ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་འདུལ་བའི
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
དགུ་པ་རྒྱུ་བའི་སྡེ་ཚན་ནི།  གནོད་པ་བྱུང་བ་མ་གཏོགས་པར་རང་དགར་ཤིང་ལ་མི་གང་ཙམ་ལས་མཐོ་བར་འཛེག་པ་སྟེ་ཉེས་བྱས་གཅིག་གོ། དེ་དག་རྣམ་པ་ཀུན་དུ་སྤོང་བར་བྱེད་པའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མོ།  །དགེ་སློང་མའི་ལྟུང་བ་སྡེ་ལྔ་ནི།ཕམ་པ་ལ་ཐུན་མོང་བ་བཞི་དང༌།རེག་པ། ལུས་བཀན་པ། འཆབ་པ།  བཟློག་པའི་ཕམ་པ་སྟེ་བརྒྱད་དོ། དགེ་འདུན་ལྷག་མ་ལ། སྨྱན་བྱེད་པ།གཞི་མེད། བག་ཙམ།  ཅི་ཡང་རུང་བ་ལེན་པ། ཅི་ཡང་རུང་བ་ལེན་དུ་འཇུག་པ། མཚན་མོ་འབྲལ་བ༑ ཉིན་མོ་འབྲལ་བ།  ལམ་དུ་འཇུག་བ། ཆུ་རྒལ་བ། རབ་ཏུ་འབྱིན་པ།ཤི་བའི་ནོར་ལེན་པ། བཟོད་པ་གསོལ་དུ་འཇུག་པ།  སྤོང་བ། འཐབ་ཀྲོལ་བྱེད་པ། བུད་མེད་བསྟེན་པ། བུད་མེད་བསྟེན་དུ་འཇུག་པ།དགེ་འདུན་དབྱེན་སོགས་ཐུན་མོང་བ་བཞི་དང་ཉི་ཤུའོ།  །སྤང་བའི་ལྟུང་བ་ལ། འཆང་སོགས་བཅུ་ཚན་དང་པོ་སྔར་བཞིན་དང༌། གསེར་དངུལ་ལ་རེག་པ།  མངོན་མཚན་ཅན། ཉོ་ཚོང་བྱེད་པ།  ལྟུང་བཟེད་ཚོལ་བ། འཐག་ཏུ་འཇུག་པ།  འཐག་པ་བསྐྱེད་པ། འཕྲོག་པ།བསྡོས་བསྒྱུར། གསོག་འཇོག་ལས་གྱུར་པ། ལྷུང་བཟེད་འཆང་བ། བྱིན་གྱིས་མི་རློབས་པ། སྲ་བརྐྱང་འབྱེན་པ། སྲ་བརྐྱང་མི་འབྱིན་པ། རིན་པོ་ཆེ་སློང་བ། གོས་ཟ་བ་ལས་གྱུར་པ། གོས་ཀྱི་རྒྱུ་སོགས་ཟ་བ་ལས་གྱུར་པ་ལ།  དབྱར་ཁང༌། མལ་ཆ། གོས་ཀྱི་ཆེད་དུ་ཡོ་བྱད་གང་ཡང་རུང་བ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་སྟེ་གསུམ། སྐྱེ་བོ་མང་པོ་ལ་བསྔོས་པ་བྱིན་གྱིས་རློབས་པ།   དགེ་འདུན་ལ་བསྡོས་པ་བྱིན་གྱིས་རློབས་པ། བཅིངས་པ་འགྲོལ་དུ་འཇུག་པ།གོས་ལྕི་བ་བསྟེན་པ།   གོས་ཡང་བ་བསྟེན་པའི་སྤང་བའི་ལྟུང་བ་སྟེ་སུམ་ཅུ་རྩ་གསུམ་མོ།  །ལྟུང་བྱེད་འབའ་ཞིག་པ་ལ།  དགོ་སློང་དང་ཐུན་མོང་བའི་བདུན་ཅུ་རྩ་གཉིས་ཀྱི་མིང་ནི་སྔ་གྱི་དེར་འདུ་ལ།ཐུན་མོང་མ་ཡིན་པ་བརྒྱ་དང་བརྒྱད་ནི༑ མ་ལོན་པས་ཉེ་བར་འཇོག་པ། འཁོར་ཉེ་བར་འཇོག་པ། འཁོར་མང་པོ་ཉེ་བར་འཇོག་པ། ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པ།  ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པ། ཁྱིམ་སོ་བཟུང་བ་ཚིགས་ལས་འདས་པར་བསྙེན་པར་རྫོགས་པར་བྱེད་པ། ཁྱིམ་སོ་མ་བཟུང་བ་ཚིགས་ལས་འདས་པར་བསྙེན་པར་རྫོགས་པར་བྱེད་པ། བསླབ་པ་ལ་མ་བསླབས་པ་བསྙེན་རྫོགས་བྱེད་པ། བསླབ་པ་ལ་བསླབས་པ་བསྙེན་རྫོགས་མི་བྱེད་པ། ཆོས་འཚོང་བ། འདྲིད་པ། འཁོར་མང་པོ་གསོག་པ། མ་གནང་བ་སྡུད་པ།འཁྲུལ་བ་མོ་སྡུད་པ།  སྦྲུམ་མ་སྡུད་པ། མྱ་ངན་གྱིས་གཟིར་བ་སྡུད་པ། རྩབ་ཀྲོལ་ཅན་སྡུད་པ།  ཕན་མི་འདོགས་པ། བར་ཆད་མི་འདྲེན་པ། བསླབ་པ་ལ་མི་སློབ་པ། ནད་གཡོག་མི་བྱེད་པ། འདོད་པ་བསྟེན་པ།འདོད་པ་བསྟེན་པ་ལྟར་འཆོས་པ། འདོད་པ་བསྟེན་པ་ལྟར་གནོད་པ།བསྟེན་པར་བྱ་བ་འཆོས་པ།   དབེན་པ་སྐྱབས་ཡོད་པར་ཁྱིམ་པ་དང་ལྷན་ཅིག་འགྲེང་བ། དེར་དགེ་སློང་དང་ལྷན་ཅིག་འགྲེང་བ། བླ་གབ་མེད་པར་ཁྱིམ་པ་དང་ལྷན་ཅིག་འགྲེང་བ། དེར་དགེ་སློང་དང་ལྷན་ཅིག་འགྲེང་བ། ཁྱིམ་པའི་རྣ་བར་གཤུབ་ཅིང་སྨྲ་བ།  ཁྱིམ་པས་གཤུབ་ཅིང་སྨྲ་བ་ཉན་པ། དགེ་སློང་གི་རྣ་བར་གཤུབ་ཅིང་སྨྲ་བ། དགེ་སློང་གི་གཤུབ་ཅིང་སྨྲ་བ་ཉན་པ།  ཁྱིམ་པ་ལས་རིག་པ་ལེན་པ།  ཁྱིམ་པ་ལས་རིག་པ་ཀློག་པ།སྒྱུ་ཐབས་ཀྱིས་རྨ་བཅིངས་ཤིང་འགྲོལ་དུ་འཇུག་པ། བུ་འཚོ་བ།ཁྱིམ་གཞན་དུ་མཚན་མོ་ཉལ་བ།མཚན་མོ་མ་བརྟགས་པར་སྐྱབས་ཡོད་པར་ཉལ་བ། མཚན་མོ་དགེ་སློང་མ་གཞན་མེད་པར་ཉལ་བ།ལོངས་སྤྱོད་ཅིང་གནས་པ་བཏང་བ། རང་གི་ལུས་ལ་དགེ་སློང་མ་དང༌།དགེ་སློབ་མ་དང༌།དགེ་ཚུལ་མ་དང༌།ཁྱིམ་པ་མོ་དང༌། མུ་སྟེགས་མོས་དྲིལ་ཕྱིས་བྱེད་དུ་འཇུག་པ་ལྔ་དང༌།བུད་མེད་གཞན་གྱིས་བཀྲུ་བཤལ་བྱེད་དུ་འཇུག་པ།  ལུས་ལ་དྲི་ཞིམ་པོས་བསྐུད་པ། འབྲུ་མར་གྱི་ཚིགས་མས་སྐུད་པ། ཆུ་ལ་ལོངས་སྤྱོད་པ། པུ་ཤེལ་ཙིས་སྐྲ་ཤད་པ།སོ་མངས་ཀྱིས་སྐྲ་ཤད་པ།སྨྱུག་ཤད་ཀྱིས་སྐྲ་ཤད་པ།དེ་གསུམ་ཆར་གྱིས་སྐྲ་ཤད་པ།སྐྲ་བརྙན་བཀབ་པ། ཁྱིམ་པའི་རྒྱན་ཐོགས་པ།བྲོ་བརྡུང་བ་གླུ་ལེན་པ།རོལ་མོ་བྱེད་པ།གདུགས་ཐོགས་པ། མཆིལ་ལྷམ་གྱོན་པ།    ཁྲིའུའི་བསྙེན་བཀུར་ཉམས་སུ་མྱོང་བ། ཐུགས་ཐུབ་ཏུ་ཕྱིས་གནོན་བྱེད་པ།ཁྱིམ་པ་ལ་ལོག་ཐབས་བྱེད་པ༑      དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པ།ཟས་འཚོང་བ། ཁྱིམ་གྱི་བྱ་བ་བྱེད་པ། ཆང་ལས་བྱེད་པ། རྗེན་བཙོས་བྱེད་པ།ལྟོ་འདུན་ལས་གྱུར་པ། ཚོགས་པར་དབྱུང་བ་མ་ཡིན་པའི་དྲི་བསྟེན་པ། སྨྱེ་གབ་མི་འཆང་བ་དང༌། ཆུ་གོས་མི་འཆང་བ་དང༌། བཀྲུ་བཤལ་བ་ལ་འཁྲུར་འཇུག་པ་སྟེ།  གསུ་བེལ་བ་ལས་གྱུར་པ་གསུམ།   ཆོས་ཀྱི་རྒྱལ་མཚན་ལ་མ་གུས་པ། རྒྱལ་མཚན་བརྗེ་བ། བསྔགས་པ་དང༌།།གནས་དང༌།ཁྱིམ་པ་དང༌།རྙེད་པ་དང༌།ཆོས་ལ་སེར་སྣ་བྱེད་པ་སྟེ་ལྔ།དབྱར་ཁང་ནས་དགེ་སློང་མ་སྐྲོད་པ་དང༌། སྔ་ནས་གནས་པ་སྐྲོད་པ་སྟེ་སྐྲོད་པ་ལས་གྱུར་པ་གཉིས།མཐོ་འཚམ་པ་ལས་གྱུར་པ།ལོག་པར་སྟོན་པ།མི་བརྟན་པས་རྣམ་པར་འགྱུར་བ། དགེ་སློང་མའི་ཚོགས་ལ་བརྙས་ཐབས་བྱེད་པ་དང༌།སྤྱོ་བ་དང༌།དགེ་སློང་ལ་ཆུས་འཐོར་བ་སྟེ་བརྙས་ཐབས་བྱེད་པ་གསུམ།འཁྲུག་ལོང་ཡལ་བར་འདོར་བ།བློ་འཐུན་པར་མི་བྱེད་པ།ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་ལས་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་པ་དང༌།   དགེ་སློང་མེད་པར་གསོ་སྦྱོང་བྱེད་པ་དང༌།དེར་དབྱར་ཁས་ལེན་པ་དང༌།གཉིས་ཀའི་དགེ་འདུན་ལས་དགག་དབྱེ་མི་བྱེད་པ་སྟེ།
ལྩི་བའི་ཆོས་ལས་འདས་པ་བཞི། དབུལ་པོར་སྲ་བརྐྱང་སྦྱོར་དུ་འཇུག་པ། བག་ཡངས་སུ་བྱ་བའི་ཚོགས་པ་མི་སྦྱིན་པ། གོས་འགོད་པའི་ཕྱིར་མི་སྦྱིན་པ། དབྱར་ཁང་ཡལ་བར་འདོར་བ། དབྱར་ནང་དུ་ལྗོངས་རྒྱུ་བ། དབྱར་གྱི་འོག་ཏུ་དེར་མི་འགྲོ་བ། ཡུལ་འཁོར་དོགས་པ་དང་བཅས་པར་འགྲོ་བ། མི་མཐུན་པ་དང་བཅས་པར་འགྲོ་བ།  རྩོད་པ་བྱེད་པ།  སྐབས་མ་ཕྱེ་བར་འདྲི་བ། ཕྱི་སར་གཅིག་པུར་འགྲོ་བ།རྩ་སྔོན་པོར་བཤང་བ་འདོར་བ། རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་གཅི་འདོར་བའི་ལྟུང་བྱེད་དེ་བརྒྱ་དང་བརྒྱད་ཅུའོ། སོ་སོར་བཤགས་པར་བྱ་བ་ལ། གཞན་གྱི་ཁྱིམ་ནས་བདག་གི་དོན་དུ་འོ་མ་དང༌། ཞོ་དང༌།མར་དང་།ཞུན་མར་དང༌།འབྲུ་མར་དང༌།སྦྲང་རྩི་དང༌། བུ་རམ་གྱི་དབུ་བ་དང༌།ཉ་ཤ་དང༌།ཤ་དང༌།ཤ་སྐམ་གང་ཡང་རུང་བ་བླངས་ཏེ་ལོངས་སྦྱད་པ་སྟེ་བཅུ་དང༌། དམག་དཔོན་སེང་གེ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ་སྟེ་བཅུ་གཅིག་གོ། །ཉེས་བྱས་ལ།ཤམ་ཐབས་རྐེད་པ་སྣང་བར་བགོ་བ་དང༌། འཁྲིག་པའི་འདོད་ཆགས་ཀྱིས་ཆགས་པར་གྱུར་ཅིང་ཁྱིམ་གཞན་དུ་འགྲོ་བ་གཉིས་དང༌། དགེ་སློང་དང་ཐུན་མོང་བ་བརྒྱ་དང་བཅུ་སྟེ་བསྡོམས་ན་བརྒྱ་དང་བཅུ་གཉིས་སོ། །དེ་དག་རྣམ་པ་ཀུན་ཏུ་སྤོང་བར་བྱེད་པའི་ཁྲིམས་སུམ་བརྒྱ་དང་དྲུག་ཅུ་རྩ་བཞིའོ།།
ཞར་བྱུང་དགེ་སློབ་མའི་གདམས་ངག་བཅུ་གཉིས་ནི།གཅིག་པུ་ལམ་དུ་མི་འགྲོ་བ། ཆུའི་ཕ་རོལ་རྐྱལ་བར་མི་བྱ་བ།སྐྱེས་པ་ལ་རེག་པར་མི་བྱ་བ།སྐྱེས་པ་དང་ལྷན་ཅིག་འདུག་པར་མི་བྱ་བ།སྨྱན་དུ་འགྱུར་བ་མི་བྱ་བ།ཁ་ན་མ་ཐོ་བ་འཆབ་པར་མི་བྱ་བ་སྟེ་རྩ་བའི་ཆོས་དྲུག གསེར་ལ་བཟུང་བར་མི་བྱ་བ།འདོམས་ཀྱི་སྤུ་འབྲེག་པར་མི་བྱ་བ། བྱིན་ལེན་མ་བྱས་པར་མི་ཟ་བ། གསོག་འཇོག་བྱས་པ་མི་ཟ་བ།རྩྭ་སྔོན་པོར་མི་གཙང་བ་མི་འདོར་བ།ས་མི་བརྐོ་བ་སྟེ་རྗེས་མཐུན་གྱི་ཆོས་དྲུག་རྣམས་སོ།   །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号