ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ཀྱི་སྙིང་པོའི་དོན་རིན་པོ་ཆེའི་སྣང་བ་ཞེས་བ
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཐོག་མར་ཤ་སྦྲང་གི་གནས་དེར་དགོན་པ་བཏབ་ནས་ཕར་ཚད་ཀྱིས་ཐོག་དྲངས་བྱམས་ཆོས་རྣམས་དང༌།བརྟག་གཉིས།སྤྱོད་འཇུག་སོགས་མདོ་སྔགས་ཀྱི་ལུང་ཆོས་མང་དུ་གསུངས་པའི་མཐར་ཐུགས་བཞེད་ཇི་ལྟར་མ་ཁེངས་པས་སྐྱོ་ནས།རང་གི་དཔོན་པོ་ཤཱཀྱ་བཟང་པོ་གདན་སར་བསྐོས་ནས།ཁོང་ཉིད་བྱ་ཁྱུང་གི་གནས་བཙལ་བར་བྱོན།ཇུ་ནང་ངག་དབང་སྙན་གྲགས་པའི་བྱ་ཁྱུང་གདན་རབས་སུ།རྗེ་དོན་རིན་པ་ཤ་སྦྲང་ལ་ཕེབས་དུས་རྒད་པོ་ཞིག་གིས་རི་དྭགས་ཤ་བའི་བྲང་ཞིག་གསོལ་བར་ཕུལ་བ་དང༌།ལྷ་ཁང་ཞིག་བཞེངས་པའི་རྒྱབ་རིའི་ཕག་ན་སྣ་ཕུག་ཟེར་བ་ཞིག་ཡོད་པས་རྟེན་འབྲེལ་མ་ལེཊ་པར་དགོངས་ཏེ་ཞལ་ནས་ཀྱང༌།ཤ་བྲང་གིས་གུང་ཚིགས་མི་བྱེད།བྲག་སྣ་ཕུག་ལ་རྒྱབ་མི་གཏོད།ཧོར་མི་གླེན་པ་ལ་སྦྱིན་བདག་མི་བྱེད།ཅེས་གསུངས་ནས་བྱ་ཁྱུང་གི་ཕྱོགས་སུ་ཕེབས་པ་དང༌།ཤ་སྦྲང་གི་གནས་དེར་ན་བཟའ་ཆ་ཚང་གཅིག་ནང་རྟེན་བྱས་པའི་མཆོད་རྟེན་བཞེངས་པ་དེང་སང་ས་འབུར་ཞིག་ཡོད་ཅེས་གསུངས་པའང་སྐབས་འདིར་དྲན་པར་བྱའོ།།
ཕེབས་ལམ་དུ་ངལ་སོས་པར་དབུ་ཞྭ་བརྗེད། ཞབས་ཞུ་བ་ལེན་དུ་སོང་བས་ནང་དུ་མར་ཁུས་ཡོངས་སུ་གང་བ་སྙན་དུ་གསོལ་བས་གནས་དེར་བསྐྱུར།རྗེས་སུ་ས་དེར་ལ་ཙེ་མཐོན་པོ་ཞིག་བརྩིགས་ཏེ་མིང་ལ་ཞྭ་ལ་ཙེ་ཞེས་ཐོགས།ལ་ཙེ་དེའི་མཐའ་སྐོར་དུ་ཤིང་སྡོང་ཆེན་པོ་མང་པོ་སྐྱེས་པས་ནགས་ཚལ་ཆེན་པོར་གྱུར་བ་བྱ་ཁྱུང་ནས་མཐོང་ཐུབ།དེ་ནས་ཤིང་འགར་བརྒྱུད་ནས་བྲག་བྱ་ཁྱུང་མཐོང་བའི་རྨ་ཆུ་འགྲམ་དུ་ཆགས་པའི་གྲོང་རྡལ་སྣང་རའི་སྡེ་པར་བྱོན།ཨ་མྱེས་དོན་གྲུབ་སེང་གེ་ཟེར་བའི་རྩར་ཕེབས།གནས་ཚང་དེའི་བཞིན་མི་སྡུག་པ་ཞིག་གིས།རང་གི་བྲན་མོ་ལ་བྲག་བྱ་ཁྱུང་ནས་ཡུལ་སྣ་འོང་བར་འདུག་པས་ཐང་མ་མྱུར་དུ་སྡུས་ཟེར་བ་སྙན་དུ་གསན་པས།འཕྲལ་དུ་རྒན་མོ་དེ་ལ་བྲག་བྱ་ཁྱུང་གང་ཡིན་དྲིས་པས་རྒན་མོ་ཁྲོ་ཚུལ་གྱིས་ཅི་བྱེད་རྒྱུ་ཡིན།ཕ་གི་རེད་ཅེས་སྡིགས་མཛུབ་དང་བཅས་འབར་བཞིན་དུ་བསྟན།རྒན་མོ་དེ་ཁྲོ་གཉེར་ཅན་མའི་སྤྲུལ་པ་ཡིན་པས་ས་འདུལ་དང་ངོ་སྤྲོད་ལྷན་ཅིག་ཏུ་བྱས་སྙམ་པ་ཕྱིས་སུ་དགོངས་པར་ཤར།ཞེས་གསུངས།
ཕྱིས་སུ་ཨ་མྱེས་དོན་གྲུབ་སེང་གེས་སྦྱིན་བདག་བྱས་ཏེ་སྣང་རའི་གསེར་ཁང་དུ་གྲགས་པ་འདི་བཞེངས།དེང་སང་རྒྱ་བསྐྱེད་དེ་ལྷ་ཁང་ཆེན་པོ་ཞིག་ཏུ་གྱུར་ཡོད༑ལྷ་ཁང་དེར་དུས་གསུམ་སངས་རྒྱས།ཉེ་སྲས་བརྒྱད།མི་གཡོ་བ་སྔོན་པོ།རྟ་མགྲིན་བེ་ཅོན་ཅན་དང༌།གཞན་སྐུ་གསུང་ཐུགས་ཀྱི་རྟེན་བྱུར་བུར་སྤུངས་པ་བཞུགས༑ དམ་ཅན་སྲུང་མར་བསྐོས་ཏེ་རྟེན་ཐང་ཆོས་རྗེའི་ཤངས་ཁྲག་གིས་བཞེངས༑གཉན་ཆ་ཤིན་ཏུ་ཆེ།གནས་དེར་ཅི་ཙམ་བཞུགས་པའི་ཡུན་ལ་འདུས་པ་མང་པོར་ས་སྡེའི་བཤད་པ་ཡང་གནང་བར་གྲགས།དེའི་ཕྱིར་ཡབ་རྗེ་གསེར་ཁང་བས་ཀྱང་སྣང་རའི་གསེར་ཁང་འདི་ཆོས་རྗེ་དོན་གྲུབ་རིན་ཆེན་པས་ས་སྡེ་བཤད་པ་གནང་བའི་གནས་ཡིན་གསུངས་ནས་མཛོད་དགེ་རི་ཁྲོད་པའི་ངོར་ལམ་རིམ་ཆུང་ངུའི་དབུ་ནས་ཆོས་ཐུན་གཅིག་གནང་བར་དམ་པ་དེ་ཉིད་ཀྱི་རྣམ་ཐར་ལ་གཟིགས།ཕྱིས་སུ་བྱ་ཁྱུང་དུ་ལྷ་ཁང་ཆེན་མོ་དང་ལྷན་དུ་རབ་གནས་མཛད་པས་གསེར་ཁང་འདིར་ཡང་མེ་ཏོག་བབས་པ་རྟེན་སྒྲོམ་དུ་ད་ལྟ་ཡང་ཡོད་ཟེར༑སྣང་རའི་གསེར་ཁང་འདི་ནས་བྱ་ཁྱུང་བར་ལ་ལེ་དབར་བཞི་བཅུ་ཞེ་ལྔ་ཡོད༑དེ་ནས་གཅན་ཚ་རྫོང་ཆགས་པའི་ས་དང་མགུར་བརྒྱུད་ནས་བོད་བྱ་ཚང་དུ་ཕེབས།དེ་ན་ཁོང་གི་ཉེ་ཚན་བུད་མེད་ཅིག་ཡོད་པས་གསོལ་ཚིགས་དྲངས་ཤིང་ཞག་ཏུ་བཞུགས།ཡུར་ལས་ཀྱིས་མནར་བ་ལ་ཐུགས་བརྩེ་བས་ཡུར་མནན་གྱི་མཆོད་རྟེན་བཞེངས་པ་རྗེས་སུ་སོ་ཕག་གིས་བཏུམས་ཤིང་ས་དེའི་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་གྱུར།དེང་སང་དེ་ལས་རྒྱ་བསྐྱེད་དེ་བྱ་ཁྱུང་ནས་ཀྱང་ལྷན་མེར་མཐོང་ཐུབ།ཡུལ་ཕྱོགས་འདིར་དེང་སང་ཡང་ས་ཆ་གཞན་དང་མི་འདྲ་བར་ཡུར་མ་མི་དགོས་པ་ངོ་མ་རེད།མོས་ཟར་རྩྭ་ཆུན་པོ་འགའ་དང་ར་ཕྱར་གྱི་བཞུཊ་སྟན་ཕུལ་བ་ཕྱིས་གསེར་གདུང་ཆེན་མོའི་ནང་རྟེན་དུ་ཕུལ་ཡོད་གསུངས།བྱ་ཚང་ནས་བྲག་བྱ་ཁྱུང་བར་ལ་རྨ་ཆུས་བཅད།ལེ་དབར་བདུན་ནས་བརྒྱད་ལྷག་ལས་མེད།དེ་ནས་བྲག་བྱ་ཁྱུང་ལ་གཏད་དེ་ཕེབས།རྨ་ཆུ་ལ་དར་ཆགས་ཡོད་མེད་ལྟོས་ཞེས་ཉེ་གནས་ལ་བསྐུལ་བས།ཟླ་བ་དྲུག་པ་ལ་ཚ་བ་འདི་ལྟར་ཆེ་བས་འཁྱགས་དར་ཇི་ལྟར་ཆགས་སྙམ་ནས་ཉེ་གནས་མ་རངས་པར་དར་ཆགས་འདུག་ཅེས་མ་བལྟས་བཞིན་དུ་ཞུས་པས།དེ་ལྟར་ན་བཟང་འདུག་མྱུར་དུ་འགྲོ་དགོས་གསུངས་ནས་ཕེབས་ཚེ་རྨ་ཆུ་ལ་འཁྱགས་དར་སྣམ་དཀར་གྱི་ཟམ་འཕངས་པ་འདྲ་བ་ཞིག་ཆགས།དེར་ཁོང་གིས་རྟིང་མནན་ནས་ཕེབས།སྐྱེལ་མ་བྱེད་མཁན་དང་མི་མང་པོས་བལྟས་ཚེ་རྨ་ཆུའི་དར་ཟམ་དེ་བླ་མ་ཕེབས་པ་དང་ལྷན་ཅིག་དྲིལ་ནས་ཕར་ཐལ་སོང་ཟེར་བ་དང་ལྷན་དུ་ཐམས་ཅད་ངོ་མཚར་ནས་བླ་མའི་ཕྱོགས་སུ་ཕྱག་འཚལ་ཞིང་གསོལ་བ་འདེབས་བཞིན་ཡུན་རིང་ལུས།རྨ་ཆུའི་འགྲམ་དུ་དར་ཆགས་པའི་ས་དེའི་མིང་ལ་རྨ་དར་གོང་བ་ཞེས་ཐོགས་ཤིང་ཟུར་ཆགས་ནས་མན་རྡལ་གོང་བའང་ཟེར།དེ་ནས་བཟུང་དགུན་ནམ་ཡང་དར་འཛིན་སྔ་ཞིང་འགྲོ་འཕྱི་བའི་དར་ལམ་ངེས་ཅན་དུ་འཛིན་པ་དེང་སང་བར་དུ་རྒྱུན་ལྡན་ཡིན།དེ་ནས་ཅུང་ཟད་ཕེབས་པ་ན་ལ་ཆེན་པོ་བརྒྱབ་པའི་ལམ་བར་དུ།སྐུ་རྗེས་སུ་འབྲངས་པའི་ཁྱི་རྒན་ཞིག་ཡོད་པ་ཚེ་འཕོས་པ་ས་འོག་ཏུ་སྦས་ཤིང་རྡེའུ་འབུམ་བརྒྱབས་ཏེ་བསྔོ་བ་དང་སྨོན་ལམ་གནང༌།ཕྱིས་སུ་ལ་ཆེན་པོ་དེ་ལ་ད་ལྟའི་བར་དུ་ཁྱི་རྒན་ལ་ཟེར།ཐོག་མར་ཁྱུང་ལྟག་ཅེས་པ་དགོན་པའི་རྒྱབ་ཕྱོགས་ཀྱི་གནས་དེར་བཞུགས།ཉིན་གཅིག་དོས་ཁལ་དང་བཅས་པའི་དྲེའུ་བུ་ཞིག་ཡོད་པ་བཙལ་བའི་མ་རྙེད་པར་མཐར་མདུན་གྱི་རིའི་ངོས་སུ་ལྗོན་ཤིང་མང་པོ་ཡོད་པའི་སར་ཆུ་འཐུངས་ནས་ཉལ་འདུག་པ་ཐབས་ཅི་བྱས་ཀྱང་མ་སློང་བའི་ཚུལ་ཞུས་པས།ང་ཚོ་འདུག་ས་ནོར་བ་ཡིན།དེར་འགྲོ་དགོས་གསུང་ནས།ཆོས་རྗེ་རིན་པོ་ཆེ་དགུང་ལོ་ཞེ་གཅིག་བཞེས་པ།རབ་བྱུང་དྲུག་པའི་ཉག་མ་ཉེར་གསུམ་པ་ས་གླང་ལོ་སྟེ་སྤྱི་ལོ་༡༣༤༩ལོར།དགེ་ལྡན་བསྟན་པའི་ཆུ་མགོ་བྲག་བྱ་ཁྱུང་དགོན་འདི་ཕྱག་འདེབས་མཛད་ཅིང་གཞི་བཏིངས།ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་ཕོ་བྲང་ཆུ་མིག་གཉན་པོ་ཡོད་པའི་ནེའུ་གསིང་གི་སྟེང་དུ་གཙུག་ལག་ཁང་བཞེངས་པ་ཕྱིས་སུ་མགོན་ཁང་དུ་གྲགས་ཏེ།ད་ལྟའི་འདུ་ཁང་གི་སྟེང་རྒྱབ་ན་ཡོད་པ་འདི་ཡིན་པར་གསུངས།གནས་གཞི་བཏིངས་འཕྲལ་གྲྭ་ཚོགས་སུམ་བརྒྱ་འདུས་པ་ལ་ཕར་ཚད་ཀྱིས་ཐོག་དྲངས་བྱམས་ཆོས་སྡེ་ལྔ།བརྟག་གཉིས།སྤྱོད་འཇུག་སོགས་ཀྱི་བཤད་པ་རྒྱ་ཆེར་མཛད། དགོན་པའི་ཉེ་འདབས་སུ་སྐབས་དེར་བོན་དགོན་ཞིག་ཡོད་པའི་གཙོ་བོ་དེས་ཆོས་རྗེ་རིན་པོ་ཆེ་སྤྱན་དྲངས་ཤིང་ཞབས་ཏོག་དང་བཀུར་བསྟི་ཞུས།བཞུགས་གདན་གཅིག་གིས་མཚོན་པའི་དངོས་འབུལ་མང་པོ་ཕུལ་བས་རྟེན་འབྲེལ་ལེགས་པར་ཡང་ཡང་གསུངས། བར་སྐབས་སུ་ཅུང་མ་མཐུན་པར་མཐུ་གཏོང་རེས་བྱས།དང་པོ་ཅུང་ཟད་འཚུབ་ཉམས་ལྟ་བུ་བྱུང་བར།ཞང་བའི་བཙུན་ཆུང་འདིས་སྒྲུབ་དཔོན་གྱིས་ལ་སྒྲུབ་པ་ཚུགས་གསུངས་པ་ལྟར་བྱས་པས་འཕྲལ་དུ་ཕམ་ནས་གནས་གཞན་དུ་སྤོར།ཞང་བའི་བཙུན་ཆུང་གི་སྒྲུབ་གྲོགས།བར་ཞིང་ལ་མོ་གཡུ་རུ་ཕྱུག།ནག་ཚའི་རེ་གོན་པ།སྡོང་ངེའི་དར་དཀར་རིང་མོ།མཚམས་རིང་རྟོགས་ལྡན་པ་རྣམས་གཙོ་བོ་ཡིན་གསུངས༑མགོན་ཁང་དེར་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན་ཞལ་ཕྱག་ཡོངས་རྫོགས་ཅན་དང༌།མགོན་པོ་ཕྱག་དྲུག་པ་སོགས་ཆོས་སྐྱོང་རྣམས་ཀྱི་སྐུ་བརྙན་མང་དུ་བཞེངས་ཤིང་དམ་ཡེ་བསྲེས་པའི་རབ་ཏུ་གནས་པར་མཛད་པས་ཆོས་སྡེ་འདི་ཉིད་དུ་འཁོར་ལོ་གསུམ་གྱི་བྱ་བ་རྣམས་ཐུགས་བཞེད་ལྟར་འབད་མེད་ལྷུན་གྲུབ་བྱུང༌།དེ་ནས་བཟུང་ཡུལ་ཕྱོགས་འདིར་སྔར་བྱུང་མ་མྱོང་བའི་དགེ་མཚན་མང་པོ་མངོན་དུ་གྱུར།ཆོས་སྐྱོང་རྣམས་བཀའ་ཤིན་ཏུ་གཉན་པས་ཡུལ་ཕྱོགས་འདིའི་སྐྱེ་བོ་རྣམས་ཀྱིས་ལེགས་ཉེས་ཀྱི་སྟངས་འཛིན་པའི་མནའ་དཔང་ཡང་མགོན་ཁང་འདི་ལ་ཞུ་ཞིང༌།མནའ་ཟོས་པ་རྣམས་ལ་ཆད་པ་དྲག་པོས་ཚར་གཅོད་པ་མངོན་སུམ་དུ་སྟོན་ཅེས་རྒྱ་ཕིབས་དཀར་ཆག་ཏུ་གསུངས་ཞེས་གསུངས༑བར་སྐབས་ཤིག་ཏུ་ཆོས་རྗེ་ཉིད་སྐུ་འབུམ་ཆུ་དཀར་རི་ཁྲོད་དུ་ཕེབས་ནས་ཉམས་བཞེས་མཛད་སྐབས།མཚན་ལམ་དུ་རྡོ་རྗེ་འཇིགས་བྱེད་དང་མཇལ་བས་བྱིན་གྱིས་བརླབ་པར་གསོལ་བ་བཏབ།ཁྱད་པར་དུ་ཞལ་དངོས་སུ་བསྟན་དུ་གསོལ་ཞེས་ཞུས་པས།སང་ཕོད་ད་ཙམ་ལུང་པ་འདིའི་མདའ་རུ་འོང༌།དེའི་བར་བདེ་བར་གྱིས་གསུངས་བྱུང་བར།དེ་གང་ཡིན་དཔྱད་པས།རྗེ་ཙོང་ཁ་པ་ཆེན་པོ་འཇིག་རྟེན་དུ་འབྱོན་པའི་བརྡར་མངོན་པར་ཤེས་པས་ཐོགས་མེད་དུ་མཁྱེན་ནས་རྟེན་འབྲེལ་ཁྱད་པར་ཅན་བསྒྲིག་པར་དགོངས་ཏེ་གསོལ་ཟན་དང་བདུད་རྩི་རིལ་བུ་བསྲེས་པའི་རིལ་བུ་དང་སྲུང་མདུད།རྡོ་རྗེ་
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号