ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལོ་ཙྰ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས།
སྤེལ་དུས།04-27  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། དཔལ་ལྡན་རྒྱལ་པོ་ཛ་གཏྟ་ཏྰ་ལར་གནས་པས་མཛད་པ་བཅོམ་ལྡན་འདས་མ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་རྣམ་པར་བཤས་པ་མན་ངག་གི་རྗེས་སུ་འབྲངས་པ་གཞུང་ཚད་ཀློ་ཀ་སྟོང་ཕྲག་བརྒྱད་པ། འདི་ནི་དཔལ་སྒྱེའུ་རིའི་དྲུང་དུ་ཆོས་འཁོར་དབེན་པའི་གཙུག་ལག་ཁང་དུ་བསྒྱུར་བ། རྨུགས་འཛིན་འཆོལ་བའི་སྒྲུབ་ཐབས་ཞེས་བྱ་བ་པཎྡི་ཏ་ཨ་བྷ་ཡ་ཀ་ར་གུ་པྟས་མཛད་པ། ལོ་ཙྰ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་ཀྱིས་ཆོས་འཁོར་ཤོད་མའི་གཙུག་ལག་ཁང་དུ་བསྒྱུར་པ་ལ། སླད་ཀྱིས་ཆག་ལོ་ཙྰ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་དག་པར་བཅོས་པ། སྙིང་པོ་བསྡུ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། འདུལ་བ་མདོའི་འགྲེལ་བ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ་ཡུལ་བཅོམ་བརླག་གི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། འདི་ནི་དཔལ་སྒྱེའུ་རིའི་རྩ་ཆོས་སྐོར་དབེན་ཚའི་གཙུག་ལག་ཁང་དུ་འགྱུར་བ། འདི་ལ་ཤློ་ཀ་སྟོང་ཕྲག་བཅུ་བཞི་ཡོད་དོ།   ། སློབ་དཔོན་ཆེན་པོའི་སྲས་སེང་གེ་ཞབས་འབྲིང་བས་མཛད་པའི་སྐྱེས་པའི་རབས་ཀྱི་ཕྲེང་བ་སུམ་ཅུ་རྩ་ལྔ་བ། འདི་ནི་དཔལ་སྒྱེའུ་རིའི་རྩ་ཆོས་སྐོར་དབེན་པའི་གཙུག་ལག་ཁང་དུ་བསྒྱུར། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号