འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། སྡོམ་པའི་རྒྱུད་ཉུང་ངུའི་མཚམས་སྦྱོར་དཔལ་ན་རོ་ཏ་པའི་རྗེས་སུ་འབྲངས་པའི་པཎྜི་ཏ་སུ་མ་ཀྰིརྟིས་མཛད་པ། ལམ་གྱི་རབ་ཏུ་བྱ་བ་གྲོང་ཁྱེར་སུམྦྷ་རིའ་རྒྱལ་པོའི་སྲས་དཔལ་འཇིགས་བྱེད་ལྷའི་ཞལ་སྔ་ནས་མཛད་པ། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཞིག་ལེའུར་བྱས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། མ་རྟོགས་པ་རྟོགས་པས་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་རྣམས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། སྦྱིན་པའི་གཏམ། སྲིད་པ་ལས་འདས་པའི་གཏམ་རྣམས་སློབ་དཔོན་འཕགས་པ་ཀླུ་སྒྲུ་ཀྱིས་མཛད་པ། མི་རྟག་པའི་དོན་གྱི་གཏམ་སྙན་དངགས་མཁན་ཆེན་པོ་དགའ་བའི་དབང་པོས་མཛད་པ། སྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་བ་སློབ་དཔོན་བྲམ་ཟེ་མུ་ཏིག་བུམ་པས་མཛད་པ། དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་སློབ་དཔོན་ཆེན་མོ་ཀ་མ་ལ་ཤྰི་ལས་མཛད་པ། འདི་ལ་ཚིགས་སུ་བཅད་པ་ཁྲི་བརྒྱད་སྟོང་། བམ་པོ་དྲུག་ཅུར་བྱས་སོ། ། |