འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། སྟག་རྣའི་མདོ་བམ་པོ་གཉིས་པ། །
བསྟན་འགྱུར་ལས། ཀྱེ་རྡོ་རྗེ་བསྡུས་དོན་གྱི་རྒྱ་ཆེར་འགྲེལ་བ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་བོས་མཛད་པའི་ལེའུ་ལྔ་བ་ཡན་ཆད། ལོ་ཙྰ་བ་འབྲོ་སེང་དཀར་ཤྰཀྱ་འོད་ཀྱི་འགྱུར་ལ། སླད་ཀྱིས་ལོ་ཙྰ་བ་ཅོག་གྲུ་ཏིང་ངེ་འཛིན་བཟང་པོས་ཞུས་ཏེ་གཏན་ལ་ཕབ་པ། དེ་ལ་སླད་ཀྱིས་རྒྱ་གར་གྱི་མཁན་པོ་རྒྱལ་པོའི་སྲས་དཔལ་འཇིགས་མེད་ལྷའི་ཞལ་སྔར་ལོ་ཙྰ་བ་སྙེལ་ཅོར་དགེ་སློང་ཤེས་རབ་གྲགས་ཀྱིས་ཡུལ་དབུས་ཀྱི་དཔེས་གཏན་ལ་ཕབ་པ་ལས། སླར་ཡང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བཤད་པའི་སློབ་མ་དཔང་ལོ་ཙྰ་བ་བློ་གྲོས་བརྟན་པ་དེ་ཁོ་ན་ཉིད་ཀྱི་ལེའུ་ཡན་ལེགས་པར་བཅོས་པ་དང་། མཐའ་བྲལ་རྟོགས་པའི་ཤེས་རབ་སྟོན་པ་དེ་ཁོ་ན་ཉིད་ཐེག་པ་ཆེན་པོ་ཉི་ཤུ་བར་ཨ་ཝ་ངྷྰུ་ཏྰི་པ་གཉིས་མེད་རྡོ་རྗེས་མཛད་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་བའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་བ་མཁས་པ་ཆེན་པོ་མོས་པས་སྤྱོད་པའི་ས་བརྙེས་པ་སློབ་དཔོན་རྣམ་གྲོལ་སྡེས་མཛད་པ ། འདི་ལ་ཤློ་ཀ་ལྔ་སྟོང་བཞི་བརྒྱ་ཡོད་དོ། ། མངོན་རྟོགས་རྒྱན་སྡུད་པ་དང་སྦྱར་བའི་འགྲེལ་བའམ། བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་རྟོགས་པར་སླ་བ་ཞེས་བྱ་བ་ཤློ་ཀ་གཉིས་སྟོང་ཆིག་བརྒྱ་བ་སློབ་དཔོན་ཆེན་པོ་སེང་གེ་བཟང་པོས་མཛད་པ། རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་པ་ཞེས་བྱ་བ་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པ། ལྷན་ཅིག་དམིགས་པ་ངེས་པར་གྲུབ་པ་ཞེས་བྱ་བ་རྩོད་པར་སྨྲ་བའི་མཆོག་སློབ་དཔོན་དཔལ་ཤེས་རབ་འབྱུང་གནས་སྦས་པས་མཛད་པ། ། |