༣ སླད་ཕྱིན་གན་དོན་འགལ་རྐྱེན་མི་ཡོང་བའི་ཆེད་དུ་གན་དོན་བཙན་པོ་འབྲི་དགོས་པ་མ་ཟད། ཡི་གེའང་དྭངས་པོ་བྲིས་ཏེ་ཕྱོགས་གཉིས་ཀའི་མིང་འགོད་དགོས །
གན་རྒྱའི་ཡི་གེ་འབྲི་སྟངས་ནི། འབྲི་ཤོག་གི་ཤོག་ཐིག་དང་པོའི་གཡོན་ངོས་སུ་ཚིག་ཁྱིམ་གཉིས་ཀྱི་སྟོང་ཆ་བཞག་སྟེ་གན་རྒྱ་འཇོག་དགོས་དོན་གང་ཡིན་པ་དེ་འབྲི་དགོས། དེ་རྗེས་ཤོག་ཐིག་གཅིག་མར་ཕབ་སྟེ་གན་རྒྱའི་ནང་དོན་ཕྲ་ཞིབ་དང་ལག་བསྟར་བྱ་ཐབས། དུས་བཀག་གི་ཚད་སོགས་དོན་ཚན་རེ་འབེབས་རེ་བླངས་ཏེ་ཡིག་རྫོབ་ཉུང་ཞིང་གོ་དོན་ཁ་གསལ་འབྲི་དགོས། མཇུག་ཏུ་ཤོག་ཐིག་ཁ་ཤས་མར་ཕབ་སྟེ་འབྲི་ཤོག་གི་གཡས་ངོས་སུ་གན་རྒྱ་འཇོག་མཁན་སོ་སོའི་མིང་དང་ལོ་ཟླ་ཚེས་གྲངས་སོགས་བཀོད་དེ་ཐམ་གའང་རྒྱག་དགོས་པ་དང་གན་རྒྱ་འདྲ་གཉིས་བྲིས་ནས་ཕྱོགས་རེས་འདྲ་ཡ་རེ་ཉར་ཚགས་བྱེད་དགོས།
དཔེ་གཞི།
སློབ་ཁྲིད་གན་ཡིག
༞༞རྫོང་སློབ་གྲྭ་འབྲིང་བ་དང་༞༞ཞང་གི་བོད་ཡིག་དགེ་རྒན་༞༞བོད་ཡིག་སློབ་ཁྲིད་བྱ་རྒྱུའི་སྐོར་གྱི་གན་རྒྱ་བཞག་དོན།
ཀྲུང་སྤེལ༼༨༤༽ཡིག་ཨང་དྲུག་པའི་དགོངས་དོན་གཞིར་བཟུང་སྟེ་བོད་ཀྱི་ཕུལ་བྱུང་རིག་གནས་སྔར་ལས་ལྷག་པ་གོང་འཕེལ་གཏོང་བའི་ཆེད་དུ་ཕྱོགས་གཉིས་གྲོས་མོལ་ཞིབ་ཕྲ་བྱས་པ་བརྒྱུད་ནས་གན་རྒྱ་འདི་གཞག་རྒྱུར་མོས་མཐུན་གཏན་འཁེལ་བྱས་པས། ཕྱོགས་གཉིས་ཀས་གན་དོན་འགལ་རིགས་ཏིལ་འབྲུ་ཙམ་ཡང་མེད་པར་་ལག་བསྟར་བྱ་རྒྱུ།
༡ དགེ་རྒན་༞༞༞ཡིས༞༞རྫོང་གི་སློབ་གྲྭ་འབྲིང་བར་༞༞༞ལོའི་ཟླ་༞ཚེས༞ཉིན་ནས་༞༞ལོའི་ཟླ་༞༞ཚེས་༞༞ཉིན་གྱི་བར་སུམ་རྟགས་དང་སྙན་ངག་སློབ་ཁྲིད་བྱས་ཚར་བ་བྱ་རྒྱུ།
༢ སློབ་གྲྭས་དགེ་རྒན་༞༞༞༞ལ་ཟླ་རེར་གླ་ཕོགས་མི་དམངས་ཤོག་སྒོར༞༞ཐམ་པ་སྤྲད་རྒྱུ།
༣ གན་རྒྱའི་དུས་ཚོད་ཐེམས་སྐབས་སློབ་གྲྭའི་འགོ་ཁྲིད་དང་དགེ་རྒན་ཕྱོགས་གཉིས་ཀས་མཉམ་དུ་རྒྱུགས་ལེན་འདྲི་གཞི་བཏོན་ནས་རྒྱུགས་བླངས་ཏེ་སློབ་མ་བརྒྱ་ཆ་བརྒྱས་རྒྱུགས་འཕྲོད་ན་དགེ་རྒན༞༞༞ ལ་བྱ་དགའ་མི་དམངས་ཤོག་སྒོར་༞༞སྤྲད་རྒྱུར་མ་ཟད། རྒྱལ་ཁབ་ཀྱི་ལས་བཟོ་དངོས་སུ་བསྒྱུར་རྒྱུ ། སློབ་མ་བརྒྱ་ཆ་དགུ་ཅུ་ཡན་གྱིས་རྒྱུགས་འཕྲོད་ན་བྱ་དགའ་མི་དམངས་ཤོག་སྒོར་༞༞སྤྲད་རྒྱུ། སློབ་མ་བརྒྱ་ཆ་བརྒྱད་ཅུ་ནས་དགུ་བཅུའི་བར་གྱིས་རྒྱུགས་འཕྲོད་ན་བྱ་དགའ་དང་ཆད་པ་གང་ཡང་མེད་རྒྱུ། སློབ་མ་བརྒྱ་ཆ་བརྒྱད་ཅུ་ཟིན་མེད་ཚེ་དགེ་རྒན་༞༞༞༞ཡི་ཟླ་རེིའི་གླ་ཕོགས་ལས་བརྒྱ་ཆ༞༞༞༞གཅག་རྒྱུ་བཅས་སོ། །
གན་རྒྱ་འདི་ཕྱོགས་གཉིས་ཀས་མིང་རྟགས་བཀོད་པ་ནས་བཟུང་འགལ་མེད་སྲུང་བརྩི་དང་འབྲེལ་དངོས་སུ་ལག་བསྟར་བྱེད་དགོས།
༞༞༞༞རྫོང་སློབ་འབྲིང་བ་དང་༞༞ཞང་གི་དགེ་རྒན་༞༞གཉིས་ཀས་
༞༞༞ལོའི་ཟླ་༞༞ཚེས༝༝ཉིན་ལ།
|
༢༣ འདས་བརྡ་དང་མྱ་ངན་ཞུ་ཡིག
དང་པོ། འདས་བརྡ།
འདས་བརྡ་ཞེས་པ་ནི་བློ་མཐུན་ཞིག་ན་ཚའམ་གཞུང་དོན་དུ་ཚེ་ལས་འདས་སྐབས་འདས་པོའི་སྡེ་ཚན་ནམ་འདས་འཇུག་ཨུ་ཡོན་ལྷན་ཁང་གིས་འདས་བརྡ་གཏོང་བར་ཟེར་ཞིང་། འདས་བརྡ་འབྲི་སྐབས་དོ་སྣང་བྱེད་དགོས་པ་སྟེ།
༡ འབྲི་ཤོག་གི་ཤོག་ཐིག་དང་པོའི་དཀྱིལ་དུ་འདས་བརྡ་ཞེས་པའི་ཡིག་འབྲུ་ཆེ་ཙམ་གཉིས་འབྲི་དགོས་པ་དང་། ཤོག་ཐིག་གཉིས་པའི་འགོར་ཚིག་ཁྱིམ་གཉིས་ཀྱི་སྟོང་ཆ་བཞག་སྟེ་འདས་བརྡའི་ནང་དོན་དེ་འདས་པོའི་མིང་དང་གྲོངས་རྐྱེན། གྲོངས་པའི་དུས་ཚོད། གྲོངས་ཡུལ། གྲོངས་སྐབས་ཀྱི་ལོ་གྲངས་བཅས་འབྲི་དགོས་པར་མ་ཟད། མྱ་ངན་ཚོགས་འདུ་འཚོགས་པའི་དུས་ཚོདདང་ཚོགས་ཡུལ་བཅས་གསལ་བོར་འབྲི་དགོས་པ་དང་། མཇུག་ཏུ་འབྲི་ཤོག་གི་གཡས་གཤམ་དུ་ཤོག་ཐིག་ཁ་ཤས་མར་ཕབ་སྟེ་འདས་བརྡ་གཏོང་མཁན་གྱི་སྡེ་ཚན་དང་དུས་ཚོད་བཅས་འབྲི་དགོས།
༢ འདས་བརྡའི་འབྲི་ཤོག་ནི་ཤོ་སེར་རམ་ཤོག་དཀར་ཁོ་ན་སྤྱོད་པ་དང་ཡི་གེ་ནག་པོར་བྲིས་ཐོག་འབྲི་ཤོག་གི་གྲྭ་བཞིར་ཁྲ་རུ་ནག་པོ་བཀོད་དེ་མྱ་ངན་གྱི་རྣམ་པ་མཚོན་པར་བྱེད་དགོས།
གཉིས་པ། མྱ་ངན་ཞུ་ཚིག
མྱ་ངན་ཞུ་ཚིག་ཅེས་པ་ནི་དབུ་ཁྲིད་དམ་འབྲེལ་ཡོད་མི་ཡིས་མྱ་ངན་ཞུ་བའི་ཚོགས་འདུའི་ཐོག་ཏུ་སྒྲོགས་སྦྱངས་བྱས་ཏེ་འདས་པོར་སྙིང་ཐག་པ་ནས་མྱ་ངན་ཞུ་བར་མཚོན་བྱེད་ཀྱི་རྩོམ་ཡིག་ལ་ཟེར།
མྱ་ངན་ཞུ་ཚིག་འབྲི་སྟངས་ཏེ། ༡ མྱ་ངན་ཞུ་ཚིག་ཅེས་པའི་ཡིག་འབྲུ་བཞི་བོ་འབྲི་ཤོག་གི་ཤོག་ཐིག་དང་པོའི་དཀྱིལ་དུ་འབྲི་དགོས་པ་དང་། ཤོག་ཐིག་གཉིས་པའི་འགོར་ཚེག་ཁྱིམ་གཉིས་ཀྱི་སྟོང་ཆ་བཞག་སྟེ་འདས་པོར་འགྱོད་གདུང་དང་མྱ་ངན་མཆོག་པའི་ཚིག་འགའ་འབྲི་དགོས། ༢ འདས་པོའི་ཕ་ཡུལ་དང་ཐོབ་ཐང་། ལས་ཀའི་ལོ་རྒྱུས། གྲོངས་རྐྱེན། གྲོངས་དུས། གྲོངས་ཡུལ། མཐའ་མཇུག་གི་ལོ་གྲངས། བྱས་རྗེས་བཅས་འབྲི་དགོས། ༣ ཚོགས་ཞུགས་མི་རྣམས་ཀྱི་སྐྱོ་སྣང་དེ་སྤོབས་པར་འགྱུར་བར་བྱས་ནས་བྱ་སྤྱོད་དངོས་ཀྱིས་འདས་པོར་མྱ་ངན་ཞུ་རྒྱུའི་སྐུལ་ལྕག་གཏོང་དགོས། ༤ མྱ་ངན་ཞུ་ཚིག་གི་ནང་དོན་དངོས་འབྲེལ་ཡིན་དགོས་ཤིང་། འདས་པོར་གདེང་འཇོག་འོས་ཤིང་འཚམ་པ ་བྱེད་དགོས་པ་དང་། ཚིག་ལ་བརྩེ་གདུང་གི་རྣམ་པ་མངའ་པར་བྱས་ཏེ་འདས་པོར་སྙིང་ཐག་པ་ནས་མྱ་ངན་ཞུ་བ་དང་བཀུར་སྟི་གང་ལེགས་མཚོན་པར་བྱེད་དགོས། 12/12 མདུན་ངོས། 上一页 10 11 12 |