ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཆེད་སྤྱོད་ཡི་གེའི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།
༧   རྟེན་འབྲེལ་ཞུ་བའི་ཡི་གེ

དེང་རབས་ཅན་བཞིའི་འཛུགས་སྐྲུན་བྱེད་སྐབས་ཐུན་མོང་ངམ་མི་སྒེར་ལ་ལས་དོན་ཞིག་གི་ཐད་དམིགས་བསལ་གྱི་གྲུབ་འབྲས་ཐོབ་པ་དང་། ཡང་ན་ཚན་པ་ཞིག་གིས་ཚོགས་འདུ་གལ་ཆེན་སྐོང་ཚོགས་བྱས་པའམ་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་བ་ལ་སོགས་པར་འགོ་ཁྲིད་ལས་ཁུངས་སམ་སྤུན་ཟླའི་སྡེ་ཚན་གྱིས་རྟེན་འབྲེལ་ཞུ་ཆེད་བསྐུར་བའི་ཡི་གེར་རྟེན་འབྲེལ་ཞུ་ཡིག་ཟེར།
     རྟེན་འབྲེལ་ཞུ་ཡིག་འབྲི་སྐབས་འབུལ་ཡུལ་གྱི་གྲུབ་འབྲས་ལ་ཚན་རིག་དང་མཐུན་པའི་གཏན་འཁེལ་དང་གདེང་འཇོག་ཡང་དག་པ་བྱས་ནས་ཁེངས་སྐྱུང་གིས་ཁོང་ཚོའི་ཉམས་མྱོང་རྣམས་སློབ་སྦྱོང་བྱེད་རྒྱུའི་རྣམ་འགྱུར་མཚོན་དགོས་པ་དང་། རྟེན་འབྲེལ་ཞུ་ཡིག་འབུལ་ཡུལ་གྱི་བྱ་ཐབས་བཟང་པོ་ལ་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད་རྒྱུན་ཆད་མེད་པར་མདུན་སྐྱོད་ཡོང་བའི་སྐུལ་མའང་གཏོང་དགོས། རྟེན་འབྲེལ་ཞུ་ཡིག་གི་རྗོད་བྱེད་ཀྱི་ཚིག་དོན་གསལ་ལ་སྤྲོ་སེམས་འཕེལ་ཞིང་ཉམས་འགྱུར་ལྡན་པ་དང་། དཔའ་སེམས་ཆེར་སྐྱེད་ཐུབ་པ། མཐུན་སྒྲིལ་ལ་ཤུགས་སྣོན་ཡོང་བ་བཅས་བྱས་ཁར་ཕན་ཚུན་སྐུལ་སློང་གང་ལེགས་གཏོང་ཐུབ་པའི་ནུས་པའང་ལྡན་དགོས།
དཔེ་གཞི།

                                རྟེན་འབྲེལ་ཞུ་ཡིག
     ༞རྫོང་གི་གཞོན་ནུ་སྡེ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་༝པའི་བློ་མཐུན་ཡོངས་ལ།
         ཏང་གི་སྐབས་༝པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ལམ་ཕྱོགས་ཀྱི་ཁྲིད་སྟོན་འོག་ལྗོངས་ཏང་ཨུའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་བཞིན་པའི་སྐབས་འདིར། ང་ཚོས་ཁྱེད་ཚོའི་རྫོང་གི་གཞོན་ནུ་སྡེ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་༞པ་དེ་བདེ་བར་སྐོང་ཚོགས་གནང་བར་སྤྲོ་སེམས་རབ་ཏུ་འཕེལ་བའི་དགའ་སྟོན་རྟེན་འབྲེལ་ཞུ་རྒྱུ་དང་འབྲེལ་ཚོགས་ཆེན་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡང་ཞུ།
བློ་མཐུན་རྣམ་པ། ཏང་ཀྲུང་དབྱང་གི་ལམ་ཕྱོགས་ཡང་དག་པའི་མཛུབ་ཁྲིད་འོག་གངས་ལྗོངས་ཀྱི་དཔལ་ཡོན་གཉིས་ལྡན་ཀྱི་འཛུགས་སྐྲུན་དབྱར་མཚོ་འཕྱུར་བ་ལྟར་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་གསར་བའི་ནང་དུ།   ཁྱེད་ཚོས་ང་ཚོའི་བྱེད་སྒོ་ཁག་དང་ཟོལ་སྦྱོར་དང་བྲལ་བའི་རྒྱབ་སྐྱོར་གནང་བ་དེར་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་ཚོས་དུས་དང་རྣམ་པ་ཀུན་ཏུ་ལག་ལེན་བསྟར་ནས་བདེནཔ་འབའ་ཞིག་འཚོལ་བ་གཞིར་འཛིན་པ་དང་རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་གནང་བ་དང་འབྲེལ། བསམ་བློ་བཅིངས་འགྲོལ་གང་ལེགས་བཏང་སྟེ་རིག་པ་བསྒྲིམས་ནས་རང་ཁུལ་གྱི་གནད་དོན་རྣམས་སླར་ཡང་ཤེས་རྟོགས་གནང་ཁར་བསམ་ཕོད་པ་དང་བཤད་ཕོད་པ། བྱེད་ཕོད་པ་བཅས་བྱས།
ཁྱེད་ཚོས་འོག་རིམ་སྡེ་ཁག་གི་རྩ་འཛུགས་སྣེ་ཁྲིད་གནང་སྟེ་གཞོན་ནུ་ཚོས་ཚན་རིག་ལག་རྩལ་གྱི་ཤེས་བྱ་དང་རིག་གནས་སློབ་སྦྱོང་བྱེད་རྒྱུ་དེ་དང་དེང་བཞི་མངོན་འགྱུར་ཡོང་བའི་གལ་ཆེན་ལས་འགན་ཞིག་ཏུ་སེམས་ནས་དམ་འཛིན་གནང་བ་དང་།  དུས་གཏན་དུ་གཞོན་ནུར་ཚོར་རྒྱལ་ཁབ་ཀྱི་བདག་པོ་ཡིན་པའི་བསམ་བློ་བསྐྱེད་དགོས་པ་དང་། གུང་ཁྲན་རིང་ལུགས་ཀྱི་སྙིང་སྟོབས་མཆོག་དང་ཚན་རིག་ལ་བརྟེན་ནས་ལས་ཀ་བྱེད་དགོས་པ་དང་། ལས་ ཀ་གང་བྱས་ན་དེར་དགའ་ཞེན་དང་བློ་རྩེ་བསྒྲིམ་དགོས་པ་བཅས་ཀྱི་སློབ་སྦྱོང་ནན་ཏན་བྱས་ནས་འབྱོར་མེད་གྲལ་རིམ་གྱི་མི་ཚེའི་ལྟ་བ་བཟུང་སྟེ་བཀས་བཀོད་རྒྱུད་འཛིན་གྱི་བསམ་པ་དང་འབྱོར་ལྡན་གྲལ་རིམ་གྱི་ཁེ་བཟང་ཁོ་ནར་རྔམ་པའི་རུལ་སུངས་ཉམས་དམས་ཀྱི་བསམ་བློ་སོགས་འདོར་བ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་དགའ་ཞེན། ངལ་རྩོལ་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ཀྱི་གཞན་ཕན་སྒེར་བརྗེད་ཀྱི་སྤྱོད་པ་བླ་མེད་ལ་དགའ་ཞེན་བཅས་བྱས་ནས་དམར་ཞིང་མཁས་པའི་གསར་བརྗེའི་རྒྱུད་འཛིན་པ་ཞིག་བྱེད་དགོས་པའི་སློབ་གསོ་གནང་བར་བརྟེན་རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ལས་རིགས་ཁག་གི་ནང་དུ་གདོང་ལེན་བྱེད་པ་དང་ཉེས་གསོག་གི་ལམ་དུ་འགྲོ་མཁན་གཞོན་ནུ་གཅིག་ཀྱང་མེད། 
 བློ་མཐུན་རྣམ་པ། རྫོང་ཏང་ཨུའི་ཡང་དག་པའི་དབུ་ཁྲིད་འོག་ང་ཚོ་ཚང་མས་སོ་སོའི་དངོས་ཡོད་གནས་ཚུལ་བསྟུན་ཏེ་མཐུན་སྒྲིལ་བྱེད་ཆེད་དཔའ་ངར་སྔར་ལས་ལྷག་པའི་བོད་གསར་འཛུགས་སྐྲུན་བྱེད་ཆེད་དཔའ་ངར་སྔར་ལས་ལྷག་པ་འདོན་པ་དང་། གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་ནས་མཐུན་སྒྲིལ་རྡོག་རྩ་གཅིག་གིས་དཀའ་ཚེགས་ཆེ་ལ་གཟི་བརྗིད་ལྡན་པའི་ལས་དོན་ཉེ་ཞོ་མེད་པར་ལེགས་སྒྲུབ་ཡོང་བ་བྱེད་དགོས།
བློ་མཐུན་རྣམ་པ། ང་ཚོའི་སྨོན་འདུན་རྨ་མེད་དང་གུས་འདུད་མཚོན་ཕྱིར་རྟེན་འབྲེལ་ཞུ་ཡིག་དང་ཆབས་ཅིག་འབུལ་རྟེན་རབ་དཀར་ཁ་བའི་རྡུལ་བརྩེགས་ཀྱི་མདངས་འཕྲོག་ཅིང་པད་དཀར་གཞོན་ནུའི་སྙེམས་པ་གཞོམ་པའི་བཀྲ་ཤིས་མཇལ་དར་དང་བཅས།
   ཀྲུང་གུང་༞རྫོང་གི་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གིས་༞ལོའི་ཟླ་༞ཚེས་ཉིན་ལ
                                    ཕུལ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号