ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་འདུལ་བའི
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
གནས་ཀྱི་བླ་མ་ནི།བཙུན་པའི་ཡན་ལག་ཚུལ་ཁྲིམས་དག་བ།བརྟན་པའི་ཡན་ལག་བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པ།མཁས་པའི་ཡན་ལག་འདུལ་བ་ཤེས་ཤིང་ལྔ་ཚན་ཉེར་གཅིག་གང་རུང་དང་ལྡན་པ།ཕན་འདོགས་ཀྱི་ཡན་ལག  ལྟ་བ་མཐུན་པ།མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ།ལུས་ཐ་མལ་དུ་གནས་པ།ས་རང་བཞིན་དུ་གནས་པ། སྙིང་རྗེ་དང་ལྡན་པ།བཟོད་པ་དང་ལྡན་པ།ནང་འཁོར་བ་དག་པ།ཆོས་དང་ཟང་ཟིང་གིས་ཕན་འདོགས་ལ་བརྩོན་པ།དུས་སུ་འདོམས་པ་སྟེ་ཆོས་བཅུ་ལྡན་ནོ།། གནས་པ་སློབ་མ་ནི།སྡེ་ལྔའི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ།དགེ་བ་ལ་བརྩོན་པ།བླ་མ་ལ་གུས་པ།བླ་མའི་བྱ་བ་ལ་གྲིམས་པ།དུལ་བ།བཟོད་པ་དང་ལྡན་པ་སྟེ་དྲུག་དང་།དགེ་སློང་ཡིན་ན་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པའམ།ལོན་ཡང་ལྔ་ཚན་དང་མི་ལྡན་པའོ།།གནས་པས་གནས་ལ་བསྟེན་ཚུལ་ནི། བསམ་པས་བསྟེན་པ།སྤྱོར་བས་བསྟེན་པ།བྱ་བ་ནར་མ་དང༌།གློ་བུར་བ་རྣམས་ཞུ་བ་རྣམས་སོ།།གནས་ཀྱིས་གནས་པ་ལ་ཇི་ལྟར་སྒྲུབ་པ་ནི།རྗེས་སུ་བཟུང་བའི་ཚུལ་གྱིས་སྒྲུབ་པ་དང༌།ཆད་པས་བཅད་པའི་ཚུལ་གྱིས་སྒྲུབ་པ་གཉིས་རྣམས་སོ།།འདིའི་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་ལ།དང་པོ་ལོ་བཅུ་ལོན་པའི་ལྔ་ཚན་ནི།བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་དང༌།ནད་གཡོག་བྱེད་པ།འགྱོད་པ་སེལ་བ།སྡིག་ལྟ་སྤོང་བ།གནས་མངོན༌པར་མི་དགའ་བ་འདོར་བ་བཞི་བྱེད་དམ་བྱེད་དུ་འཇུག་པ་སྟེ་ལྔའོ།།གཉིས་པ་འཛིན་པའི་ལྔ་ཚན་ལ་འདུལ་བ་འཛིན་པ།མདོ་སྡེ་འཛིན་པ།མངོན་པ་འཛིན་པ།མང་དུ་ཐོས་པ།ཚུལ་ཁྲིམས་དང་ལྡན་པའོ།།གསུམ་པ་མཁས་པའི་སྡེ་ཚན་ནི། སྡེ་སྣོད་གསུམ་ལ་མཁས་པ།མང་ཐོས།ཚུལ་ལྡན་ཏེ་ལྔའོ།།བཞི་པ་རིག་པའི་སྡེ་ཚན་ནི།སྡེ་སྣོད་གསུམ་རིག་པ།མང་ཐོས།ཚུལ་ལྡན་ཏེ་ལྔའོ།།ལྔ་པ་གསལ་བའི་སྡེ་ཚན་ནི།སྡེ་སྣོད་གསུམ་གསལ་བར་འཆད་ནུས་པ།མང་ཐོས།ཚུལ་ལྡན་ཏེ་ལྔའོ།དྲུག་པ་འཛིན་དུ་འཇུག་པའི་སྡེ་ཚན་ནི། སྡེ་སྣོད་གསུམ་གཞན་ལ་འཛིན་དུ་འཇུག་ནུས་པ། མང་ཐོས། ཚུལ་ལྡན་ཏེ་ལྔའོ།།བདུན་པ་སློབ་པའི་སྡེ་ཚན་ནི། བསླབ་པ་གསུམ་ལ་སློབ་པ། མང་ཐོས། ཚུལ་ལྡན་ཏེ་ལྔའོ། བརྒྱད་པ་སློབ་ཏུ་འཇུག་པའི་སྡེ་ཚན་ནི།   གཞན་བསླབ་པ་གསུམ་ལ་སློབ་ཏུ་འཇུག་ནུས མང་ཐོས། ཚུལ་ལྡན་ཏེ་ལྔའོ། །དགུ་པ་འདུལ་བ་ལ་སློབ་པའི་སྡེ་ཚན་ནི། ལྷག་པའི་སྤྱོད་པ།འདུལ་བ་དང་སོ་སོར་ཐར་པར་བསླབ་པ། མང་ཐོས། ཚུལ་ལྡན་ཏེ་ལྔའོ། །བཅུ་པ་འདུལ་བ་ལ་སློབ་ཏུ་འཇུག་པའི་སྡེ་ཚན་ནི། ལྷག་པའི་སྤྱོད་པ། འདུལ་བ་དང་སོ་སོར་ཐར་པར་སློབ་ཏུ་འཇུག་ནུས་པ།མང་ཐོས། ཚུལ་ལྡན་ཏེ་ལྔའོ།།བཅུ་གཅིག་པ་ཕུན་སུམ་ཚོགས་པའི་སྡེ་ཚན་ནི། དད་པ། ཚུལ་ཁྲིམས། ཐོས་པ། གཏོང་བ། ཤེས་རབ་ཕུན་ཚོགས་ཏེ་ལྔའོ།   །བཅུ་གཉིས་པ་མི་སློབ་པའི་ཕུན་ཚོགས་ལྔ་ནི། མི་སློབ་པའི་ཚུལ་ཁྲིམས། ཏིང་འཛིན། ཤེས་རབ། རྣམ་པར་གྲོལ་བ། མི་སློབ་པའི་ལྟ་བ་སྟེ་ལྔའོ།།བཅུ་གསུམ་པ་དྲན་ལྡན་གྱི་སྡེ་ཚན་ནི། ཚུལ་ལྡན། མང་ཐོས། བརྩོན་འགྲུས། ཤེས་རབ། །དྲན་པ་དང་ལྡན་པ་སྟེ་ལྔའོ།   །བཅུ་བཞི་པ་ནང་དུ་འཇོག་པའི་སྡེ་ཚན་ནི། ཚུལ་ལྡན། མང་ཐོས། བརྩོན་འགྲུས། ཤེས་རབ། ནང་དུ་ཡང་དག་འཇོག་པ་དང་ལྔའོ། །བཅོ་ལྔ་པར་མཉམ་པར་བཞག་པའི་སྡེ་ཚན་ནི།མང་ཐོས།ཚུལ་ལྡན།བརྩོན་འགྲུས།ཤེས་རབ། མཉམ་པར་འཇོག་པ་དང་ལྔའོ། །    
བཅུ་དྲུག་པ་སློབ་པའི་སྡེ་ཚན་ནི། སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ།   ཏིང་ངེ་འཛིན་གྱི་ཕུང་པོ། ཤེས་རབ་ཀྱི་ཕུང་པོ། རྣམ་པར་གྲོལ་བའི་ཕུང་པོ། རྣམ་པར་གྲོལ་བ་མཐོང་བའི་ཕུང་པོ་སྟེ་ལྔའོ།།བཅུ་བདུན་པ་མི་སློབ་པའི་སྡེ་ཚན་ནི། མི་སློབ་པའི་ཕུང་པོ་ལྔ་སྟེ་སྔ་མ་དང་འདྲའོ།།བཅོ་བརྒྱད་པ་བྱུང་ཤེས་ཀྱི་སྡེ་ཚན་ནི། བྱུང་བ་ཤེས་པ། བཅས་པ་ཤེས་པ།   རྗེས་སུ་བཅས་པ་ཤེས་པ། བཀག་པ་ཤེས་པ། གནང་བ་ཤེས་པ་སྟེ་ལྔའོ།།བཅུ་དགུ་པ་གནས་འཆར་གཞུག་ནུས་ཀྱི་སྡེ་ཚན་ནི། བར་དུ་གཅོད་པ་ཤེས་པ། བར་དུ་གཅོད་པ་མ་ཡིན་པ་ཤེས་པ། སྨྲ་བ་དང༌། རྗེས་སུ་བསྟན་པ། གནས་འཆར་གཞུག་ནུས་པ་སྟེ་ལྔའོ། །ཉི་ཤུ་པ་རེ་ཞིག་གནས་འཆར་གཞུག་ནུས་ཀྱི་སྡེ་ཚན་ནི། དེ་དང་འདྲའོ། །ཉེར་གཅིག་པ་ལྟུང་ཤེས་ཀྱི་སྡེ་ཚན་ནི། ལྟུང་བ་ཤེས་པ། ལྟུང་མེད་ཤེས་པ། ཡང་བ་ཤེས་པ། ལྩི་བ་ཤེས་པ། སོ་ཐར་དང་རྒྱས་པ་ཐོན་པ་སྟེ་ལྔའོ།། གོང་གི་སྡེ་ཚན་བཅོ་བརྒྱད་པའི་བྱུང་ཤེས་ཀྱི་དབྱེ་བ་ལ། བྱུང་ལ་མ་བཅས་པ་དང༌། བྱུང་ལ་བཅས་པ་གཉིས། ཕྱི་མ་ལ་བྱུང་ལ་བཅས་པ་དང༌། བྱུང་བའི་རྗེསབཅས་གཉིས།  བཅས་པ་ལ། དགག་པའི་བཅས་པ༑ སྒྲུབ་པའི་བཅས་པ། གནང་བའི་བཅས་པ་སྟེ་གསུམ། རྗེས་བཅས་ལ། སྒྲུབ་པའི་རྗེས་སུ་སྒྲུབ་པ་བཅས་པ། སྒྲུབ་པའི་རྗེས་སུ་གནང་བ་བཅས་པ།   སྒྲུབ་པའི་རྗེས་སུ་དགག་པ་བཅས་པ། གནང་བའི་རྗེས་སུ་སྒྲུབ་པ་བཅས་པ། གནང་བའི་རྗེས་སུ་གནང་བ་བཅས་པ། གནང་བའི་རྗེས་སུ་དགག་པ་བཅས་པ། དགག་པའི་རྗེས་སུ་སྒྲུབ་པ་བཅས་པ།    དགག་པའི་རྗེས་སུ་གནང་བ་བཅས་པ༑ དགག་པའི་རྗེས་སུ་དགག་པ་བཅས་པ་སྟེ་དགུའོ། །དེ་ཡང་རྗེས་བཅས་ཀྱིས་མཚན་ཉིད་མི་འདོར་བ་གསུམ་དང༌།མཚན་ཉིད་འདོར་བ་དྲུག་གོ། །ཞར་བྱུང་ལྷུང་བཟེད་ཀྱི་སྐོར་ལ་རུང་བ་ལྔ་ནི། རྒྱུའི་རུང་བ་ས་རྡོ་ལྕགས་གསུམ་གང་རུང་ལས་བྱས་པ། ཁ་དོག་གི་རུང་བ་བྱ་རོག་གི་མིག་ལྟར་ནག་པ། དབྱིབས་ཀྱི་རུང་བ་སྒོ་ང་ཕྱེད་བཀས་ལྟར་ཟླུམ་པ།    ངོ་བོའི་རུང་བ་ལྷན་པ་ལྔ་ཡན་ཆད་མ་ཕོག་ཅིང་ལོངས་སྤྱོད་དུ་བཟོད་པ། ཆོ་གའི་སྒོ་ནས་རུང་བ་བྱིན་གྱིས་རླབས་པའོ། །ཚད་ཀྱིས་དབྱེ་ན་ཆེ་འབྲིང་ཆུང་གསུམ། རྟེན་གྱི་སྒོ་ནས་ཕ་མའི་གཉིས། ་ཆད་ལས་སུ་བཅང་བའི་འབྲེལ་མེད་ལྷུང་བཟེད་དང་གསུམ། ལྷུང་བཟེད་ལ་སློང་ཕོར་ཞེས་ཀྱང་བྱའོ། །འཁར་གསིལ་གྱི་སྐོར་ལ། རྒྱུའི་ཁྱད་པར་ཡས་མས་ལྕགས་དང༌། བར་ཤིང་ལས་བྱས་པ། དབྱིབས་ཀྱི་ཁྱད་པར་སྨད་གཞོགས་ཟུར་བདུན་དང༌། སྟོད་གཞོགས་ཟུར་བརྒྱད་པ། དུམ་བུ་གསུམ་ལ་རྩེ་ལ་མཆོད་རྟེན་དང༌།   རྭ་ཟླུམ་པོའི་རྩེ་མོ་ཡང་མཆོད་རྟེན་ཡོད་པ། རྭ་རེ་རེ་ལ་ཨ་ལོང་གསུམ་གསུམ་སྟོད་དུ་ལྕགས་ཀྱུ་དང་བཅས་པའོ། །དབྱེ་ན། རྭ་གཅིག་པ། རྭ་གཉིས་པ།རྭ་བཞི་པ། རྭ་དྲུག་མ་རྣམས་སོ། །འདི་ལ་མཁར་སིལ། གསེག་ཤང༌། གོ་བྱེད། ཁྱི་སྐྲོད།   སིལ་བྱེད་ཅེས་ཀྱང་བྱའོ།   །ཆུ་ཚགས་ལ་ལྔ་སྟེ། སྦྱར་ཚགས་་དང༌། ཐུམ་ཚགས་དང༌། རིལ་བ་ཞབས་ཚགས་ཅན། བསལ་ཚགས།   ཚགས་གྲུ་གསུམ་སྟེ་ལྔའོ། །བསྲོ་ཁང་གི་སྐོར་ལ། ཡོན་ཏན་ལྔ་ནི། རྡུལ་དང་དྲི་མ་འབྱང་བ། པགས་པ་མདངས་གསལ་བ། པགས་པ་ལ་ནད་ཡོད་པ་རྣམས་འབྱིན་པ། རླུང་དང་བད་ཀན་མེད་པར་བྱེད་པ།ནད་མེད་པར་བྱེད་པའོ། །ཡང་ན་སྔ་མ་བཞིའི་སྟེང་དུ་སྐྱོ་བ་བསྐྱེད་པར་བྱེད་པའོ།   །བསྲོ་ཁང་གི་དཀྱིལ་དུ་སྐར་ཁུང་དྲ་བ་ཅན་བྱ་བ། སྒོ་གླེགས། འཁོར་གཏན།   གནམ་གཟེར།   འཕྲེད་གཏན། དབྱུག་གུ་སྐམ་ཁ་དང་བཅས་པའོ། །སྒོ་ནི་སྒོ་གླེགས སྒོ་གཏན། ཡང་མིག ལག་གཟུངས་དང་བཅས་པའོ།   །འོག་ཏུ་སོ་ཕག་གི་བཅལ་བཀྲམ་པ་དང༌།   དེར་དགོས་པའི་ཡོ་བྱད་ལྕགས་ཀྱི་ཐལ་ཕྱགས་དང༌། པོག་ཕོར། བདུག་སྤོས། ལྕགས་ཀྱི་ཕྲུགས་སྤྱད་རྣམས་སོ། །འདི་ལ་དུགས་ཁང་ཞེས་ཀྱང་ཟེར་རོ། །ཁྲུས་ཁང་གི་སྐོར་ལ། ནང་དུ་སོ་ཕག་གིས་སྐྲོན་པའི་ཁྲུས་དོང༌། ཕྱི་རོལ་དུ་ཆུ་འབོ་བའི་གཏོར་ཁུང༌།ཡོད་བྱད་ལ་ཐལ་བ་དང༌།བ་གླང་གི་ལྕི་བ། སོ་ཤིང་གིས་བཀང་བའི་གྱོ་མོའོ།  །ཁྲུས་ལ་ལེགས་སྦྱར་གྱི་ཁྲུས་དང༌། ཁྲུས་རང་དགའ་བ་གཉིས་སོ། །མི་མཐུན་ཕྱོགས་ངོ་ཤེས་པར་བྱས་ཏེ་སྤོང་བའི་སྒོ་ནས་མི་ཉམས་པར་བསྲུང་བ་ནི། སྤྱིར་སྡོམ་པའི་གཏོང་རྒྱུ་ལ། བསླབ་པ་ཕུལ་བ། ཤི་འཕོས་པ། མཚན་གཉིས་བྱུང་བ། མཚན་ལན་གསུམ་དུ་འགྱུར་བ།   དགེ་རྩ་ཆད་པ་སྟེ་ལྔའོ། བསླབ་པ་ཕུལ་ཉམས་ལ་མུ་བཞི་སྟེ། ཕུལ་ལ་མ་ཉམས་པ།   ཉམས་ལ་མ་ཕུལ་བ༑ གཉི་ཀ་དང་གཉི་ཀ་མ་ཡིན་པ་སྟེ་བཞིའོ། །འབུལ་ཚུལ་ལ། ངོ་བོ་འབུལ་བ། རྟེནའབུལ་བ༑ བདག་རྐྱེན་འབུལ་བ། མི་མཐུན་ཕྱོགས་ཁས་ལེན་པའི་འབུལ་བ་སྟེ་བཞིའོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号