འདི་ཉིད་ཀྱི་འགྱུར་ལ། མདོ་མང་སྐོར་ལས། འཕགས་པ་རིན་ཆེན་ཟླ་བས་ཞུས་པའི་མདོ་ཤློོ་ཀ་ཉིས་བརྒྱ་ཉེར་བདུན་པ། ལོ་ཙྰ་བ་དགེ་བ་དཔལ་གྱིས་བསྒྱུར་ཏེ། སླད་ཀྱིས་ལོ་ཙྰ་བ་བནྡེ་དེ་བ་ཙནྡྲས་ཞུས་པ། འཕགས་པ་མར་མེ་མཛད་ཀྱི་ལུང་བསྟན་པ་ཞེས་བྱ་བའི་མདོ་ཤློོ་ཀ་ཉིས་བརྒྱ་དང་བཅུ་བ། ལོ་ཙྰ་བ་དགེ་པ་དཔལ་གྱིས་བསྒྱུར་ཅིང་། སླད་ནས་ལོ་ཙྰ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་ཞུས་ཆེན་བགྱིས་པ། འཕགས་པ་ཚངས་པའི་དཔལ་ལུང་བསྟན་པའི་མདོ་ཤློོ་ཀ་བཞི་བཅུ་བ། ལོ་ཙྰ་བ་དགེ་བ་དཔལ་གྱིས་བསྒྱུར་ཅིང་། སླད་ཀྱིས་ལོ་ཙྰ་བ་བནྡེ་དེ་ཝ་ཙནྡྲས་ཞུས་པ། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བའི་མདོ་ཤློོ་ཀ་རེ་བཞི་བ། ལོ་ཙྰ་བ་དགེ་བ་དཔལ་གྱིས་བསྒྱུར་ཅིང་སླར་ཡང་ལོ་ཙྰ་བ་དེ་ཝ་ཙནྡྲས་ཞུས་པ། ། |