འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ། མཁའ་འགྲོ་མ་ཐམས་ཅད་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱི་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བ་རྩ་བའི་རྒྱུད་བཅོམ་ལྡན་འད་འཇིགས་བྱེད་ཧེ་རུ་ཀས་གསུངས་པ་ལེའུ་བཅུ་བ་དང་། དེའི་རྒྱུད་ཕྱི་མ་རྫོགས་རིམ་བསྟན་པའི་ལེའུ་གཉིས་བཅས། རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་ཕྱུང་བའི་དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོེ་ལེའུ་བཅུ་བཞི་བ། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ་སྟོང་ཕྲག་བཅུ་གཉིས་ལས་བསྡུས་པ་རྡོ་རྗེ་བདུད་རྩི་ཉུང་ངུའི་རྒྱུད་ལེའུ་བཅུ་གཅིག་པ།
བསྟན་འགྱུར་ལས། དཔལ་སངས་རྒྱས་ཐོད་པའི་རྒྱུད་ ཀྱི་དཀའ་འགྲེལ་ཡེ་ཤེས་ལྡན་པ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ས་ར་ཧའི་ཞལ་སྔ་ནས་མཛད་པ། དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས། འབྱུང་བོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་གསལ་བ་ཞེས་བྱ་བ་རྣམས་དངོས་གྲུབ་ཀྱི་མཆོག་བརྙེས་པའི་སློབ་དཔོན་ས་ར་ཧའི་ཞལ་སྔ་ནས་མཛད་པ། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བྱེད་པ་ཞེས་བྱ་བའི་དཀའ་འགྲེལ་སློབ་དཔོན་ཆེན་པོ་ནོར་བཟངས་ཀྱིས་མཛད་པ། དགེས་རྡོར་བདེ་མཆོག་ལ་སོགས་རྒྱུད་སྡེ་མང་བོའི་ཐུན་མོང་གི་བཤད་རྒྱུད་དཔལ་སམྦུ་ཊའི་འགྲེལ་བ་ལས་དཔལ་ཁ་སྦྱོར་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་བ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བ་སློབ་དཔོན་རྒྱལ་པོ་ཨིནྡྲ་ངྷྰུ་ཏིས་མཛད་པ། དཔལ་དུས་ཀྱི་འཁོར་ལོའི་མན་ངག་སློབ་དཔོན་དུས་འཁོར་ཞབས་ཆེན་པོས་མཛད་པ། དཔལ་དུས་ཀྱི་འཁོར་ལོའི་སྙིང་པོའི་རྒྱན་ཞེས་བྱ་བའི་སྒྲུབ་ཐབས། ལྷོ་ཕྱོགས་རྒྱ་མཚོའི་ཡུལ་དུ་འཁྲུངས་པའི་མཁས་པ་ཆེན་པོ་བྲམ་ཟེ་བསོད་སྙོམས་པས་མཛད་པ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཡན་ལག་བཞི་བ་ཞེས་བྱ་བ་དུས་ཞབས་པས་མཛད་པ། ཀྱེའི་རྡོ་རྗེ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས་པཎྜི་ཏ་ཨྰ་ཙྰརྱ་ཀྲྀཥྞ་པས་མཛད་པ། དཔལ་དགྱེས་པའི་རྡོ་རྗེའི་གཏོར་མའི་སློབ་དཔོན་ཆེན་པོ་ཨ་ལ་ལ་བཛྲས་མཛད་པ། དགྱེས་པ་རྡོ་རྗེའི་དབང་གཏན་ལ་དབབ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དགྲ་ལས་རྒྱལ་བས་མཛད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཛྙྰ་ནྰ་ཀ་རས་མཛད་པ། ། |