འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། དཔལ་དགྱེས་པའི་རྡོ་རྗེའི་རྣམ་བཤད་རྣམ་པར་འགྲེལ་བ་སློབ་དཔོན་བྷ་བ་བྷ་དྲས་མཛད་པ། དགྱེས་པ་རྡོ་རྗེའི་ལག་ཏུ་བླང་པའི་རིམ་པ་ཞེས་བྱ་བ། བོད་་ཀྱི་ལོ་ཙྰ་བ་སེ་རྩེ་བསོད་ནམས་རྒྱལ་མཚན་གྱི་འགྱུར། འདི་སེ་རྩ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པ་ཡིན་འདྲ་སྟེ་སྔར་གྱི་རྣམས་ཀྱིས་ཀྱང་བྲིས་འདུག་པས་བྲིས་སོ། ། བདག་མེད་མའི་སྒྲུབ་པའི་ཐབས་སློབ་དཔོན་ཀྲྀཥྞ་པཎྡི་ཏས་མཛད་པ། བདག་མེད་མའི་མན་ངག་ཅེས་བྱ་བ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་དཔལ་བཟང་པོའི་ཞལ་ནས་ཀྱི་པདྨ་ལ་རེག་པ་རྡོ་རྗེ་རྣམ་འབྱོར་མའི་བཀའ་དྲིན་ལས་སྐྱེས་པ་པཎྜི་ཏ་དཔལ་ཏིང་ངེ་འཛིན་རྡོ་རྗེས་ཞབས་ཀྱིས་མཛད་པ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་མཁའ་འགྲོ་རྣམ་པ་ལྔའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་མི་ཐུས་ཟླ་བས་མཛད་པ། རབ་ཏུ་གནས་པའི་ཆོ་ག་སློབ་དཔོན་ཟླ་བའི་འོད་ཀྱིས་མཛད་པ། གཤིན་རྗེ་གཤེད་ནག་པའི་རྒྱུད་ཀྱི་དཀའ་འགྲེལ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ཤར་ཕྱོགས་བྷག་ལར་བི་ཀྲ་མ་ཕུ་རིའི་གཙུག་ལག་ཁང་དུ་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་ཨ་ཝ་ངྷྰུཏྰི་བ་གཞོན་ནི་ཟླ་བས་མཛད་པ།དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ལམ་གྱི་སྙིང་པོ་ཞེས་བྱ་བ་མཁས་གྲུབ་རྣལ་འབྱོར་ཆེན་པོ་བུ་ངྔྷ་ཛྙྰ་ན་པྰ་དས་ཨུ་ག་ཡ་ན་འབར་བའི་ཕུག་ཏུ་བཛྲ་ཝྰ་རྰ་ཧྰི་ཉིད་ལས་དངོས་སུ་ཐོབ་པ་དང་། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་ཅེས་བྱ་བ། སེམས་དཔའ་གསུམ་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཞེས་བྱ་བ་རྣམས་རྡོ་རྗེ་ཕག་མོས་དངོས་སུ་བྱིན་གྱིས་བརླབས་པ་མཁས་ཤིང་གྲུབ་པ་བརྙེས་པའི་རྣམ་འབྱོར་ཀྱི་དབང་ཕྱུག་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། བོད་ཀྱི་ལོ་ཙྰ་བ་སེ་རྩ་བསོད་ནམས་རྒྱལ་མཚན་གྱིས་གྲོང་ཁྱེར་ཏི་ར་ཧ་ཏའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་དུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་བསྒྱུར་ཅིང་གཏན་ལ་ཕབ་པ། སླར་ཡང་ཐར་པ་ལོ་ཙྰ་བ་ཉི་མ་རྒྱལ་མཚན་གྱིས་ཤྲྰི་ནྰ་ལེནྡྲའི་གཙུག་ལག་ཁང་ཆེན་པོར་བཅོས་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་དོན་གསལ་བར་བྱེད་པ་ཞེས་བྱ་བ་དགའ་རབ་རྡོ་རྗེས་མཛད་ཟེར་བ་འདི་ནི་ཐེ་ཚོམ་གྱི་གཞིའོ་ཞེས་གསུངས་སོ། །མཚན་ཡང་དག་པར་བརྗོད་པ་ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་ཞེས་བྱ་བ་མཁས་པ་ཆེན་པོ་ངེས་པར་སྦྱངས་པ་དཔལ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། |