ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཆེད་སྤྱོད་ཡི་གེའི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།
 
༡༥ གདན་འདྲེན་ཞུ་བའི་ཡི་གེ

གདན་འདྲེན་ཞུ་བའི་ཡི་གེ་ཞེས་པ་ནི་མི་ཞིག་རང་ཉིད་ཀྱི་སྡེ་ཚན་དུ་གདན་དྲངས་ནས་ཏེ་གོ་གནས་ངེས་ཅན་བསྐོ་བཞག་བྱེད་པའམ་ལས་འགན་ཞིག་ཏུ་འཇུག་སྐབས་གཟབ་བརླིང་དང་བརྩི་བཀུར་བྱེད་པ་མཚོན་ཆེད་བྲིས་པའི་ཡི་གེ་ཞིག་རེད། གདན་འདྲེན་ཞུ་བའི་ཡི་གེིའི་ནང་དུ་གདན་འདྲེན་ཞུ་ཡུལ་གྱི་མིང་དང་གོ་གནས་སམ་ལས་འགན། དེ་བཞིན་དུས་བཅད། ཐོབ་ཆ་བཅས་གསལ་བོར་འབྲི་དགོས།
དཔེ་གཞི།

                               གདན་འདྲེན་ཞུ་བའི་ཡི་གེ
དགེ་རྒན་༞ལ །
         ཁྱེད་ང་ཚོའི་ལས་ཁུངས་ཀྱི་ལས་བཟོའི་བོད་ཡིག་ལས་ཞོར་སློབ་གྲྭའི་དགེ་རྒན་གནང་བར་གདན་འདྲེན་ཞུ་ཞིང་། ལས་དུས་ལོ་༞དང་ཐོབ་ཆ་འབྲེལ་ཡོད་ཡིག་ཆའི་གཏན་འབེབས་ལྟར་འབུལ་རྒྱུ།
                 གུས་འདུད་དང་བཅས།
                                  ༞རླངས་འཁོར་རུ་ཁག་གིས་
                                  ༝ལོའི་ཟླ་༞ཚེས་༞ཉིན་ལ་
                                            ཕུལ།
༡༦ གདན་ཞུའི་ཡི་གེ༼མགྲོན་ཤོག༽།

   གདན་ཞུའི་ཡི་གེ་ཞེས་པ་ནི་དོན་དུ་གུས་ཞབས་ཀྱི་རང་བཞིན་ལྡན་པའི་བརྡ་ཐོ་ཡིན་ཅིང་། དེ་ནི་རང་ཉིད་ཀྱི་སྡེ་ཚན་ནམ་སྡེ་ཚན་གཞན་གྱི་དབུ་ཁྲིད་དང་འབྲེལ་ཡོད་མི་སྣ་གདན་འདྲེན་ཞུས་ཏེ་ཚོགས་འདུའམ་དོན་སྙིང་ལྡན་ལ་དྲན་གསོ་བྱེད་འོས་པའི་བྱེད་སྒོར་ཞུགས་སུ་འཇུག་སྐབས། བརྩི་བཀུར་བྱེད་པ་མཚོན་པར་ཡོང་ཆེད་གདན་ཞུའི་ཡི་གེ་༼ཡི་གེ༽འབྲི་དགོས།
གདན་ཞུའི་ཡི་གེ་ནང་ཚོགས་འདུའམ་བྱེད་སྒོའི་ནང་དོན་དང་དུས་ཚོད། ས་ཆ་བཅས་གསལ་བོར་འབྲི་དགོས་པར་མ་ཟད། མཇུག་ཏུ་ཕེབས་གནང་ངམ་ངོ་ཕེབས་ཀྱིེས་སློབ་སྟོན་གནང་ཞེས་པའི་ཚིག་སོགས་འབྲི་དགོས་པ་དང་བཤད་ཉམས་ལྡན་ཅིང་ཚིག་དོན་འདྲིལ་བར་བྱེད་དགོས། གདན་ཞུའི་ཡི་གེའི་འབྲི་ཤོག་གི་མཐའ་སྐོར་དུ་རྒྱན་རིས་བཀོད་དེ་དགའ་སྤྲོའི་རྣམ་པ་དང་བབ་བརླིང་གི་རྣམ་པ་མཚོན་པར་བྱེད་དགོས།
དཔེ་གཞི།
༡༧ རང་སྐྱོན་བརྗོད་པའི་ཡི་གེ
རང་སྐྱོན་བརྗོད་པའི་ཡི་གེ་ཞེས་པ ་ནི་རང་ཉིད་ཀྱི་བསམ་སྦྱོར་སྐྱོན་ཞིབ་བྱེད་སྐབས་ཡིག་ཐོག་ཏུ་བཀོད་དེི་འབྲེལ་ཡོད་རྩ་འཛུགས་ལ་འབུལ་བའམ། ཕྱི་ལ་སྦྱོར་བའམ ། ཚགས་པར་ཐོག་ཏུ་བཀོད་པའི་ཡི་གེ་ཞིག་རེད།
དཔེ་གཞི།

                                རང་སྐྱོན་བརྗོད་པའི་ཡི་གེ
སློབ་གྲྭའི་ཏང་ཀྲི་པུའུ་ལ།
               ཁ་སང་དམའ་རིམ་སློབ་གྲྭ་འབྲིང་བའི་འཛིན་གྲྭ་༞ལ་སུམ་ཅུ་བ་སློབ་ཁྲིད་བྱེད་སྐབས་འགྲེལ་བཤད་རྒྱག་ནོར་ཤོར་བ་དུ་མ་བྱུང་འདུག སྐབས་དེར་སློབ་མ་རེ་ཟུང་ལ་དོགས་པ་བྱུང་སྟེ་རྒན་ལགས་ཀྱིས་སློབ་ཁྲིད་གནང་བ་དེ་ང་ཚོས་རྟོགས་མི་འདུག དེའི་རྒྱུ་མཚན་གང་ཡིན་ཞེས་དྲི་བ་བཏོན་ཀྱང་ཕྲན་གྱིས་ཁྱེད་ཚོས་ཡག་པོ་མ་མཉན་པས་ལན་པ་མ་གཏོགས་ངས་འགྲེལ་བཤད་བྱས་པ་འགྲིག་ཡོད་ཅེས་ཅེས་བཤད་དེ་གཤེ་གཤེ་བཏང་བ་ཡིན། འཛིན་གྲྭ་གྲོལ་རྗེས་འཛིན་གྲྭའི་ཀྲུའུ་རིན་༞ལགས་ཀྱིས་ཕྲན་ལ་ཁྱེད་ཀྱིས་སུམ་ཅུ་བ་སློབ་ཁྲིད་བྱེད་སྐབས་འགྲེལ་བཤད་རྒྱག་སྟངས་ནོར་འདུག་པས་དེ་ལ་ཡོ་བསྲང་བྱེད་དགོས་ཞེས་བཀའ་གནང་ཕྱིེར།   ཕྲན་གྱིས་དཔྱད་གཞིའི་ཡིག་ཆ་བཙལ་ཏེ་བལྟས་རྗེས་གཞི་ནས་ནོར་བ་ངོས་ཟིན་བྱུང་།
                ཕྲན་གྱིས་བསམ་གཞིག་ཡང་ཡང་བྱས་པ་བརྒྱུད་ནས་གོང་གསལ་གྱི་ནོར་འཁྲུལ་དེ་ལྟ་བུ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱུན་དུ་རང་གིས་བོད་ཡིག་སློབ་སྦྱོང་བྱེད་རྒྱུར་སྣང་ཆུང་བྱས་པའི་མཇུག་འབྲས་ཡིན་པ་ཤེས་རྟོགས་བྱུང་། དེར་བརྟེན་སླད་ཕྱིན་ཕྲད་གྱིས་བསླབ་བྱ་འདི་རྣམས་དང་དུ་བླངས་ཏེ། བོད་ཡིག་སློབ་སྦྱོང་བྱེད་རྒྱུར་མཐོང་ཆེན་བྱས་ནས་ནོར་འཁྲུལ་དེ་རིགས་མི་ཡོང་བ་བྱེད་རྒྱུ་དམ་བཅའ་ཡོད།  
        གུས་འདུད་དང་བཅས།
                                      དམའ་རིམ་སློབ་གྲྭ་འབྲིང་བའི་བོད་ཡིག་དགེ་རྒན་༞ཡིས༞
                             ལོའི་ཟླ་༞ཚེས་༞ཉིན་ལ་
                                     ཕུལ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号