ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཆེད་སྤྱོད་ཡི་གེའི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།
༥   ཐུགས་རྗེ་ཆེ་ཞུ་བའི་ཡི་གེ

ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཞེས་པ་ནི་ཚན་པ་ཞིག་གམ་མི་སྒེར་ཞིག་གིས་རང་ཉིད་ལ་ཐུགས་འཁུར་དང་རོགས་རམ། རྒྱབ་སྐྱོར་གནང་བས་ཐུགས་རྗེ་ཆེ་ཞུ་བར་མཚོན་བྱེད་བྲིས་པའི་ཡི་གེ་ཞིག་ཡིན་ཅིང་། ཡི་གེ་དེ་རིགས་འབྲི་སྐབས་གཞན་གྱིས་གང་གི་དུས་སུ་དོན་དག་གང་དག་གི་ཐད་ནས་རོགས་རམ་རྒྱབ་སྐྱོར་བྱས་པ་རྣམས་གསལ་བོ་འབྲི་དགོས་པར་མ་ཟད་བཀའ་དྲིན་གྱི་བསམ་པ་མཚོན་པར་བྱེད་དགོས།
   ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་དེ་རོགས་རམ་དང་རྒྱབ་སྐྱོར་བྱེད་མཁན་ལ་ཐད་ཀར་སྐུར་བའམ་ཐུན་མོང་འདུ་འཛོམས་བྱ་ཡུལ་དུ་སྦྱོར་བའམ་ཚགས་པར་ཐོག་ཏུ་འགོད་པ་གང་ལེགས་བྱས་ནའང་འགྲིག་གོ །
 དཔེ་གཞི།

                                    ཐུགས་རྗེ་ཆེ་ཞུ་བའི་ཡི་གེ
༞ཞང་གི་ལས་མང་ཡོངས་ལ །
       སྔ་ལོར་ང་ཚོིའི་ཞང་ལ་ལོ་བརྒྱ་ཕྲག་གི་ཚུན་དུ་མཐོང་མ་མྱོང་བའི་གངས་གེགས་ཚབས་ཆེན་བྱུང་ནའང་། ཏང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག་རྒྱ་ཆེིའི་ལས་མང་ཡོངས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པ་དང་སྤུན་ཟླ་ཞིང་གི་ཟོལ་མེད་རྒྱལ་སྐྱོར་གནང་བར་བརྟེན། མཐར་གངས་གེགས་ལས་རྣམ་པར་རྒྱལ་ཏེ་འདི་ལོའི་འབྲོག་ལས་ཐོན་སྐྱེད་ལོ་ལེགས་བྱུང་ཞིང་། ཆུང་གསུམ་གསོན་ཚད་སྔ་ལོ་ལས་བརྒྱ་ཆའི་༝ལས་མཐོ་རུ་མ་སོང་མེད།
 རང་བྱུང་གནོད་སྐྱོན་ཚབས་ཆེན་འདི་ལྟ་བུ་བྱུང་བའི་ལོར་ལོ་ལེགས་ཡོང་ཐུབ་པ་དེ་ནི་ཁྱེད་ཚོས་གཡོ་ཟོལ་མེད་པའི་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དེ་དང་བྲལ་ཐབས་མེད། ན་ནིང་དགུན་དུས་སུ་ང་ཚོའི་ཞང་དུ་ཁ ་བ་མཐུག་ཚད་ཁྲུ་ཙི་དོ་ལྷག་་བབས་ཏེ་རྩྭ་ཐང་ཡོངས་རྫོགས་དངུལ་ཁུ་བླུགས་པ་ལྟར་ཆགས་ནས་ཕྱུགས་ཟོག་ཁྲི་ཕྲག་ཁ་ཤས་བཀྲེས་རྔབ་ཀྱིས་མནར་ཏེ་འཆི་བར་ཉེ་བ་དང་འབྲེལ་ལས་མང་ཡོངས་ནི་དངངས་སྐྲག་དང་སེམས་ཁྲལ་ཆེན་པོའི་གནས་སུ་གྱུར་བའི་སྐབས་དེར། ཁྱེད་ཚོས་གཞན་གྱིས་སྡུག་བསྔལ་རང་གི་སྡུག་བསྔལ་ལ་བརྩིས་ཏེ་ཕྱག་འབྲི་གསེར་གྱི་མེ་ཏོག་མགོ་བོའི་མཛེས་རྒྱན་བཏང་ནས་རྩྭ་ཐང་གཡར་རྒྱུའི་གསུང་བཟང་བདུད་རྩིའི་གཟེགས་མ་བབས་པར་མ་ཟད། ང་ཚོས་མི་ཕྱུགས་དེ་གར་འབྱོར་རྗེས་སྦྲ་གུར་དང་ཕྱུགས་ར་སོགས་གཡར་ཏེ་གང་ཅིའི་ཐད་ཀྱི་དཀའ་ཚེགས་སེལ་རོགས་གནང་བས ། ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་བར་མ་ཟད། ཁྱེད་ཚོའི་བླ་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་ཡང་ཞུ་རྒྱུ་ཡིན།
                   གུས་འདུད་དང་བཅས།
               ༞མི་དམངས་སྲིད་གཞུང་གིས་༝ལོའི་༝ཟླ་༝ཚེས་༝ཉིན་ལ་ཕུལ།
༦ བསྟོད་བསྔགས་ཀྱི་ཡི་གེ

བསྟོད་བསྔགས་ཀྱི་ཡི་གེ་ཞེས་པ་ནི་ཚན་པའམ་མི་སྒེར་གྱི་སྔོན་ཐོན་གྱི་བྱས་རྗེས་དང་བསམ་བློར་བསྟོད་པ་འབུལ་བའི་ཡི་གེ་ཞིག་ཡིན་ཅིང་། ཡི་གེ་དེ་རིགས་འབྲི་སྐབས་དོ་སྣང་བྱེད་རྒྱུ་གཤམ་གསལ།
 ཀ བསྟོད་བསྔགས་བྱེད་པའི་ཡི་གེ་འབྲི་རྒྱུའི་དམིགས་ཡུལ་ནི་བསྟོད་བསྔགས་བྱེད་ཡུལ་ལ་སྔར་ལས་ལྷག་པ་ཡག་ཐོག་ཡག་རྩེག་ཡོང་བའི་སྐུལ་མ་གཏོང་བ་དང་འབྲེལ་གཞན་ལ་སྔོན་ཐོན་གྱི་བྱས་རྗེས་དང་བསམ་བློ། ཉམས་མྱོང་བཅས་ལ་སློབ་སྦྱོང་བྱེད་དགོས་པའི་སྐུལ་ལྕག་གཏོང་བ་ཞིག་ཡིན་པར་བརྟེན། རྩོད་སྒྲུབ་རིག་པའི་ལྟ་བ་སྤྱད་དེ་བསྟོད་བསྔགས་བྱེད་ཡུལ་གྱི་གནས་ཚུལ་རྣམས་ཕྲ་ཞིང་ཞིབ་པ་ཞིག་ཤེས་རྟོགས་ཡོང་བ་བྱས་ཐོག སྔོན་ཐོན་གྱི་བྱས་རྗེས་རྣམས་དོན་དངོས་དང་མཐུན་ཞིང་མི་རྣམས་ཀྱི་སེམས་ཀྱི་གཏིོང་ནས་ཡི་རང་ཡོང་བ་ཞིག་འབྲི་དགོས་པ་ལས་གཟུགས་མེད་རྫུན་བཟོ་གཏན་ནས་བྱེད་མི་རུང་
ཁ བསྟོད་བསྔགས་བྱེད་པའི་ཡི་གེ་སྤྲོ་སེམས་འཕེལ་ཞིང་ཚིག་དོན་གསལ་བ་དང་། གསོན་ཉམས་ལྡན་པ་ཞིག་འབྲི་དགོས་པར་མ་ཟད་བསྟོད་བསྔགས་བྱེད་མཁན་གྱིས་སྔོན་ཐོན་བྱས་རྗེས་དང་བསམ་བློར་སློབ་སྦྱོང་བྱེད་རྒྱུའི་རྣམ་འགྱུར་དང་ཆོད་སེམས་བསྟན་དགོས་པ་དང་འབྲེལ་བསྟོད་བསྔགས་བྱེད་ཡུལ་ལ་མུ་མཐུད་ནས་མདུན་སྐྱོད་ཡོང་བའི་རེ་འདུན་ཡང་འདོན་དགོས།
ག   བསྟོད་བསྔགས་བྱེད་པའི་ཡི་གེ་འབྲེལ་ཡོད་ཚན་པའི་འགོ་ཁྲིད་ལ་འབུལ་བའམ་ཚགས་པར་ལས་ཁུངས་སམ་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བསྐུར་ན་འགྲིག་ལ། ཡང་ན་མི་རྣམས་ཀྱིས་སྔོན་ཐོན་བྱས་རྗེས་དང་བསམ་བློ། ཉམས་མྱོང་བཅས་ལ་དུས་ཐོག་ཏུ་སློབ་སྦྱོང་བྱེད་བདེ་བ་ཡོང་བའི་ཆེད་དུ་ཁྲོམ་ལམ་མི་འདུག་འཛོམ་ཆེ་སར་སྦྱར་ནའང་འགྲིག
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号