ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐབས་དོན་འཕྲིན་གསར། > སློབ་རའི་གསར་འགྱུར།
༄༅། །ཀན་ལྷོ་ཁུལ་མཚོ་ཉིན་ལྟེ་བའི་སློབ་ཆུང་གི་དགེ་རྒན་དང་སློབ་མ་ཧྲང་ཧེ་གྲོང་ཁྱེར་དུ་རིག་རྩལ་འཁྲབ་སྟོན་བྱ་འགུལ་ལ་ཞུགས་པ།
སྤེལ་དུས།09-22  ཡོང་ཁུངས།http://www.teducn.com  རྩོམ་པ་པོ།

 ༢༠༡༧ལོའི་༨ཚེས་༦ཉིན་ཧྲང་ཧེ་ན་གཞོན་ཀུན་ཕན་ཞབས་ཞུ་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པའི་༼ང་ཚོ་རི་ལུང་ནས་ཡོང་༽ཞེས་པའི་རིག་རྩལ་འཁྲབ་སྟོན་གྱི་འགན་འཁུར་བའི་གདན་ཞུ་ལྟར། ངེད་སློབ་གྲྭའི་དགེ་རྒན་གསུམ་གྱིས་སློབ་མ་དྲུག་ཁྲིད་དེ་༼ང་ཚོ་རི་ལུང་ནས་ཡོང་༽ཞེས་པའི་མི་རིགས་རིག་རྩལ་འཁྲབ་སྟོན་དང་ཁྱད་ཐོན་རིག་དངོས་འགྲེམ་སྟོན་གྱི་བྱ་འགུལ་ལ་ཞུགས་པ་རེད། ཐེངས་འདིའི་བྱ་འགུལ་ལ་ཞིང་ཆེན་མི་འདྲ་བ་ནས་གདན་ཞུ་བྱས་པའི་གྲངས་ཉུང་མི་རིགས་བརྒྱད་ལྷག་ཐོན་ཡོད་པ་དང་། སོ་སོས་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་དང་རིག་རྩལ་འཁྲབ་སྟོན་གྱི་རྣམ་གྲངས་མི་འདྲ་བ་མང་པོ་གྲ་སྒྲིག་བྱས་ཏེ་ཐོན་འདུག

     ཉིན་བཅོ་ལྔའི་རིང་ཧྲང་ཧེ་ན་གཞོན་ཀུན་ཕན་ཞབས་ཞུ་ལྟེ་གནས་འབྲེལ་ཡོད་འགན་འཁུར་བའི་བཀོད་སྒྲིག་ལྟར་ཧྲང་ཧེ་གྲོང་ཁྱེར་གྱི་ཁུལ་སོ་སོའི་རྒན་གསོ་ཁང་དང་རིག་རྩལ་འཁྲབ་སྟོན་གྱི་ལྟེ་གནས་མང་པོར་སོང་ནས་རྣམ་པ་མི་འདྲ་བའི་སྒོ་ནས་འཁྲབ་སྟོན་བྱས་པ་དང་། ངེད་སློབ་གྲྭའི་དགེ་སློབ་རྣམ་པས་ཀླུ་ཆུའི་སྐོར་བྲོ་དང་། རྡུང་ལེན།  ཞབས་བྲོ་སོགས་མི་རིགས་རང་གི་རིག་གནས་ཁྱད་ཆོས་ཀྱིས་ཕྱུག་པའི་རིག་རྩལ་འཁྲབ་སྟོན་བྱས་པ་མ་ཟད། བོད་ཀྱི་ཡིག་གཟུགས་དང་རི་མོ། ལག་བཟོས་སྒྱུ་རྩལ་སོགས་འགྲེམ་སྟོན་བྱས་པ་རེད།

ཐེངས་འདིའི་འགན་ཁུར་བས་བྱ་འགུལ་གྱི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དགེ་རྒན་གྱི་ཆེད་ལས་ནུས་རྩལ་གོང་མཐོར་གཏོང་བར་ཕན་ནུས་ལྡན་པའི་གསབ་སྦྱོང་བྱས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་དགེ་སློབ་ཡོངས་ཧྲང་ཧེ་གྲོང་ཁྱེར་གྱི་ས་གནས་གྲགས་ཅན་དང་ཡུལ་སྐོར་ལྟེ་གནས། རིག་མཛོད་ཁང་དང་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་དུ་ཁྲིད་པ་རེད།

 

 

 

 

 

 

 

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号