ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཆེད་སྤྱོད་ཡི་གེའི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།
༣ དགོངས་ཞུའི་ཡི་གེ

དགོངས་ཞུའི་ཡི་གེ་ཞེས་པ་ནི་ལས་དོན་ནམ་ནད་གཞི་ཕོག་པའམ་དོན་དག་ཅིག་གི་རྐྱེན་གྱིས་འགོ་ཁྲིད་ཚན་པར་དགོངས་པ་ཞུ་བྱེད་བྲིས་པའི་ཡི་གེ་ཞིག་ཡིན་ཅིང་། ཡི་གེ་དེ་རིགས་འབྲི་སྐབས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་དང་དུས་གྲངས། དགོངས་པ་ཞུ་ཉིན་གྱི་ཟླ་དུས་ཚེས་གྲངས་བཅས ་གསལ་བོ་འབྲི་དགོས།
                                                  དཔེ་གཞི།

                                            དགོངས་ཞུའི་ཡི་གེ
དགེ་རྒན༞༞མཆོག་ལ །
      དེ་རིང་གུས་པ་རྫོང་དཔེ་དེབ་ཁང་དུ་བོད་རྒྱམཞིག་མཛོད་ཆེན་མོ་ཉོ་བར་འགྲོ་དགོས་པས་ཉིན་གཅིག་རིང་དགོངས་འཁྲོལ་གནང་བར་ཞུ།
                       སློབ་མ་༞༞ཡིས༞༞ལོའི་
                        ཟླ་༝ཚེས༝ཉིན་ལ།
༤ འཚམས་འདྲའི་ཡི་གེ

འཚམས་འདྲའི་ཡི་གེ་ཞེས་པ་ནི་མི་གཞན་ལ་སེམས་གསོ་དང་འཚམས་འདྲི་ཞུ་བ། སྐུལ་མ་གཏོང་བ། མཛའ་བརྩེའི་ཐུགས་འཁུར་བྱེད་པ་སོགས་མཚོན་བྱེད་ཅིག་ཡིན་ཅིང་།   འཚམས་འདྲའི་ཡི་གེ་འབྲི་ཡུལ་ནི་བཅིངས་འགྲོལ་དམག་དང་སྐུ་གཤེགས་དཔའ་བོའི་ནང་མི། དམག་ཁྱིམ། ལས་ཁུངས། དེ་བཞིན་གཞུང་དོན་སྒྲུབ་སྐབས་རྨས་སྐྱོན་བྱུང་བའི་མི་སྣ་སོགས་རེད།
འཚམས་འདྲིའི་ཡི་གེ་འབྲི་ཡུལ་མི་འདྲ་བ་ཡིན་གཤིས་ཡིག་དོན་ཡང་དེ་མཚུངས་ཤིག་དགོས་ཤིང་། སྤྱིར་བཏང་བྱས་ན་འཚམས་འདྲིའི་ཡི་གེར་རྒྱུ་གསུམ་ཚང་དགོས་པ་སྟེ། ཡི་གེ་འབྲི་ཡུལ་གྱི་གསར་བརྗེའི་གོ་རྟོགས་ཟབ་མོ་དང་གསར་བརྗེར་ཕུལ་བའི་ལེགས་སྐྱེས་ལ་བསྟོད་བསྔགས་བྱེད་རྒྱུ་དང་གཅིག ཡི་གེ་འབྲི་ཡུལ་གྱི་གསར་བརྗེའི་སྙིང་སྟོབས་མཆོག་བླ་མེད་པའི་གཤིས་སྤྱོད་སློབ་སྦྱོང་བྱེད་པའི་བསམ་པ་མཚོན་དགོས་པ་དང་གཉིས། ཡི་གེ་འབྲི་མཁན་གྱི་རྣམ་འགྱུར་དང་ཆོད་སེམས་མཚོན་དགོས་པ་དང་གསུམ་མོ། །   མདོར་ན་འཚམས་འདྲིའི་ཡི་གེའི་ནང་དོན་གསལ་ལ་གནད་བསྡུས་པ་ཞིག་བྲིས་ཏེ་འཚམས་འདྲའི་བརྩེ་གདུང་གང་ལེགས་མཚོན་པར་བྱེད་དགོས།
འཚམས་འདྲིའི་ཡི་གེའི་འགོ་བརྗོད་དང་དངོས་གཞིའི་ནང་དོན། མཇུག་སྡུད་ཟླ་ཚེས་སོགས་ཀྱི་ཤོག་ཐིག་འབེབས་ཚུལ་སྤྱིར་བཏང་གི་གཞུང་ཡིག་འབྲི་སྟངས་དང་མཚུངས་པ་སྟེ། འབྲི་ཤོག་གི་ཤོག་ཐིག་དང་བོའི་དཀྱིལ་དུ་འཚམས་འདྲིའིི་ཡི་གེ་ཞེས་པའི་ཚིག་ཅིག་འབྲི་དགོས། ཤོག་ཐིག་གཉིས་པའི་འགོར་དེར་ཡི་གེ་འབྲི་ཡུལ་གྱི་ཚན་པའམ་མིའི་མིང་ལ་ཆེ་བརྗོད་སྦྱར་ཏེ་འབྲི་དགོས་པ། ཤོག་ཐིག་གསུམ་པའི་འགོར་ཚིག་ཁྱིམ་གཉིས་ཀྱི་སྟོང་ཆ་བཞག་ནས་འཚམས་འདྲིའི་ཡི་གེའི་དངོས་གཞིའི་ནང་དོན་འབྲི་འགོ་འཛུགས་དགོས ། དངོས་གཞིའི་ནང་དོན་བྲིས་ཚར་རྗེས་ཤོག་ཐིག་གཅིག་མར་ཕབ་སྟེ་ཚིག་ཁྱིམ་གཉིས་ཀྱི་སྟོང་ཆ་བཞག་ནས་འབུལ་རྟེན་སྨོན་ཚིག་བཅས་འབྲི་དགོས་ཤིང་། འཚམས་འདྲིའི་ཡི་གེ་འབྲི་མཁན་གྱི་ཚན་པའམ་མི་སྒེར་གྱི་མིང་དང་ཟླ་དུས་ཚེས་གྲངས་སོགས་ཤོག་ཐིག་ལྔ་ལས་མ་ཉུང་བ་མར་ཕབ་སྟེ་འབྲི་ཤོག་གི་གཡས་ངོས་སུ་འབྲི་དགོས།
     དཔེ་གཞི།

                                           འཚམས་འདྲིའི་ཡི་གེ
དགའ་ཞིང་གུས་པར་འོས་པའི༞རྫོང་གི་༞སློབ་གྲྭ་འབྲིང་བའི་དགེ་སློབ་ལས་བཟོ་རྣམས་པར།
       ཤེས་བྱ་ཀུན་འབྱུང་སློབ་གྲྭའི་སྐྱེད་ཚལ་དུ། མཁྱེན་ལྡན་སློབ་དཔོན་པད་མའི་གེ་སར་གྱིས ། འབ་ལ་བརྩོན་པའི་སློབ་མ་བུང་བའི་བློར། ངལ་བ་ཁྱད་བསད་ཡོན་ཏན་སྦྲང་རྩི་སྐྱེད།
འོད་ཟེར་སྟོང་ལྡན་གྱི་ལོ་གསར་བ་དེ་འཆར་གྲབས་ཡོད་པའི་སྐབས་སུ། རང་རྫོང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་ པའི་གཡུལ་ས་མདུན་མར་ངལ་འཁང་གཉིས་གསོད་ཀྱིས་མཛད་འཕྲིན་གནང་མཁན་དགེ་སློབ་ལས་བཟོ་ཡོངས་ལ་ཆེས་མཛའ་ཞིང་བརྩེ་བའི་འཚམས་འདྲི་དང་སྦྲེལ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།
   ཁྱེད་རྣམ་པ་ནི་ངོ་གནོང་མི་དགོས་པའི་བདེ་སྐྱིད་ལྡན་པའི་མི་རིགས་ཀྱི་བློ་སེམས་སྐྱེད་སྲིང་གནང་མཁན་ཞིག་ཡིན་ཅིང་། ཁྱེད་རྣམ་པས་གངས་ལྗོངས་གསར་བའི་དཔལ་ཡོན་ཡར་ངོའི་ཟླ་ལྟར་དར་སྤེལ་གཏོང་རྒྱུའི་ལས་འག ན་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བ་ཞུམ་པ་མེད་པར་རང་ཉིད་ཀྱི་ཕྲག་པར་ཁུར་ཏེ་གུང་ཁྲན་རིང་ལུགས་ཀྱི་དར་དམར་མཐོན་པོར་བསྒྲེངས་ནས་བོད་གསར་འཛུགས་བསྐྲུན་བྱེད་མཁ ན་གྱི་མྱུ་གུ་སྐྱེད་སྲིང་གནང་བཞིན་ཡོད། ཁྱེད་རྣམས་པས་རང་ནུས་ཅི་ལྕོགས་བཏོན་ཏེ་ཁ་བ་ཅན་གྱི་ལྟ་ན་སྡུག་པའི་མེ་ཏོག་ལྡུམ་རར་འདེབས་གསོ་གནང་བ་དང་རང་ཉིད་ཀྱི་རྔུལ་ཁྲག་གིས་མི་སྣ་གསོ་སྐྱོང་བྱེད་པའི་ལེ་ཚན་གསར་བ་ཞིག་མཛད་དེ་རླབས་ཆེན་བོད་ལྗོངས་འདི་ཉིད་བརྗིད་ཉམས་ཆེ་ཞིང་ཡིད་དུ་འོང་བའི་དཔྱིད་དཔལ་གྱི་མཛེས་རྒྱན་སྤྲས་ཕྱིར། ཁྱེད་རྣམ་པ་ནི་གཟི་བརྗིད་ལྡན་ལ་སྤོབས་སེམས་སྐྱེད་འོས་པ་ཞིག་རེད།   ང་ཚོས་ཁྱེད་རྣམ་པའི་བླ་མེད་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་དཔལ་ཡོན་གཉིས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་གང་ལེགས་བྱ་རྒྱུ་ཡིན །
དགའ་ཞིང་གུས་པའི་དགེ་སློབ་ལས་བཟོ་རྣམ་པར། ལོ་གསར་བའི་ནང་དུ་རང་རྫོང་ཏང་ཨུའི་ཡང་དག་པའི་དབུ་ཁྲིད་འོག་སྔར་ལས་ལྷག་པའི་མཐུན་སྒྲིལ་དམ་ཟབ་བྱས་ནས་དཔལ་ཡོན་གཉིས་ཀྱི་འཛུགས་སྐྲུན་གང་ལེགས་གང་མྱུར་བྱེད་རྒྱུ་དང་།   ཁྱེད་རྣམ་པས་དུས་དང་རྣམ་པ་ཀུན་ཏུ་སློབ་ཕྲུག་ལ་རང་ཉིད་ཀྱི་སྤྱན་འབྲས་ལྟར་གཅེས་སྐྱོང་གནང་སྟེ་སློབ་ཚན་ཁག་གང་ལེགས་ཁྲིད་ནས་སློབ་འབྲས་དེ་བས་ཆེ་བ་ཞིག་འཐོབ་པར་བརྩོན་ལེན་གནང་བའི་རེ་བ་ཞུ།
              གཟིགས་རྟེན་ཤིས་པའི་ཨ་ཤེ་དང་གུས་འདུད་དང་བཅས།
       ༞ཞང་མི་དམངས་སྲིད་གཞུང་གིས་༞ལོའི་ཟླ་༞ཚེས་༝༝ཉིན་ལ་ཕུལ། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号