འདི་ཉིད་ཀྱི་འགྱུར་ལ། མདོ་མང་སྐོར་ལས། འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་མདོ་ཤོ་ལོ་ཀ་སུམ་ཅུ་བ། འདི་ཐེག་དམན་དུ་གྲགས་ཀྱང་དབྱིག་གཉེན་གྱིས་མཛད་པའི་འགྲེལ་བར་རྣམ་ཤེས་ཚོགས་བརྒྱད་སོགས་བསྟན་པས་ཐེག་པ་ཐུན་མོང་བ་ཡིན་ནོ། །
བསྟན་འགྱུར་ལས། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་་བ་སློབ་དཔོན་ཀུ་ཀུ་རྰ་ཛས་མཛད་པ། ཞུ་ཆེན་གྱི་ལི་ཙྰ་བ་དྲན་པ་ནམ་མཁའི་འགྱུར་ལ་ཕྱིས་ལོ་ཙྰ་བ་ལྷ་རིན་པོ་ཆེས་བཅོས། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོང་བའི་ཚོགས་ཀྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་རྒྱལ་པོ་ཨིནྡྲ་བྷུ་ཏིས་མཛད་པ། ཕྱིས་ལོ་ཙྰ་བ་ལྷ་རིན་པོ་ཆེས་བཅོས་པ ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྒྱ་ཆེར་བཤད་པ་དོན་བརྒྱད་མ་རྒྱ་གར་གྱི་མཁན་པོ་དྲི་མ་མེད་པའི་བཤེས་གཉེན་གྱིས་མཛད་པ། འདི་ཉིད་བོད་ཀྱི་ཞུ་ཆེན་གྱི་ལོ་ཙྰ་བ་བནྡེ་ནམ་མཁའ་དང་ཡེ་ཤེས་སྙིང་བོ་ལ་སོགས་པས་བསྒྱུར་པ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རབ་ཏུ་བྱེད་པ་སློབ་དཔོན་མཁས་པ་ཆེན་པོ་ཆོས་གྲགས་ པས་མཛད་པ། ལོ་ཙྰ་བ་ནམ་མཁའི་འགྱུར། སླད་ཀྱིས་པཎྜི་ཏ་རབ་འབྱོར་ཞི་བ་དང་། ལོ་ཙྰ་བ་ཏིང་ངེས་འཛིན་བཟང་པོས་བཅོས་ཤིང་གཏན་ལ་ཕབ་པ། འབྲེལ་བ་བརྟག་པའི་རྒྱ་ཆེར་བཤད་པ་སློབ་དཔོན་དུལ་བ་ལྷས་མཛད་པ། |