འདི་ཉིད་ཀྱི་འགྱུར་ལ། མདོ་མང་སྐོར་ལས། བྱང་ཆུབ་སེམས་དཔའི་སོ་སོར་ཐར་བའི་ཆོས་བཞི་བསྒྲུབ་པ་ཞེས་བྱ་བའི་མདོ། བམ་པོ་གཅིག་དང་ཤློ་ཀ་བརྒྱ་ཡོད་པ་ལོ་ཙྰ་བ་ཤྰཀྱ་བློ་གྲོས་དང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། འཕགས་པ་ཆོས་ཀྱི་རྒྱ་མོ་བམ་པོ་གཉིས་པ། རྒྱ་ལས་བསྒྱུར་པ། འདི་ལའང་འགའ་ཞིག་གིེས་ཐེ་ཚོམ་བྱས་ཀྱང་། སྔོན་གྱི་མཁན་པོ་རྣམས་ཚད་མར་བྱས་སོ། ། ལྟུང་བ་སྡེ་ལྔའི་དགེ་མི་དགེའི་འབྲས་བུ་བརྟགས་པའི་མདོ། དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་བསྒྱུར་པའི་རྒྱུད་ལ། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོགས་པ་སུམ་ཅུ་རྩ་དྲུག་པ། །
བསྟན་འགྱུར་ལས་། དཀོན་མཆོག་གསུམ་གྱི་བསྟོད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། བརྒྱ་ལྔ་བཅུ་བ་ཞེས་བྱ་བའི་བསྟོད་པ་སློབ་དཔོན་མཁས་པ་ཆེན་པོ་བྲམ་ཟེ་རྟ་དབྱངས་ཀྱིས་མཛད་པ། བརྒྱ་ལྔ་བཅུ་བ་ཞེས་བྱ་བའི་བསྟོད་པའི་འགྲེལ་བ་སློབ་དཔོན་དགའ་བྱེད་སྙན་པས་མཛད་པ། སྒྲོན་མ་གསལ་བ་མདོར་བཤད་པའི་ས་བཅད་སྙིང་གི་མེ་ལོང་ཞེས་བྱ་བ་དཔལ་ལཀྴྨྰི་ཀ་རའི་ཞལ་སྔ་ནས་ཀྱི་སློབ་མ་པཎྜི་ཏ་མཁས་པ་ཀུ་མུ་རས་མཛད་པ། རྣལ་འབྱོར་པའི་རྟོག་པའི་གེགས་སེལ་བ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཛད་པ། དུག་ལྔ་སྦས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་སློབ་དཔོན་འཕགས་པ་ལྷས་མཛད་པ། རྣལ་འབྱོར་ཀྱི་མཚན་ཉིད་ལྡན་པ་མཁས་པ་ཆེན་པོ་དཔལ་བྱང་ཆུབ་བཟང་པོའི་ཞལ་སྔ་ནས་མཛད་པ། ཤེས་རབ་བརྩམ་པ་དུས་ཀྱི་གཏམ་ཞེས་བྱ་བ་བྷངྒ་བའི་མཁས་པ་དཔལ་ངེས་པར་སྦྱངས་པ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་བྲམ་ཟེ་བྷ་ལོ་ལ་གདམས། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག་གཉིས་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁ་སརྤ་ཎིའི་སྒྲུབ་ཐབས། འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་པྰུ་ཛ་བཛྲས་མཛད་པ། མངོན་རྟོགས་རྒྱན་སེམས་ཙམ་གྱི་ལྟ་བར་བཀྲོལ་བ་འཕགས་པ་འཇམ་དཔལ་གྱིས་དངོས་གྲུབ་བརྙེས་པ་མཁས་པ་ཆེན་པོ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་མངོན་པར་རྟོགས་པའི་རྒྱན་ཚིག་ལེའུར་བྱས་པའི་འགྲེལ་བ་དག་ལྡན་ཞེས་བྱ་བ་ཉི་ཁྲི་དང་སྦྱར་བའི་འགྲེལ་བ། ལོ་ཙྰ་བ་དགེ་སློང་ཤྰཀྱ་བློ་གྲོས་དང་། དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་པ་ལ། སླད་ཀྱིས་ཞུས་ཆེན་གྱི་ལོ་ཙྰ་བ་འགོས་ལྷས་བཙས་ཀྱིས་བཅོས་ཏེ་གཏན་ལ་ཕབ་པ། མངོན་རྟོགས་རྒྱན་བརྒྱད་སྟོང་པ་དང་སྦྱར་ནས་སེམས་ཙམ་དུ་སྟོན་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ་ཤློ་ཀ་སྟོང་ཕྲག་བརྒྱད་པ། རྒྱལ་པོའི་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ། སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ་སློབ་དཔོན་ངྷརྨ་ཀྰིརྟིས་མཛད་པ། མ་སུ་རཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས། ཡན་ལག་བརྒྱད་པའི་འགྲེལ་དུ་གྲགས་པའི་ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ་སྨན་པའི་བདག་པོ་སེང་གེ་སྦས་པ་ཞེས་བྱ་བའི་བུ་སྨན་པ་ཆེན་པོ་ཕ་གོལ་ཞེས་བྱ་བས་མཛད་པ། ལེའུ་བཅོ་ལྔ་བ་ཡན་ཆད་རྫོགས་པ། ཞུ་ཆེན་གྱི་ལོ་ཙྰ་བ་ཨི་བུ་དགེ་སློང་ཤྰཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་། མར་ལོ་དགེ་སློང་རིག་པ་གཞོན་ནུ་དང་མཉེས་ཅོར་དགེ་སློང་དབྱིག་གི་རིན་ཆེན་དང་གསུམ་གྱིས་ཚད་ལ་ཕབ་པ་སྟེ་མཇུག་བསྡུས་ནས་རྫོགས་པར་བགྱིས་པ། ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་བའི་སྨན་དུམ་ཡུལ་ཀ་བ་ངྷྱར་སྐྱེས་པ་ཐོས་པ་མང་བའི་སློབ་དཔོན་བོ་ངྷི་ཝརྨའི་སློབ་མ་ཡུལ་བྷངྒ་ལར་སྐྱེ་བ་བཞེས་པ་ཐམས་ཅད་ཡོད་པར་སྨྲ་བའི་སློབ་དཔོན་པྲ་ཛྙྰ་ཝརྨས་མཛད་པ། འདི་ལ་ཤློ་ཀ་སྟོང་ཕྲག་བཅུ་གཉིས་དང་ལྔ་བརྒྱ་ཡོད་དོ། ། |