ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་འདུལ་བའི
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
བཅུ་ཚན་ལྔ་པ་ནི། སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི།ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི། དེར་འགྲེང་བའི། གཅེར་བུ་ལ་སྦྱིན་པའི། དམག་ལ་ལྟ་བའི། དམག་གི་ནང་ན་གནས་པའི། དཔུང་གི་ཡན་ལག་ཉམས་སུ་མྱོང་བའི། བརྡེག་པའི།གཟས་པའི། གནས་ངན་ལེན་འཆབ་པའི་ལྟུང་བྱེད་དེ་བཅུའོ། །འདིའི་བདུན་པ་ལ་དམག་ལ་རེག་པའི། བཤམས་དཀྲུགས་བྱེད་པའི། དམག་ལ་བལྟ་བའི་ལྟུང་བྱེད་གསུམ་དུ་བཤད་དོ།  །བཅུ་ཚན་དྲུག་པ་ནི། ཟན་གཅོད་དུ་འཇུག་པའི། མེ་ལ་རེག་པའི། འདུན་པ་ཕྱིར་བསྒྱུར་བའི། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི། སྡིག་ལྟ་མི་གཏོང་བའི། སྤང་བའི་རྗེས་སུ་ཕྱོགས་པའི། བསྙིལ་བ་སྡུད་པའི། ཁ་དོག་མ་བསྒྱུར་བའི་གོས་གྱོན་པའི། ལོངས་པ་གཞིར་གཏོགས་ཀྱི། ཁྲུས་བྱེད་པའི་ལྟུང་བྱེད་དེ་བཅུའོ། །བཅུ་ཚན་བདུན་པ་ནི། དུད་འགྲོ་གསོད་པའི། འགྱོད་པ་བསྐྱེད་པའི། ག་གི་ཚིལ་བྱེད་པའི། ཆུ་ལ་རྩེ་བའི། བུད་མེད་དང་ལྷན་ཅིག་ཉལ་བའི། སྡངས་པར་བྱེད་པའི། སྦེད་པའི། གདེང་མེད་པར་སྤྱོད་པའི། སྐུར་བ་འདེབས་པའི། བུདམེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་དང་བཅུའོ།།        
བཅུ་ཚན་བརྒྱད་པ་ནི། རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའི། ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པའི། ས་བརྐོ་བའི། མགྲོན་གཉེར་རིང་འདུག་གི།   བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི། ཉན་རྣ་བྱེད་པའི། མི་སྨྲ་བར་འགྲོ་བའི། མ་གུས་པའི་ཚུལ་གྱི། མྱོས་འགྱུར་འཐུང་བའི། དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དེ་བཅུའོ། །བཅུ་ཚན་དགུ་པ་ནི། ཟས་བཅས་ཁྱིམ་དུ་རྒྱུ་བའི། རྒྱལ་པོའི་ཕོ་བྲང་དུ་ནུབ་མོར་འགྲོ་བའི། བསླབ་པའི་གཞི་ཁྱད་དུ་གསོད་པའི།   ཁབ་རལ་འཆོས་པའི།ཁྲི་རྐང་འཆོས་པའི། ཤིང་བལ་གྱི་གོས་བྱས་པའི། གདིང་བ་ལས་གྱུར་པའི།   གཡན་པ་དགབ་པ་ལས་གྱུར་པའི། དབྱར་གྱི་རས་ཆེན་ལས་གྱུར་པའི། བདེ་གཤེགས་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དེ་བཅུའོ། །སྡེ་ཚན་བཞི་པ་སོར་བཤགས་ཀྱི་སྡེ་ལ།   དགེ་སློང་མ་ལས་ཟས་ལེན་པའི་སོར་བཤགས། གྲལ་རིམས་སུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོར་བཤགས། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོར་བཤགས།ནགས་མ་བརྟགས་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ་སྟེ་བཞིའོ། །ལྔ་པ་ཉེས་བྱས་ཀྱི་སྡེ་ཚན་ལ་སྡེ་ཚན་དགུ་ལས།དང་པོ་གོས་བགོ་བའི་སྡེ་ཚན་ལ། ཤམ་ཐབས་མཉམ་པོར་མ་བགོས་པ། ཧ་ཅང་བརྩེངས་པ། ཧ་ཅང་འཇོལ་བ།ཕྱོགས་གཅིག་གླང་པོའི་སྣ་ལྟར་ནར་བ། ལྟེ་བའི་གོང་དུ་ཤམ་ཐབས་ཀྱི་མགོ་ལྟེབས་པ།  ལྟེ་འོག་ཏུ་སྦྲུལ་མགོ་ལྟར་གདེངས་པ། སྐ་རགས་ཀྱི་ནང་དུ་འབྲུ་ཡི་ཕུར་མ་ལྟ་བུར་འདུག་པར་བགོས་པ་དང༌། ཆོས་གོས་གཉིས་ཧ་ཅང་རྩེངས་པ་དང༌། ཧ་ཅང་འཇོལ་བ་དང༌། ཟླུམ་པོར་མ་བགོས་པ་སྟེ་བཅུའོ།།
གཉིས་པ་ཁྱིམ་དུ་འགྲོ་བའི་སྡེ་ཚན་ལ། མ་བསྡམས་པར་འཇུག་པ། གོས་ལེགས་པར་མ་བགོས་པར་འཇུག་པ། ཅ་ཅོའི་སྒྲ་མ་བསྐྱུངས་པར་འགྲོ་བ། དགོས་མེད་དུ་གཉའ་ཤིང་གང་ལས་ལྷག་པོར་ལྟ་ཞིང་འགྲོ་བ། མགོ་རས་སོགས་ཀྱིས་གཡོགས་ཤིང་འགྲོ་བ། ཆོས་གོས་བརྗེས་ཏེ་འགྲོ་བ། ཆོས་གོས་ཕྲག་པ་གཉིས་ཀར་གཟར་བ། ལག་པ་གཉའ་གོང་དུ་བསྣོལ་བ། ལག་པ་ལྟག་པར་བསྣོལ་བ། འཆོང་ཞིང་འགྲོ་བ། སྒྱིད་པ་བརྐྱངས་བསྐུམ་བྱེད་ཅིང་འགྲོ་བ།   ཙོག་པུས་འགྲོ་བ།   རྟིང་བ་བཏེག་སྟེ་བྲང་བས་འགྲོ་བ། གྲུ་མོ་སྙུང་པོར་བྱས་ཏེ་འགྲོ་བ། ལུས་བསྒྱུར་ཅིང་འགྲོ་བ། ལག་པ་ཀྱོག་ཅིང་འགྲོ་། མགོ་བསྒྱུར་ཅིང་འགྲོ་བ། གཞན་དང་ཕྲག་པ་གཉིས་སྤྲད་ཅིང་འགྲོ་བ།གཞན་དང་ལག་པ་སྦྲེལ་ཏེ་ཁྱིམ་གཞན་དུ་འགྲོ་བ་སྟེ་ཉི་ཤུའོ། །
གསུམ་པ་ཁྱིམ་ན་འདུག་པའི་སྡེ་ཚན་ལ། གཞན་གྱིས་མ་བསྒོ་བར་འདུག་པ། མ་བརྟགས་པར་འདུག་པ། གྱ་ཚོམ་དུ་ལྩིད་ཀྱིས་ཕབ་སྟེ་འདུག་པ། རྐང་པའི་སྟེང་དུ་རྐང་པ་བཞག་སྟེ་འདུག་པ། བརླའི་སྟེང་དུ་བརླ་བཞག་སྟེ་འདུག་པ། ལོང་བུའི་སྟེང་དུ་ལོང་བུ་བཞག་སྟེ་འདུག་པ། རྐང་པ་ཁྲི་སོགས་ཀྱི་འོག་ཏུ་བཀུག་སྟེ་འདུག་པ། བྱིན་པ་དང་རྐང་པ་ཐག་རིང་བར་ཕྲལ་ཏེ་འདུག་པ། འདོམས་སྣང་བར་འདུག་པ་སྟེ་དགུའོ། ། བཞི་པ་ཟས་བསླང་བའི་སྡེ་ཚན་ལ། ཟས་ལེགས་པར་མ་བླངས་པ། མུ་དང་ཁ་ང་ཆང་དུ་བླངས་པ། བྱ་ན་དང་ཟན་ཕྱེ་སོགས་མཉམ་པོར་བླངས་པ། གྲལ་མཐར་ཆགས་སུ་མིན་པར་བླངས་པ། ལྷུང་བཟེད་ལ་ཡིད་མ་གཏད་པར་བླངས་པ།  ཟས་མ་འོངས་པར་ལྷུང་བཟེད་བཟེད་པ།   བྱ་ན་ཕྱེ་སོགས་གཅིག་གིས་གཅིག་དགབ་པ། ཟས་ཀྱི་སྟེང་དུ་ཟས་སྣོད་བཟུང་བ་སྟེ་བརྒྱད་དོ།  །ལྔ་པ་ཟས་བཟའ་བའི་སྡེ་ཚན་ལ། ཟས་ལེགས་པར་མ་ཟོས་པ།ཁམ་ཧ་ཅང་ཆུང་བ། ཁམ་ཧ་ཅང་ཆེས་པ།ཁམ་རན་པ་མིན་པར་ཟོས་པ། ཟས་མ་འོངས་པར་ཁ་གདངས་པ། ཁ་ཁམ་གྱིས་བཀང་སྟེ་སྨྲ་བ། ཙུག་ཙུག་དང༌། ཅག་ཅག་དང༌། ཧུ་ཧུ་དང༌། ཕུ་ཕུ་ཟེར་ཞིང་ཟ་བ། ལྕེ་ཕྱིར་ཕྱུང་སྟེ་ཟ་བ། འབྲུ་རེ་རེ་ནས་ཐ་དད་དུ་བྱེད་ཅིང་ཟ་བ། ཟས་ལ་འཕྱ་སྨོད་བྱེད་ཅིང་ཟ་བ། མཁུར་བ་གཅིག་ནས་གཅིག་ཏུ་སྤོ་ཞིང་ཟ་བ། རྐན་བཏོག་ཅིང་ཟ་བ། ཁམ་ཕྲོར་སོས་བཅད་ཅིང་ཟ་བ།  ལག་པ་ལྕེས་ལྡག་པ། ཟས་སྣོད་ལྕེ་དང་སོར་མོས་འབྱོགས་པ།   ལག་པ་ལ་ཟས་ཆགས་པ་སྤྲུག་པ། ཟས་དང་བཅས་པའི་སྣོད་བསྐྱམ་པའམ། ཡང་ན་སྲང་ལ་གདབ་པ།   ཟས་ལ་མཆོད་རྟེན་གྱི་དབྱིབས་བྱས་ཏེ་གཞོམས་ནས་ཟ་བ་སྟེ་ཉི་ཤུ་རྩ་གཅིག་གོ།།
དྲུག་པ་ལྷུང་བཟེད་དུ་སྤྱད་པའི་སྡེ་ཚན་ལ།   གཞན་གྱི་ལྷུང་བཟེད་ལ་དཔྱས་གདགས་པའི་ཕྱིར་བལྟ་བ། ལག་པ་ཟས་ཀྱི་སྦགས་བཞིན་ཆུ་སྣོད་བཟུང་བ། གཞན་ལ་ཟས་དང་སྦགས་པའི་ཆུས་གཏོར་བ། ཁྱིམ་དུ་མ་དྲིས་པར་ཟས་དང་སྦགས་པའི་ཆུ་དབོ་བ།   ལྷུང་བཟེད་དུ་ཟས་ཟོས་པའི་སྙིགས་མ་དོར་བ། འོག་གཞི་མེད་པ་དང༌། དམ་གྲོག་གི་ཁ་དང༌། གཡང་ས་དང༌། དཀན་གཟར་པོར་ལྷུང་བཟེད་བཞག་པ། འགྲེང་བཞིན་ལྷུང་བཟེད་བཀྲུ་བ། གད་ཁ་དང༌། གཡང་ས་དང་།དཀན་གཟར་པོར་ལྷུང་བཟེད་བཀྲུ་བ།   འབབ་ཆུའི་རྒྱུན་ལས་བཟློག་སྟེ་ལྟུང་བཟེད་ཀྱིས་ཆུ་བཅུ་བ་སྟེ་བཅུ་བཞིའོ། །བདུན་པ་ཆོས་འཆད་པའི་སྡེ་ཚན་ལ། མི་ན་བར་འདུག་པ་ལ་འགྲེང་སྟེ་བཤད་པ། ཉལ་བ་ལ་འདུག་སྟེ་སྟོན་པ། སྟན་མཐོན་པོ་དང་བཟང་པོར་འདུག་པ་ལ་དམའ་བ་དང་ངན་པར་འདུག་སྟེ་བཤད་པ། མདུན་ནས་འགྲོ་བ་ལ་རྒྱབ་ནས་སྟོན་པ།   ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་སྟོན་པ། མགོ་གཡོགས་པ་དང༌། གོས་བརྗེས་པ་དང༌། ཆོས་གོས་ཕྲག་པ་གཉིས་ཀར་གཟར་བ་དང༌། ལག་པ་གཉའ་གོང་དུ་བསྣོལ་བ་དང༌། ལྟག་པར་བསྣོལ་བ་དང༌། དོ་ཀེར་ཙན་དང༌། ཞྭ་གྱོན་པ་དང༌། ཅོད་པཎ་ཅན་དང་། མགོ་ལ་ཕྲེང་བ་བཅིངས་པ་དང༌། མགོ་ཐོད་ཀྱིས་དཀྲིས་པ་དང༌། གླང་པོ་ཆེ་ལ་ཞོན་པ་དང༌། རྟ་ལ་ཞོན་པ་དང༌། འདོ་ལེ་སོགས་ཁྱོགས་ལ་འདུག་པ། བཞོན་པའི་སྟེང་ན་འདུག་པ།མཆིལ་ལྷམ་གྱོན་པ་དང༌། ལག་ན་འཁར་བ་ཐོགས་པ་དང༌། གདུགས་ཐོགས་པ་དང་། མཚོན་ཐོགས་པ་དང༌། རལ་གྲི་ཐོགས་པ་དང༌། དགྲ་སྟ་ཐོགས་པ་དང༌། གོ་ཆ་གྱོན་པ་ལ་ཆོས་བཤད་པ་སྟེ་ཉི་ཤུ་རྩ་དྲུག་གོ།  །བརྒྱད་པ་བསྒྲུབ་པའི་སྡེ་ཚན་ལ།  མི་ན་བར་འགྲེང་སྟེ་བཤང་གཅི་བྱེད་པ་དང༌། ཆུའི་ནང་དུ་བཤང་གཅི་སོགས་འདོར་བ་དང༌། རྩ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་སོགས་འདོར་བ་དང་བྱས་ཟིན་ཆུ་དང་རྩ་སྔོན་པོར་འདོར་བ་སྟེ་བཞིའོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号