ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐབས་དོན་འཕྲིན་གསར། > སློབ་རའི་གསར་འགྱུར།
༄༅། །བསྒྲུབས་པའི་བྱ་བར་ཕྱོགས་བསྡོམས་དགོས།། གཞུག་གི་བྱ་བར་འཆར་གཞི་དགོས།།
སྤེལ་དུས།11-11  ཡོང་ཁུངས།  རྩོམ་པ་པོ།

           ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན་ཐེངས་ལྔ་བའི་དགོངས་དོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་གཏིང་ཟབ་ཀྱིས་སློབ་སྦྱོང་བྱེད་པ་དང་། སློབ་གྲྭའི་ཏང་ཀྲི་པུའུ་ཡི་ཆེད་དོན་བྱ་འགུལ་དང་སློབ་ཁྲིད་སློབ་གསོའི་བྱ་བ་གཉིས་ཟུང་འབྲེལ་གྱིས་སྤེལ་ཕྱིར།༢༠༢༠ལོའི་ཟླ༡༡ཚེས༨ཉིན་སློབ་གྲྭའི་བཀོད་སྒྲིག་ལྟར་ཟླ་རེའི་བྱ་བའི་སྤྱི་བསྡོམས་དང་དཀྱིལ་རྒྱུགས་ཀྱི་རྒྱུགས་འབྲས་དབྱེ་ཞིབ་ཀྱི་འཚོགས་འདུ་ཚོགས་པ་རེད།

1.jpg

        ཚོགས་ཐོག་ཏུ་སློབ་གྲྭའི་རེ་འདུན་ལྟར་སློབ་སྟོན་ཁང་དང་སྲིད་སྟོན་ཁང་། སློབ་དཔྱོད་ཁང་སོ་སོའི་འགན་ཁུར་བ། སྤྱི་གཉེར་ཁང་། ཉལ་ཁང་དོ་དམ་ཁང་། འཛིན་གྲྭ་སོ་སོའི་འཛིན་བདག་བཅས་ཀྱིས་སློབ་ཁྲིད་སློབ་དཔྱོད་དང་། ཉིན་རྒྱུན་གྱི་སློབ་ཁྲིད་སློབ་གསོའི་དོ་དམ། སློབ་མའི་སློབ་སྦྱོང་དང་འཚོ་བའི་དོ་དམ་གྱི་གནས་ཚུལ་སོགས་ཟླ་གཅིག་རིང་གི་བྱ་བའི་གནས་ཚུལ་ལ་ཞིབ་ཚགས་གནད་འཁེལ་གྱིས་སྤྱི་བསྡོམས་བྱས་པ་དང་། སློབ་སྟོན་ཁང་དང་སློབ་དཔྱོད་ཁང་སོ་སོའི་འགན་ཁུར་བས་ཐེངས་འདིའི་དཀྱིལ་རྒྱུགས་ཀྱི་རྒྱུགས་འབྲས་ལ་དབྱེ་ཞིབ་ནན་ཏན་བྱས་ཤིང་། རྒྱུགས་འབྲས་ཅུང་ཞན་པའི་འཛིན་གྲྭ་དང་བསླབ་ཚན་དགེ་རྒན་ལ་རྗེས་ཕྱོགས་སློབ་ཁྲིད་སློབ་གསོའི་བྱ་བའི་གོ་རིམ་དུ་ཇི་ལྟར་ལེགས་བཅོས་བྱེད་ཐབས་སྐོར་གྱི་བསམ་འཆར་དང་རེ་འདུན་བཏོན་པ་རེད།

2.jpg

        ཚོགས་ཐོག་ཏུ་གཏམ་བཤད་པ་ཚང་མས་རང་གིས་བསྒྲུབས་ཟིན་པའི་བྱ་བའི་གྲུབ་འབྲས་དང་མི་འདང་བར་ཆར་ཕྱིར་རྟོག་ནན་ཏན་བྱས་པ་དང་། རྗེས་ཕྱོགས་ཇི་ལྟར་འབད་བརྩོན་བྱེད་ཐབས་སྐོར་ཁ་གསལ་གོ་བདེའི་ལམ་ནས་ཞིབ་བརྗོད་བྱས།  ཆེས་མཇུག་ཏུ་སློབ་གཙོ་ཁྱི་གུ་ཐར་གྱིས་ཐེངས་འདིའི་བྱ་འགུལ་ལམ་ཚོགས་འདུའི་ནང་དོན་དང་འབྲེལ་བའི་གཏམ་བཤད་གནངས་པ་སྟེ།  ཟླ་གཅིག་གི་རིང་ལ་སློབ་གྲྭའི་ཕྱོགས་སོ་སོའི་བྱ་བའི་ཐད་ཀྱི་གྲུབ་འབྲས་དང་། འཐུས་ཤོར་དུ་སོང་བའི་གནས་ཚུལ་ལ་སྤྱིའི་ཆ་ནས་ཕྱོགས་བསྡོམས་བྱས་ཤིང་། སློབ་ཁྲིད་ཟུར་ཉན་དང་། སྨྱན་གཟུགས་སློབ་ཁྲིད།  ཉིན་རྒྱུན་གྱི་སློབ་ཁྲིད་སློབ་གསོའི་དོ་དམ། སློབ་གསོའི་གཞུང་ལུགས་ཀྱི་བློ་སྦྱོང་དང་སློབ་ཁྲིད་ཀྱི་ནུས་རྩལ་མཐོར་འདེགས་གཏོང་དགོས་པ་སོགས་ཀྱི་ཐད་ནས་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་རེ་འདུན་བཏོན།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号