ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐབས་དོན་འཕྲིན་གསར། > སློབ་རའི་གསར་འགྱུར།
༄༅། །ཀླུ་ཆུ་རྫོང་མཚོ་ཉིན་ལྟེ་བའི་སློབ་ཆུང་གི་སློབ་མའི་གླུ་དབྱངས་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
སྤེལ་དུས།06-09  ཡོང་ཁུངས།  རྩོམ་པ་པོ།ཆོས་འཁོར་བཀྲ་ཤིས།
 དང་པོ།  བྱ་འགུལ་གྱི་དམིགས་ཡུལ།  
         ངེད་མཚོ་ཉིན་ལྟེ་བའི་སློབ་ཆུང་གིས་སློབ་མ་རྣམས་ཀྱི་དགའ་ཕྱོགས་དང་རང་བཀུར་གྱི་འདུ་ཤེས། གླུ་གཞས་སྒྱུ་རྩལ་ལ་དུངས་ཞེན་གྱི་འདུན་པ་བཅས་བསྐྱེད་བསྲིང་དང་།  སློབ་གྲྭའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བརྒྱུད་སློབ་མའི་སྤྲོ་སེམས་དང་རང་བཀུར་གྱི་བསམ་བློ་གསོ་སྐྱོང་གི་སླད་དུ་སློབ་གྲྭའི་བྱ་བའི་འཆར་གཞི་ལྟར་༢༠༡༧ལོའི་ཟླ༥བའི་ཚེས་༡༨ཉིན་སློབ་མ་རྣམས་ལ་རང་ནུས་འདོན་སྤེལ་གྱི་གར་སྟེགས་ཤིག་བསྐྲུན་ཏེ་གླུ་དབྱངས་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ་རེད། 

 

 གཉིས་པ།  བྱ་འགུལ་གྱི་བརྒྱུད་རིམ།
1.jpg
           བྱ་འགུལ་གྱི་ལག་བསྟར་ཇུས་གཞིའི་ནང་དོན་ལྟར་འཛིན་གྲྭ་སོ་སོས་འགྲན་ཞུགས་སློབ་མ་གསུམ་རེ་བདམས་རྗེས། གླུ་ཡི་ལེན་སྟངས་ཐད་མཛུབ་སྟོན་གང་ལེགས་བྱས།  

 

         འཛིན་གྲྭ་ཡོངས་སློབ་རིམ་ལྟར་ཚན་ཁག་གསུམ་ལ་བགོས་ཤིང་། ཚན་ཁག་དང་འགྲན་ཞུགས་སློབ་མ་སོ་སོས་རྒྱན་བླངས་ཏེ་འགྲན་བསྡུར་གྱི་གོ་རིམ་གཏན་འཁེལ་བྱས།  

 

         ཟླ་༥བའི་ཚེས་༡༨ཉིན་ཕྱི་དྲོ་སློབ་གྲྭའི་བཀོད་སྒྲིག་ལྟར་བྱ་འགུལ་དངོས་སུ་སྤེལ་བ་སྟེ།  ཐོག་མར་མདོ་འཛིན་པས་བྱ་འགུལ་སྤེལ་བའི་དམིགས་ཡུལ་དང་རེ་འདུན་གསལ་བཤད་བྱས་པ་དང་། དེ་ནས་རྒྱན་བླངས་པའི་གོ་རིམ་ལྟར་འགྲན་བསྡུར་བྱས་པ་རེད། 
11.jpg
 
22.jpg
 
3.jpg
 
4.jpg 

 

འགྲན་བསྡུར་གྱི་གོ་རིམ་ཁྲོད་འགྲན་ཞུགས་སློབ་མ་ཚོས་སྐད་ངག་སྙན་མོ་དབྱངས་ཀྱི་རྟ་ལ་དྲངས་ཤིང་།   མཛེས་པའི་འཛུམ་ཆུང་དགའ་བའི་གཞས་ལ་བཅོལ་ནས་ཐེངས་འདིའི་འགྲན་བསྡུར་ཁྲོད་རང་ནུས་ཅི་ལྕོགས་ཀྱིས་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ལེན་པར་ནུས་པ་བཏོན། 

 

གསུམ་པ།  བྱ་འགུལ་གྱི་མཇུག་འབྲས། 

 

        ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམས་པས་དྲང་སྙོམས་ཀྱི་དཔྱད་འདེམས་བྱས་པའི་གནས་ཚུལ་ལྟར་ཚན་ཁག་སོ་སོའི་ཨང་དང་པོ་གཅིག་དང་།
5.jpg
ཨང་གཉིས་པ་གཅིག   ཨང་གསུམ་པ་གཅིག་བཅས་ལ་གཟེངས་རྟགས་དང་བྱ་དགའི་ལེགས་སྐྱེས་གནང་བ་དང་།  རྗེས་མ་རྣམས་ལ་རྟིང་སྐུལ་བྱ་དགའ་གནངས་བ་རེད།
6.jpg
 

 

        ཟུར་བཀོད།  འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་མཁན་གྱི་སློབ་མའི་མིང་ཐོ། 

 

དམའ་རིམ་ཚན་ཁག 

 

  ཨང་དང་པོ།  ལོ་རིམ་གཉིས་པའི་སློབ་མ་ཡུམ་འཚོ།   

 

ཨང་གཉིས་པ།  ལོ་རིམ་གཉིས་པའི་སློབ་མ་ཟླ་བ་དོན་གྲུབ། 

 

ཨང་གསུམ་པ། ལོ་རིམ་དང་པོའི་སློབ་མ་མགོན་པོ་བསམ་འགྲུབ། 

 

འབྲིང་རིམ་ཚན་ཁག   

 

ཨང་དང་པོ།  གསུམ་གཅིག་འཛིན་གྲྭའི་སློབ་མརིན་ཆེན་བཀྲ་ཤིས། 

 

ཨང་གཉིས་པ།  གསུམ་གཅིག་འཛིན་གྲྭའི་སློབ་མ་གཡང་འཛོམས་སྐྱིད། 

 

ཨང་གསུམ་པ། ལོ་རིམ་བཞི་བའི་སློབ་མ་ལྷ་མོ་འཚོ། 

 

མཐོ་རིམ་ཚན་ཁག   

 

ཨང་དང་པོ།   ལོ་རིམ་ལྔ་བའི་སློབ་མ་སངས་རྒྱས་བཀྲ་ཤིས། 

 

ཨང་གཉིས་པ།  ལོ་རིམ་ལྔ་བའི་སློབ་མ་འཇམ་དབྱངས་སྐྱིད། 

 

ཨང་གསུམ་པ། ལོ་རིམ་དྲུག་པའི་སློབ་མ་བཀྲ་ཤིས་ལྷ་མོ།

 

༢༠༡༧ལོའི་ཟླ་༥ཚེས༡༨ཉིན།

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号