ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལོ་ཙྰ་བ་ཆོས་ཀྱི་ཤེས་རབ།
སྤེལ་དུས།04-27  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། འཕགས་པ་བྱམས་པས་དམ་བཅས་པའི་གཟུངས། འབྱུང་བོ་འདུལ་བྱེད་ཀྱི་རྒྱུད་སྟོང་ཕྲག་བཅུ་དྲུག་པ་ལས་ཇི་སྙེད་པ་རིམ་པར་ཕྱེ་བ་གཉིས་པ། །

   བསྟན་འགྱུར་ལས། དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྡོ་རྗེའི་ཚིག་བཏུ་བ་ཞེས་བྱ་སློབ་དཔོན་ཆེན་པོ་ཀྰ་མ་ངྷེནུ་བས་མཛད་པ། བདེ་བ་ཆེན་པོའི་བདུད་རྩིའི་འོད་ཅེས་བྱ་བ་རྣལ་འབྱོར་ཀྱི་དབང་ཕྱུག་ཆེན་པོ་དཔལ་ཡེ་ཤེས་རིན་པོ་ཆེས་མཛད་པ། བྱང་སེམས་ཐིག་པའི་མན་ངག་ཅེས་བྱ་བ་རྣལ་འབྱོར་ཀྱི་དབང་ཕྱུག་ཆེན་པོ་ལས་ཀྱི་ཞབས་ཀྱིས་མཛད་པ། གསང་ཆེན་དགའ་བའི་ཐིག་ལེ་ཞེས་བྱ་བ་སློབ་དཔོན་ཡུལ་སོ་མ་པི་རིར་བྱུང་བའི་དགེ་སློང་དཔལ་ལྡན་བྱང་ཆུབ་བཟང་པོའི་སློབ་མ་དཔལ་མ་ཧྰ་ཏིས་ཞལ་སྔ་ནས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་དབང་གི་བྱ་བ་མདོ་བསྡུས་པ་ཞེས་བྱ་བ་སློབ་དཔོན་རྡོ་རྗེ་དྲིལ་བུ་བའི་ཞལ་ཞབས་ཀྱིས་མཛད་པ། སྤྱོད་པའི་གླུ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་པ། རྗེ་བཙུན་འཕགས་པ་གནོད་འཛིན་ཆུ་དབང་གི་སྒྲུབ་པའི་ཐབས་སློབ་དཔོན་མི་བསྐྱོད་རྡོ་རྗེ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། དཔལ་གཤིན་རྗེ་དགྲ་ནག་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་རཏྣྰ་ཀ་ར་ཤྰནྟི་པས་མཛད་པ། དཔལ་གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་ཐབས་འཁོར་ལོའི་དོན་རྒྱས་པར་བཤད་པ་དང་བཅས་པ་སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པ། གཤིན་རྗེའི་དགྲ་ནག་པོའི་སྒྲུབ་ཐབས་ཀུ་མུ་ཏ་ཁ་བྱེ་པ་ཞེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་རྡོ་རྗེ་སློབ་དཔོན་མི་བསྐྱོད་པས་མཛད་པ། གཤིན་རྗེ་གཤེད་ནག་པོའི་འཁོར་ལོིའི་མན་ངག་སློབ་དཔོན་ནྰ་ག་བོ་ངྷིས་མཛད་པ། ནག་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་སློབ་དཔོན་ལ་ལི་ཏ་བཛྲས་མཛད་པ། འོ་མའི་སྒྲུབ་པའི་ཐབས་སློབ་དཔོན་ཨྰ་ཙྰརྱ་ཛི་མུ་པྰ་དས་མཛད་པ། ལོ་ཙྰ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སླད་ཀྱིས་ལོ་ཙྰ་བ་དགེ་སློང་ཉི་མ་རྡོ་རྗེས་བསྒྱུར། དཔལ་ལྡན་རྒྱ་ཆེ་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག ཀུན་ཏུ་བཟང་པོ་ཞེས་བྱ་བའིོ་སྦྱིན་སྲེག་གི་ཆོ་ག རབ་ཏུ་གནས་པའི་ཆོ་ག་རབ་གནས་ཀྱི་རྒྱལ་པོ་ཞེས་བྱ་བ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྡོ་རྗེ་ཐམས་ཅད་འབྱུང་བ་ཞེས་བྱ་བའི་དོན་བསྡུས་པ་ཨྰ་ཙྰརྱ་མུ་ནྰི་ནྡྲི་བྷ་དྲས་མཛད་པ། མཚན་ཡང་དག་པར་བརྗོད་པ་དཀྱིལ་འཁོར་གྱི་ཆོ་ག་ནམ་མཁའ་དྲི་མེད་ཅེས་བྱ་བ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། འཕགས་པ་འཇམ་དཔལ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། འཇམ་དཔལ་གྱི་མཚན་ཡང་དག་ཁར་བརྗོད་པའི་དཀྱིལ་ཆོག་ལ། བྱང་སེམས་རྡོ་རྗེ་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག  རྣམ་པར་སྣང་མཛད་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག མི་བསྐྱོད་པ་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག སྣང་བ་མཐའ་ཡས་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག རིན་ཆེན་འབྱུང་ལྡན་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག དོན་ཡོད་གྲུབ་པ་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཁྲུས་ཀྱི་ཆོ་ག མཚན་ཡང་དག་བརྗོད་པའི་ཆུ་སྤྲིན། མཚན་ཡང་དག་པར་བརྗོད་པའི་འབྱུང་བོའི་གཏོར་ཆོག མཚན་ཡང་དག་པར་བརྗོད་པའི་མཎྡལ་གྱི་ཆོ་ག    མཚན་ཡང་དག་པར་བརྗོད་པའི་བསྐོར་བ་བྱ་ཐབས། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཡན་ལག་བདུན་པས་ཚོགས་བསགས་པའི་ཐབས།འཇམ་དཔལ་གྱི་མཚན་འདོན་པའི་མན་ངག་མཚན་ཡང་དག་པར་བརྗོད་པའི་དགེ་བའི་རྩ་བ་བསྔོ་བ། མཚན་ཡང་དག་པར་བརྗོད་པའི་མི་རྟག་པ་བསྒོམ་པ། མཚན་ཡང་དག་པར་བརྗོད་པའི་མི་རྟག་པ་བསྒོམ་པ། མཚན་ཡང་དག་པར་བརྗོད་པའི་མི་རྟག་འཁོར་བ་ལ་ཡིད་བྱུང་བ། མཚན་ཡང་དག་པར་བརྗོད་པའི་ཤེས་པ་དུག་གསུམ་ལས་བཟློག་པའི་མན་ངག སྐྱབས་སུ་འགྲོ་བའི་ཆོ་ག སེམས་བསྐྱེད་པའི་ཆོ་ག བྱང་ཆུབ་ཀྱི་སེམས་ཀྱི་བསྒོམ་པའི་མན་ངག ཚད་མ་པ་བཞི་བསྒོམ་པའི་མན་ངག དུས་གསུམ་གྱི་སངས་རྒྱས་ལ་ལྟ་བ། དབང་པོ་ཐ་མས་མཚན་ཡང་དག་པར་བརྗོད་པའི་རྗེས་སུ་དྲན་པ་དྲུག་བསྒོམ་པའི་མན་ངག དབང་པོ་འབྲིང་གིས་མཚན་ཡང་དག་པར་བརྗོད་པའི་སྒོ་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་བསྒོམ་པའི་མན་ངག དབང་པོ་རབ་ཀྱིས་དེ་ཁོ་ན་ཉིད་བསྒོམ་པའི་མན་ངག འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་བྱང་ཆུབ་ཆེན་པོའི་སྐུ་གདུང་གི་ཆོ་ག་ཞེས་བྱ་བ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྦྱིན་སྲེག་གི་ཆོ་ག་བསྡུས་པ་ཞེས་བྱ་བ།   འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མཉམ་པར་བཞག་པའི་རིམ་པའི་མན་ངག  འཇམ་དཔལ་དཔའ་བོ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་བསྲེས་པ།  འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྦྱན་དབྱེ་བའི་ཆོ་ག་དང་རབ་ཏུ་གནས་པའི་ཆོ་ག འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ངན་སྔགས་བྱད་ཀྱི་འཁོར་ལོས་བསད་པ།འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྡིག་པ་སྦྱོང་བ་ཚེ་འཕོས་པ་ལ་ཕན་གདགས་པའི་བདུན་ཚིགས་ཀྱི་ཆོ་ག འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྡིག་པའི་སྡིག་པ་སྦྱོང་བའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། ངན་སོང་སྦྱོང་བ་འགྲོ་བ་རིགས་དྲུག་གི་ཆོ་ག་རྣམས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། འདི་ལ་ཞ་རྒྱ་གཞུང་ཡིན་མིན་ཐེ་ཚོམ་ཟ་བར་འདུག་ནའང་བླ་གོང་མ་རྣམས་རྒྱ་གཞུང་དུ་བཞེད་ཅིང་། སྔར་གྱི་རྣམས་ལའང་བྲིས་འདུག་པས་བཞུགས་སུ་བཅུག་པ་ཡིན། འཕགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོ་རྒྱ་ཆེར་འགྲེལ་བ་སྙིང་པོ་རྣམ་པར་བཤད་པ་ཞེས་བྱ་བ་ཛ་ལནྔྷ་རའི་རྡོ་རྗེ་སློབ་དཔོན་ཀྰ་མ་ངྷེ་ནུ་པ་ཞེས་བྱ་བའི་ཞལ་སྔ་ནས་མཛད་པ། འདི་ནི་འཕེན་ཡུལ་རྒྱལ་གྱི་ལུག་ལྷས་སུ་བསྒྱུར་པ། ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་སྒྲུབ་པའི་ཐབས་སློབ་དཔོན་སུ་ཙནྡྲ་བྷ་དྲས་མཛད་པ། གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་ཞེས་བྱ་བའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་སློབ་དཔོན་གི་རི་ཝ་ཏས་མཛད་པ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོའི་གཟུངས་ཀྱི་སྒྲུབ་ཐབས་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། རབ་ཏུ་གནས་པའི་ཆོ་ག་ཞེས་བྱ་བ་མང་དུ་ཐོས་པའི་སློབ་དཔོན་པདྨའི་ལྕགས་ཀྱུས་རིགས་ལྡན་ཧ་ར་པའི་སློབ་དཔོན་ཀ་མ་ལ་ངྷེ་ནུ་པའི་རྗེས་སུ་འབྲངས་ནས་སྦྱར་བ།  འཕགས་མ་ལྷ་མོ་སྒྲོལ་མ་བསྒོམ་པའི་ཆོ་ག་རྒྱས་པ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་བཟང་པོས་མཛད་པ། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཐེག་པ་གསུམ་རྣམ་པར་བཞག་པ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཐེག་པ་ཆེན་པོའི་དོན་བསྡུས་པའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ནག་པོས་བས་མཛད་པ། བླ་མའི་མཎྡལ་གྱི་ཆོ་ག མཎྡལ་གྱི་ཆོ་ག་སློབ་དཔོན་ཆེན་པོ་བྱང་ཆུབ་སེམས་དཔའ་དགྲ་ལས་རྒྱལ་བ་གསང་བའི་ཞལ་སྔ་ནས་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བཤད་ཚིག་རབ་ཏུ་གསལ་བ་ཞེས་བྱ་བ་ཡུལ་ཆེན་པོ་བེེ་ད་ལར་སྐྱེས་པའི་སློབ་དཔོན་མཁས་པ་ཆེན་པོ་གྲུབ་པའི་མཐར་རབ་འབྱམས་ལ་མཁྱེན་པའི་སྣང་བས་ཁྱབ་པ་ཐེག་པ་ཆེན་པོ་དབུ་མའི་སློབ་དཔོན་དཔལ་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ལྷས་ཞལ་སྔ་ནས་མཛད་པ། ཡེ་ཤེས་སྙིང་བོ་ཀུན་ལས་བཏུས་པའི་བཤད་སྦྱར་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། ལྟ་བ་ཐ་དད་པ་རྣམ་པར་ཕྱེ་བ་མདོར་བསྡུས་པ་སློབ་དཔོན་དབུ་མའི་སེང་གེས་མཛད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྟོགས་པར་དཀའ་བའི་གནས་གཏན་ལ་དབབ་པའི་གཞུང་སློབ་དཔོན་ཆེན་པོ་ཀྲིཥྣ་པས་མཛད་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྡོ་རྗེ་ལྟ་བུ་ཞེས་བྱ་བ་དཔལ་ཀམྦ་ལས་མཛད་པ། ལུས་ཡོངས་སུ་དཔྱད་པའི་བསྒོམ་པའི་རིམ་པ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་བསྒོམ་པ་ཞེས་བྱ་བ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་མ་ཧྰ་མ་ཏིས་མཛད་པ་དང་། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ། ལས་དང་པོ་བའི་ས་སྦྱང་བ་སློབ་དཔོན་མཁས་པ་ཆེན་པ་ཆེན་པོ་བྱང་ཆུབ་སེམས་དཔའི་དགྲ་ལས་རྒྱལ་བ་གསང་བའི་ཞལ་སྔ་ནས་མཛད་པ། སེམས་རིན་པོ་ཆེ་རྣམ་པར་སྦྱང་བའི་རིམ་པ་ཞེས་བྱ་བའི་སྤྲིངས་ཡིག་སློབ་དཔོན་བྱང་ཆུབ་སེམས་དཔའ་ཆེན་པོ་དགྲ་ལས་རྒྱལ་བ་གསང་བས་མཛད་པ། བླ་མ་སྤྲིངས་བ་དགེ་སློང་དགོན་པ་བས་མཛད་པ། སློབ་མ་སྤྲིང་བའི་འགྲེལ་བ་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་རང་གི་སློབ་མ་རྣམས་ལ་ཕན་པའི་དོན་དུ་མཛད་པ། ཚིགས་སུ་བཅད་པ་བརྒྱ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་མཆོག་སྲེད་ཀྱིས་མཛད་པ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号