཞན་གྱི་རྒྱུ་ནོར་མཐོང་སྐབས་སྲོག་གཅོད་ཀྱི་དུག་ལྟ་བུར་རྩི་བ་དང་། གཞན་ལ་ཡོད་པའི་ཤེས་བྱ་རྣམས་རྙེད་པར་དཀའ་བའི་ཡིད་བཞིན་ནོར་བུ་ཞིག་ཏུ་བརྩིས་ནས་ཁེངས་སྐྱུངས་གིས་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་རིག་གན ས་ཆུ་ཚད་ཉིན་བཞིན་མཐོ་རུ་གཏོང་གིན་ཡོད། མ་གཞི་ཀོང་སློབ་གྲྭར་ལོ་རེ་གཉིས་ལས་སྡོད་རྒྱུ་མ་བྱུང་ཡང་ལོ་ཤས་རིང་འབད་པ་ལྷོད་མེད་སྤྱད་དེ་ད་ལྟ་ཁོང་གི་རྩིས་ཡིག་ཆུ་ཚད་ཆེད་ལས་སློབ་གྲྭ་ཆེན་མོའི་གནས་ཚད་ལ་སླེབས་སྟབས་ཁོང་ན་རང་སྦྱོང་བྱས་ནས་མཁས་པར་གྱུར་པ་ངོ་གནོང་མེད་པ་ཞིག་རེད།
    ཁོང་གིས་ལྷད་མེད་མཐར་ཕྱིན་གྱི་གསར་བརྗེ་བ་ཞིག་བྱེད་དགོས་ན་རིག་གནས་ཆུ་ཚད་མཐོན་པོ་ཡོད་དགོས་པ་ཙམ་མ་ཟད་གསར་བརྗེའི་རིགས་པའི་གཞུང་ལུགས་རྟོགས་པར་བྱེད་རྒྱུ་གལ་ཆེན་ཡིན་པར་བསམས།   དེར་བརྟེན་རྟག་དུ་རིག་གནས་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་མར་ལེའི་རིང་ལུགས་གསུང་རྩོམ་དང་མའོ་ཙེ་ཏུང་དགོངས་པ་སློབ་སྦྱོང་ནན་ཏན་བྱས་ནས་རང་གི་འཇིག་རྟེན་ལྟ་བ་སྒྱུར་བཀོད་བྱེད་པ་དང་། འབྱོར་མེད་གྲལ་རིམ་གྱི་མི་ཚེའི་རིན་ཐང་ལྟ་བ་བརྟན་པོར་འཛིན།   རྒྱུན་དུ་སློབ་མ་ཚོར་འབྱོར་མེད་གྲལ་རིམ་གྱི་གསར་བརྗེའི་རྒྱུད་འཛིན་པ་དམར་ཞིང་མཁས་པ་ཞིག་བྱེད་དགོས་སྙམ་ན་ཚན་རིག་ལག་རྩལ་ལ་དེ་བེད་སྤྱད་ཆོག་པས་རེད། འབྱོར་མེད་གྲལ་རིམ་གྱི་གསར་བརྗེའི་རྒྱུད་འཛིན་པ་ཞིག་ལ་ཚན་རིག་ལག་རྩལ་གྱི་ཆུ་ཚད་མཐོན་པོ་ཡོད་པ་ཙམ་ལས་མར་ལེིའི་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པའི་ཤེས་བྱ་དམའ་བོ་ཡིན་ན་དེས་རང་རྟོགས་ཀྱི་སྒོ་ནས་མེས་རྒྱལ་གྱི་དེང་རབས་ཅན་བཞིའི་ཆེད་དུ་ནུས་རྩལ་མི་འདོན་པར་རང་ཉིད་ཀྱི་སྙན་གྲགས་དང་ཐོབ་ཤོར་ཤོ་ན་འབད་དེ་མཐར་ཁྱི་ལ་ཚིལ་ལུ་ཡོད་ཀྱང་ཟ་མི་རུང་ཞེས་པའི་དཔེ་ལྟར་འགྱུར་སྲིད་ཅེས་གསུངས། གསུང་ཚུལ་དེ་གསར་བརྗེ་བ་རྣམ་དག་ཅིག་བྱེད་དགོས་ན་སྤྱོད་ཡོན་གཉིས་ལྡན་བྱེད་རྒྱུའི་རང་བཞིན་གལ་ཆེན་དང་དམར་ཞིང་མཁས་ཞེས་པའི་རྩོད་སྒྲུབ་འབྲེལ་བ་དེ་རྣག་ཐོག་འཁེལ་གྱིས་ང་ཚོར་ངོ་སྤྲོད་གནང་།
དགེ་རྒན་དང་སློབ་མའི་བར་དུ་ཕ་མ་བུ་ཚ་ལྟ་བའི་བརྩེ་དུང་གཏིང་ཟབ་འོང་ཐུབ་ན་དགེ་རྒན་གྱི་ཡོན་ཏན་རྣམས་སློབ་མར་སྤེལ་ཐུབ་པ་དང་སློབ་མ་ཚོས་སྤྲོ་སྣང་ཆེན་པོིའི་ངང་དུ་དང་ལེན་སྲིད་པའི་རྒྱུ་མཚན་གསལ་བོར་རྟོགས་ཤིང་། སྐབས་འགར་སློབ་མ་རེ་འགས་སློབ་སྦྱོང་ཡག་པོ་མ་བྱས་པ་པ་དང་སྒྲིག་ལམ་མ་བསྲུངས་པའི་གནས་ཚུལ་བྱུང་ཚེ་ངང་རྒྱུད་རིང་བོས་སློབ་གསོ་གཏོང་བ་ལས་རྡུང་རྡེག་དང་གཤེ་གཤེ་གཏན་ནས་མི་གཏོང་། སློབ་མ་ཚོ་ལོ་ན་ཕྲ་བའི་དབང་གིས་དགེ་རྒན་ལ་ལད་ཟློས་བྱེད་རྒྱུར་དགའ་སྟབས།   དགེ་རྒན་གྱི་གཏན་སྤྱོད་ལེགས་ཉེས་་དེས་སློབ་མ་ཚོར་ཐད་ཀར་ཤུགས་རྐྱེན་ཐེབས་པར་བརྟེན་ཁ་གཏན་གཡུ་འབྲུག་སྐད་ལས་ཆེ། ལག་ལེན་ནམ་མཁའི་འཇའ་ལྟར་ཡལ་ཞེས་པའི་དཔེ་ལྟར་ཡིན་ན་མི་འགྲིག་པར་སྙམ་སྟེ་གཞན་སྟོན་བྱེད་རྒྱུར་དེ་བས་ཀྱང་མཐོང་ཆེན་བྱེད།
   བློ་གཅིག་སེམས་གཅིག་གིས་ཏང་གི་སློབ་གསོའི་ལས་དོན་ལེགས་སྒྲུབ་ཡོང་བར་བྱེད་ཆེད་སྐོམ་པ་ཆུ་འདོད་ལྟར་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ།   དེ་བཞིན་རིག་གནས་བསླབས་ནས་མི་དམངས་ལ་ཞབས་འདེགས་ཟོལ་མེད་ཞུ་བའི་སྙིང་སྟོབས་དེ་བས་ཀྱང་ཡིན། ལས་མང་ཡོངས་དང་སྒོས་སུ་དགེ་རྒན་སུ་དགེ་རྒན་རྣམ་པས་ཁོང་ལ་སློབ་སྦྱོང་བྱེད་དགོས། གང་གི་སྙིང་རུས་དེ་བས་ཆེ་བའི་ངང་ནས་མཚར་སྡུག་ལྡན་པའི་ལྷག་བསམ་པད་མ་དཀར་བོའི་གེ་སར་གྱིས་སློབ་མ་བུང་བའི་ཚོགས་ཀྱི་ལང་ཚོའི་དཔལ་གྱི་སྐྱེ་སྟོབས་རབ་ཏུ་བཞད་ཅིང་། ཤེས་རབ་ཀྱི་སྦྲང་རྩིའི་འོ་མཚོ་རྒྱས་པར་བྱས་ཏེ་རང་ཆུས་ཀྱི་བསམ་པའི་རིག་དཔལ་སྐྱེད་རྒྱུར་ལེགས་སྐྱེས་སྔར་ལས་ལྷག་པ་འབུལ་བའི་རེ་འདུན་དང་བཅས།
                          ༞༞ཆུས་ཨུ་ཡིས༝ལོིའི་
                            ཟླ་༞ཚེས༞ཉིན་ལ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号