དང་པོ། བྱ་འགུལ་གྱི་དམིགས་ཡུལ།
མཚོ་ཉིན་ལྟེ་བའི་སློབ་ཆུང་གིས་སློབ་གྲྭ་དང་སློབ་སྟོན་ཁང་གི་བྱ་བའི་འཆར་གཞི་ལྟར་སློབ་མའི་གཟུགས་གཞི་བདེ་ཐང་ དང་། སློབ་མའི་ལུས་རྩལ་བྱ་འགུལ་གྱི་སྤྲོ་བ་བསྐྱེད་བསྲིང་བྱེད་པ། སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་དམིགས་ཡུལ་བཟུང་ནས་སློབ་མའི་སྤོ་ལོ་འགྲན་སྡུར་གྱི་བྱ་འགུལ་འདི་སྤེལ་བ་རེད།
གཉིས་པ། བྱ་འགུལ་གྱི་བརྒྱུད་རིམ།
བྱ་འགུལ་མ་སྤེལ་སྔོན་ལ་ཤན་འབྱེད་པ་དང་། རུ་ཁག་རྩ་འཛུགས། དུས་ཚོད་བཀོད་སྒྲིག་བཅས་གྲ་སྒྲིག་གང་ལེགས་བྱས་རྗེས། ཟླ་༩པའི་ཚེས་

༡༩ཉིན་སློབ་གྲྭའི་རྩལ་སྦྱོང་ར་བ་ནས་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བ་ཡིན།
གསུམ་པ། འགྲན་སྡུར་གྱི་མཇུག་འབྲས།
སློབ་མའི་གཟེབ་གྲུག་འགྲན་སྡུར་བྱས་པ་བརྒྱུད་རྩོད་ལེན་བྱས་པའི་ཨང་རིམ་ནི་གཤམ་གསལ་ལྟར།
༡ སློབ་མའི་གཟེབ་གྲུག་གི་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་ཚོ་ཆུང་དང་སློབ་མའི་མིང་ཐོ།




ཨང་དང་པོ། ༼རུ་ཁག་དང་པོ། ༽
ཚེ་རིང་རྣམ་དྲུག ༦ སྟོབས་ལྡན་བཀྲ་ཤིས།༢ ཚེ་དཔག་སྐྱབས།༣ ཚུལ་ཁྲིམས་མཐར་ཕྱིན། ༥
ཚེ་རིང་བཀྲ་ཤིས། ཆུང་བ། ༤ ཚེ་རིང་དོན་གྲུབ། ༥ ཚེ་དཔག་མགོན་པོ། ༢
ཨང་གཉིས་པ། ༼རུ་ཁག་གསུམ་པ། ༽
སངས་རྒྱས་བཀྲ་ཤིས། ༦ ཟླ་བ་བཀྲ་ཤིས།༢ བན་ཆེན་སྐྱབས། ༥ རིག་འཛིན་བཀྲ་ཤིས། ༤
བདེ་ཆེན་རྒྱ་མཚོ། ༥ ཟླ་བ་དོན་གྲུབ། ༣ ཚེ་རིང་རྡོ་རྗེ། ༢
ཨང་གསུམ་པ། ༼རུ་ཁག་བཞི་བ། ༽
རིན་ཆེན་བཀྲ་ཤིས།༦ བཀྲ་ཤིས་དོན་འགྲུབ། ༦ ཚེ་དཔག་མགོན་པོ། ༢
སངས་རྒྱས་དོན་གྲུབ། ཆུང་བ། ༢ རྡོ་རྗེ་སྐྱབས། ༥ སངས་རྒྱས་སྐྱབས། ཆུང་བ། ༦
ཨང་བཞི་བ། ༼རུ་ཁག་གཉིས་པ། ༽
སངས་རྒྱས་སྐྱབས། ཆེ་བ།༦ ཚེ་རིང་རྣམ་རྒྱལ།༢ མགོན་པོ་དོན་གྲུབ། ཆུང་བ།༣
སངས་རྒྱས་དོན་གྲུབ། ༥ ལྷ་མོ་འཚོ། ༥ མགོན་པོ་དོན་གྲུབ།ཆེ་བ། ༣
བཞི་བ། སྤྱི་བསྡོམས།
ཐེངས་འདིའི་བྱ་འགུལ་བརྒྱུད་སློབ་མའི་གཟུགས་གཞི་བདེ་ཐང་ཡོང་བ་དང་། ཁོ་ཚོའི་ལུས་རྩལ་སྦྱོང་བརྡར་གྱི་སྤྲོ་བ། སྤོ་ལོ་རྩེ་བའི་ནུས་རྩལ་དང་དེའི་སྒྲིག་ལམ་གྱི་ཤེས་རྟོགས། ཐུན་མོང་མཉམ་འབྲེལ་གྱི་འདུ་ཤེས་བསྐྱེད་བསྲིང་བྱེད་པ་བཅས་ལ་ཕན་ནུས་ཤུགས་ཆེན་ཐོན་ནོ།།
༢༠༡༥ལོའི་ཟླ་༩པའི་ཚེས་༡༩ཉིན།