ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ།
སྤེལ་དུས།03-27  ཡོང་ཁུངས།  རྩོམ་པ་པོ།

   222.jpg

    རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ནི་བོད་ལུགས་རབ་བྱུང་བཅོ་ལྔ་བའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ1884ལོར་མདོ་སྨད་རྡོ་སྦིས་ཡུལ་ཏེ་མཚོ་སྔོན་ཞིང་ཆེན་ཞུང་ཧྭ་རྫོང་ཁུངས་སུ་ཡབ་ལྷ་ལུང་སྐྱབས་དང་ཡུམ་ལྷ་ལུང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ1968ལོར་མཚོ་སྔོན་ཟི་ལིང་དུ་སྐུ་གཤེགས།  
          དགུང་ལོ་སོ་བཞི་པར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བཀའ་ལྟར་བུ་སྟོན་རིན་པོ་ཆེའི་གསུང་འབུམ་པོད་ཆེན་ཉི་ཤུ་རྩ་དྲུག་ཙམ་དཔེར་གཞི་གསར་བཞེངས་ཀྱི་ཞུ་དག་མཛད། དགུང་ལོ་བཞི་བཅུ་བར་རྒྱལ་བ་རིན་པོ་ཆེའི་བཀའ་ལྟར་བཀའ་འགྱུར་ལ་ལོ་བརྒྱད་རིང་དཔར་གཞི་གསར་བཞེངས་ཀྱི་ཞུ་དག་མཛད།  དགུང་ལོ་ང་ལྔ་པར་གོ་མིན་ཏང་གིས་གདན་འདྲེན་ཞུས་པ་ལྟར་རྒྱལ་ནང་དུ་ཕེབས་ནས་བོད་སོག་ཨུ་ཡོན་ཀྲང་གཞོན་པའི་འགན་བཞེས།      དགུང་ལོ་རེ་བརྒྱད་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་།  རིག་གནས་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།  ནུབ་བྱང་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།  ནུབ་བྱང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ།  རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་དང་གཉིས་པའི་འཐུས་མི།  རྒྱལ་ཡོངས་སྲིད་གྲོས་སྐབས་གཉིས་པ་དང་གསུམ་པའི་རྒྱུན་ལས་ཨུ་ཡོན།  རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་ཧྲུའུ་ཀྲང་།  ནང་བསྟན་སློབ་གྲྭ་ཆེན་མོའི་ཡོན་ཀྲང་བཅས་ཀྱི་འགན་བཞེས་པ་རེད། 
          ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཁྲི་བྱང་རིན་པོ་ཆེ་དང་།  དགེ་བཤེས་ལྷ་རམས་པ་བསྐལ་བཟང་རྒྱ་མཚོ།  དགེ་བཤེས་གཞོང་པ་ཚུལ་ཁྲིམས།  དགེ་འདུན་ཆོས་འཕེལ་སོགས་ཡིན།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号