ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཆེད་སྤྱོད་ཡི་གེའི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།
༨ འཕྲིན་བཟང་གི་ཡི་གེ

 འཕྲིན་བཟང་གི་ཡི་གེ་ཞེས་པ་ནི་གཏམ་བཟང་སྙན་སེང་ཞུ་སྐབས་ཆེད་མངག་སྤྱོད་པའི་ཡི་གེ་ཞིག་ཡིན་ཅིང་། འཕྲིནབཟང་གི་ཡི་གེ་དེ་འབྲི་སྟངས་ནི་འབྲི་ཤོག་གི་ཤོག་ཐིག་དང་པོའི་དཀྱིལ་དུ་འཕྲིན་བཟང་གི་ཡི་གེ་ཞེས་པའི་ཁ་བྱང་མངོན་གསལ་དོད་པོ་འབྲི་དགོས།

                                 འཕྲིན་བཟང་ཡི་གེ
རིགས་མཐུན་གྱི་སྤུན་ཟླ་ཡོངས་ལ།
          དུས་རབས་ཉེར་གཅིག་གི་རེ་བའི་ཉི་གཞོན་གངས་རིའི་མཁའ་ལ་འཆར་བ་དང་། མི་རིགས་འདྲ་མཉམ་དང་ཤེས་རིག་དར་སྤེལ་གྱི་རླབས་རྒྱུན་གངས་རིའི་མཁའ་ལ་འཆར་བའི་དུས་འདིར། ངེད་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དང་ཞིང་ཆེན་སློབ་གསོ་ཐིན་གཉིས་ཀྱིས་ལོ་འཁོར་གཅིག་ལ་འབད་འབུངས་ཧུར་ཐག་བྱས་ཤིང་། བོད་ཀྱི་སློབ་གསོའི་ལས་དོན་ལ་རྒྱང་གཟིགས་བྱས་ནས་ མཉམ་དུ་བསྒྲུབས་པའི་ཀྲུང་གོ་བོད་ཀྱི་སློབ་གསོའི་དྲ་ཚིགས་ཟླ་གསུམ་པའི་ ཟླ་འགོར་དངོས་སུ་བཀོལ་སྤྱོད་བྱེད་ཐུབ་པས་དམིགས་སུ་འཕྲིན་བཟང་ཞུ། ང་ཚོས་མུ་མཐུད་དུ་ཐོབ་ཟིན་པའི་གྲུབ་འབྲས་ལ་བློ་ཡིད་ཚིམས་པར་ང་རང་རྒྱལ་འཚབ་འཚུབ་སྤང་བ་དང་ཡང་འབད་བསྐྱར་འབད་ཀྱིས་གྲུབ་འབྲས་སྔར་ལས་ཆེ་བ་འཐོབ་པའི་བརྩོན་ལེན་བྱ་ངེས་ཡིན།
                              ཀྲུང་གོ་བོད་ཀྱི་སློབ་གསོ་དྲ་ཚིགས།
༩ ཏར་ཡིག

མི་སྒེར་རམ་སྡེ་ཚན་གྱིས་དོན་དག་ཛ་དྲག་ཆེན་པོ་གཞན་ལ་བཤད་དགོས་ཀྱང་འཕྲིན་ཡིག་སྐྱེལ་ལོང་མེད་ཚེ་ཏར་ཡིག་འབྲི་ཆོག
 སྤྱིར་བཏང་དུ་དར་ཡིག་ལ་ཕབ་བ་དང་བྲེལ་ཆེིའི་ཏར་ཡིག་རིགས་གཉིས་ཡོད་ཅིང་། བྲེལ་ཆེའི་ཏར་ཡིག་དེ་ཏར་ཡིག་ཕལ་བ་ལས་འཕྲོད་མྱུར་གྲོན་དངུལ་མང་ཙམ་གཏོང་དགོས། དེ་མིན་བརྙན་སྐྱེལ་ཏར་ཡིག་ཅེས་པ་ཞིག་ཡོད། དེར་བསྒྱུར་མི་དགོས་པར་གནད་དུ་འཁེལ་ཞིང་གོ་འཛོལ་མེད་པའི་སྒོ་ནས་ནས་ཐད་ཀར་ཕ་རོལ་གྱི་ཕྱོགས་སུ་སྐྱེལ་ཐུབ།
ཏར་ཡིག་ལ་ནང་དོན་ཕྱོགས་གསུམ་གཏོགས་དགོས་པ་སྟེ།
༡  ཏར་ཡིག་གཏོང་ཡུལ་གྱི་སྡོད་གནས་དང་མིང་ཞིབ་གསལ་འབྲི་དགོས །   ༢ ཏར་ཡིག་གཏོང་ཡུལ་ལ་བཤད་བྱའི་ཚིག་འབྲི་དགོས་པ་དང་། དྲ་མིག་རེིའི་ནང་དུ་ཡིག་འབྲུ་རེ་འབྲི་དགོས་པ་ལས་བརྡ་མཚོན་རྟག་ཤད་འབྲི་མི་རུང་། གོང་དང་མཐུད་དེ་དར་ཡིག་གཏོང་མཁན་གྱི་སྡེ་ཚན་གྱི་མིང་ངམ་མི་སྒེར་གྱི་མིང་༼སྡེ་ཚན་ནམ་མི་སྒེར་གྱི་མིང་ཡང་བསྡུས་ཏེ་བྲིས་པས་ཆོག༽འབྲི་དགོས།   ༣ ཏར་ཡིག་གཏོང་མཁན་གྱི་མིང་དང་སྡོད་གནས་ཀྱི་མིང་། ཁ་པར་གྱི་ཨང་གྲངས་སོགས་ལ་ཏར་ཡོན་སྤྲོད་མི་དགོས་ཀྱང་ཏར་ཁང་ལ་དཔྱད་གཞི་སྟེར་ཆེད་གསལ་བོར་འབྲི་དགོས།
ཏར་ཡིག་གི་ཟིན་བྲིས་འབྲི་སྐབས་ངེས་པར་དོ་སྣང་བྱེད་དགོས་པའི་དོན་ཚན་ཏེ། ༡ ཏར་ཡིག་གི་ཡིག་གྲངས་ལ་གཞིགས་ནས་ཏེ་ཏར་ཡོན་གྱི་རྩིས་རྒྱག་པའི་དབང་གིས། ཏར་ཡིག་གང་ཐུབ་ཅི་ཐུབ་ཀྱིས་མདོར་བསྡུས་ཤིག་འབྲི་དགོས། ༢ ཏར་ཡིག་འབྲི་སྐབས་ངེས་པར་ཚིག་གནད་དུ་འཁེལ་བ་དང་ཡི་གེའི་དག་ཆ་མ་ནོར་བ། ཡིག་གཟུགས་དྭངས་གཙང་ཡོང་བ་བྱེད་རྒྱུ་གལ་འགངས་ཤིན་ཏུ་ཆེ་མོད། ཚིག་གནད་དུ་མ་འཁེལ་བའམ་ཡི་གེའི་དག་ཆ་ནོར་བ་ལ་སོགས་པ་བྱུང་ན་ཏར་དོན་གོ་བ་ལེན་དཀའ་བ་དང་ཐ་ན་གོ་འཛོལ་བྱུང་སྟེ་ལས་ཀར་འཐུས་ཤོར་འོང་།
༡༠ རེ་འདུན་ཞུ་བའི་ཡིེ་གེ
རེ་འདུན་ཞུ་བའི་ཡི་གེ་ཞེས་པ་ནི་མི་སྒེར་རམ་ཐུན་མོང་གིས་དོན་དག་ཅིག་གོང་རིམ་ལ་སྐྱབས་འཇུག་ཞུ་དགོ ས་པའི་གོ་སྐབས་སུ་བྲིས་པའི་ཡི་གེར་ཟེར།
རེ་འདུན་ཞུ་བའི་ཡི་གེ་འབྲི་སྐབས་རེ་འདུན་ཞུ་དགོས་ངེས་ཡོད་མེད་དང་རེ་འདུན་འདོན་པའི་ཆ་རྐྱེན་འཚམ་མིན་བཅས་ཀྱི་ཐད་ནས་དངོས་གནས་དྲང་གནས་ཀྱིས་བསམ་གཞིག་བྱེད་དགོས་པར་མ་ཟད། རེ་འདུན་ཞུ་རྒྱུའི་དོན་དག་དང་རེ་འདུན་ཞུ་དགོས་པའི་རྒྱུ་མཚན་བཅས་གསལ་བོ་བྲིས་ཏེ་གོང་རིམ་གྱིས་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད། ལན་འདེབས་བདེ་བར་ཡོང་བ་བཅས་བྱེད་དགོས། སྐབས་འགར་རེ་འདུན་ཞུ་ཡིག་གི་ནང་དུ་རང་ཉིད་ཀྱི་རྣམ་འགྱུར་དང་ཁས་ལེན་ཡང་འབྲི་དགོས། རེ་འདུན་ཞུ་ཡིག་གི་འགོ་བརྗོད་དང་མཇུག་སྡུད་ཟླ་ཚེས་སོགས་ཀྱི་གོ་རིམ་འབེབས་སྟངས་སྤྱིར་བཏང་གི་གཞུང་ཡིག་འབྲི་སྟངས་དང་རིགས་འགྲེའོ། །

                                         རེ་འདུན་ཞུ་བའི་ཡི་གེ
གུས་པར་འོས་པའི་རྫོང་ཏང་ཨུ་ལ །
     ཁ་སང་སྔ་དྲོ་རྫོང་ཨུའི་ཧྲུའུ་ཅི་༞ཡིས་ལས་བཟོ་ཡོངས་ཀྱི་ཚོགས་ཆེན་ཐོག་རྫོང་ཏང་ཨུས་ལས་བཟོའི་རིག་གནས་སློབ་གྲྭ་འཛུགས་རྒྱུ་སྐོར་གྱི་དོན་ཁྱབ་བསྒྲགས་གནང་བ་དང་ཆབས་ཅིག་དེང་སྐབས་རང་རྫོང་གི་ལས་བཟོ་མང་ཆེ་བའི་རིག་གནས་ཆུ་ཚད་དམའ་བོ་ཡིན་པས་དེང་བཞིའི་འཛུགས་སྐྲུན་གྱི་དགོས་མཁོ་དང་མི་འཚམ་པའི་གནས་ཚུལ་དེ་མྱུར་དུ་འགྱུར་ལྡོག་ཡོང་བ་བྱེད་ཕྱིར་ད་ནས་བཟུང་ལས་བཟོ་ཡོངས་ཀྱིས་ལེ་ལོ་དང་རྣམ་གཡེང་སོགས་ལྗན་ལྗིན་གྱི་ཚུལ་སྐྱུར་བ་དང་། ངལ་དུབ་ཇི་སྙེད་པ་ཁྱད་དུ་བསད་དེ་རིག་གནས་སྦྱང་བརྩོན་གང་ལེགས་བྱས་ནས་རིངས་པར་འཕེལ་བའི་དུས་རབས་ཀྱི་དགོས་མཁོ་འཚམ་པར་བྱེད་དགོས་པའི་འབོད་སྐུལ་གནང་སྟབས། ང་ལ་སྐུལ་ལྕག་ཆེན་པོ་ཐེབས་ཏེ་རིག་གནས་སྦྱང་བརྩོན་བྱེད་དགོས་པའི་རང་བཞིན་གལ་ཆེན་སྔར་ལས་ལྷག་པར་གསལ་རྟོགས་ཐུབ་བྱུང་། འོན་ཀྱང་སྔོན་ཆད་ང་ལ་སློབ་གྲྭར་བསྐྱོད་པའི་གོ་སྐབས་མེད་ཁར་རྣམ་པ་ཀུན་ཏུ་འབད་པས་སློབ་སྦྱོང་བྱེད་པའི་བག་ཆགས་སད་མེད་པའི་རྐྱེན་གྱིས་རིག་གནས་ཆུ་ཚད་ཤིན་ཏུ་དམའ་པས་རང་འཁྲིའི་ལས་ཀའི་དགོངས་མཁོ་དང་མི་འཚམ་པར་བརྟེན། སྐོམ་པ་ཆུ་འདོད་ལྟར་ཐེངས་འདིའི་ལས་བཟོའི་རིག་གནས་སློབ་སྦྱོང་འཛིན་གྲྭར་ཞུགས་འདོད་ཆེན་པོར་འདུག་པས་རྫོང་ཨུ་ཡིས་བཀའ་འཁྲོལ་གནང་བར་མཁྱེན།
                                    ཕྲན་༞༞ཡིས་༞༞ལོའི༞ཟླ
                                     ༝ཚེས་༞ཉིན་ལ་ཕུལ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号