ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། ། ལོ་ཙྰ་བ་མགར་ཆོས་ཀྱི་བཟང་པོ།
སྤེལ་དུས།04-26  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དྲག་པོ་གསུམ་འདུལ་ཞེས་བྱ་བའི་རྩ་རྒྱུད། གོས་སྔོན་པོ་ཅན་གྱི་བཤད་རྒྱུན་དྲག་པོ་གསུམ་འདུལ་ཞེས་བྱ་བ་ལེའུ་གསུམ་པ། ཕོ་ཉའི་འཁོར་དུ་གཏོགས་པ་བཀའ་ཉན་ཕོ་མོ་ལ་འཕགས་པ་མི་གཡོ་བའི་གཟུངས་ལེའུ་དགུ་བ། པདྨ་ཅོད་པན་གྱི་རྒྱུད་ལེའུ་བཅུ་གཅིག དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བའི་རྒྱུད་ལེའུ་སོ་ལྔ་བ། །

   བསྟན་འགྱུར་ལས། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཨ་ཤྭ་ཀ་ཤྲྰིས་མཛད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་མཚན་དོན་གསལ་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་གཉིས་སུ་མེད་པའི་སྦས་པས་མཛད་པ། མཚན་བརྗོད་ཀྱི་འགྲེལ་བ་ཨ་ཝ་ངྷྰུ་ཏི་པའི་རྗེས་སུ་འབྲངས་པའི་སྐོར། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། ཡང་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། ཡང་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་ཁོ་ན་ཉིད་ཅེས་བྱ་བའི་སྒྲུབ་ཐབས་རྣམས་སློབ་དཔོན་གཉིས་སུ་མེད་པ་སྦས་པས་མཛད་པ། སྦྱིན་སྲེག་གི་ཆོ་ག་མདོར་བྱས་པ་སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛད་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་པོའི་སངས་རྒྱས་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཨ་ཝ་ངྷྰུ་ཏིས་མཛད་པ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཨ་ཤོ་ཀ་ཤྲྰིས་མཛད་པ། གཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་མི་གཡོ་བའི་སྒྲུབ་ཐབས་གཏོར་མའི་ཆོ་ག འཕགས་པ་འཇམ་དཔལ་གྱི་སྤྱོད་ལམ་གྱི་ཆོ་ག འཇམ་དཔལ་རྡོ་རྗེའི་བུམ་པའི་ཆོ་ག་རྣམས་སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྣང་བ་ཞེས་བྱ་བ་དང་། རྡོ་རྗེ་ཁྲོ་བོས་བསད་པའི་ལས་ཞེས་བྱ་བའི་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་ས་ཝ་རི་པས་མཛད་པ།    ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གཏུམ་པོ་ཞེས་བྱ་བའི་སྒྲུབ་ཐབས་ཨོོ་རྒྱན་གྱི་སློབ་དཔོན་ཨ་མོ་ནྰ་ཐ་ཞེས་བྱ་བས་མཛད་པ། སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཆེན་པོ་བྲམ་ཟེ་པ་ར་མ་ཏིས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པ་གཏུམ་པོའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་དངོས་གྲུབ་བརྙེས་པའི་ས་བ་རི་བས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་གཟུངས་ཀྱ་འགྲེལ་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ས་ཝ་རི་པས་མཛད་པ། རིམ་པ་དྲུག་པ་ཞེས་བྱ་བ། བསད་པ་བདུད་རྩིའི་གསོ་བ་ཞེས་བྱ་བ། བདུད་རྩི་འོ་མའི་མཆོད་པ་ཞེས་བྱ་བ། ཀླུ་ཁྲོ་བོ་བསད་པའི་འཕྲིན་ལས་ཞེས་བྱ་བ། ཀླུ་རིགས་བཞི་མནན་པའི་ཆོ་ག ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དྲག་པོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ་ཞེས་བྱ་བ་རྣམས་ནམ་གྲུའི་རིགས་ལས་བྱུང་བའི་དངོས་གྲུབ་བརྙེས་བའི་སློབ་དཔོན་ཛ་ཝ་རི་བས་མཛད་པ། ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་སློབ་དཔོན་གཉིས་སུ་མེད་པའི་སྦས་པས་མཛད་པ། འདིའི་དགྲ་ནག་འཇིགས་བྱེད་རྣམས་ཀྱང་འདི་ཉིད་དུ་བཞུགས་པར་བྱའི་གཞན་དུ་མི་འཁྱར་བར་བྱའོ་ཞེས་བུ་སྟོན་གྱིས་གསུངས། ཁྲོ་བོའི་རྒྱལ་པོ་གནམ་ལྕགས་འབར་བའི་སྒྲུབ་ཐབས་ཀླུ་འདུལ་བའི་ངན་ཐབས་བལ་བོའི་མན་ངག་དང་། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གནམ་ལྕགས་འབར་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པའི་བླ་མ་མེེ་ཏྲི་བས་མཛད་པ། འདི་ནི་བལ་ཡུལ་དུ་འགྱུར། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号