འདི་ཉིད་ཀྱི་འགྱུར་ལ། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་ལས། ཤེས་རབ་སྙིང་བོ་ཤོ་ལོ་ཀ་ཉེར་ལྔ་བ་དགེ་སློང་རིན་ཆེན་སྡེས་བསྒྱུར་ཅིང་། ལོ་ཙྰ་བ་དགེ་བློ་དང་ནམ་མཁའ་ལ་སོགས་པས་ཞུས་ཏེ་གཏན་ལ་ཕབ་པ། སླར་ཡང་དུས་ཕྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུང་པའི་གཙུག་ལག་ཁང་གི་རྒྱ་དཔེ་དགེ་རྒྱས་བྱེ་མ་གླིང་གི་རྩིག་ངོས་ལ་བྲིས་པ་དང་ཞུས་དག་བགྱིས་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོ་མདོ། ལོ་ཙྰ་བ་རིན་ཆེན་སྡེའི་འགྱུར་ལ ། ལོ་ཙྰ་བ་དགེ་བློ་དང་ནམ་མཁའ་ལ་སོགས་པས་ཞུས་པ། འདིའང་མདོ་ཕྱོགས་སུ་བཞུགས་མོད་ཀྱི། ཀླུ་སྒྲུབ་ཀྱིས་སྒྲབ་ཐབས་མཛད་པས་སྔགས་ཕྱོགས་སུ་བགྲང་པ་ཡིན་ནོ། ། |