འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོ་ལ་ལེའུ་བདུན་ཅུ་རྩ་བདུན་པ། །
བསྟན་འགྱུར་ལས། རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ་ཞེས་བྱ་བ་སློབ་དཔོན་ཌོམྦི་ཧེ་རུ་ཀས་མཛད་པ། རྣལ་འབྱོར་པ་བསོད་སྙོམས་པ་པྲ་ཛྙྰ་ཤྲྰི་ཛྙྰ་ནས་བསྡུས་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཌོམྦི་ཧེ་རུ་ཀས་མཛད་པ། དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དཀྱིལ་འཁོར་བསྡུས་པ་ཞེས་བྱ་བའི་རྗེས་སུ་འབྲངས་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ལྷའི་བརྟུལ་ཞུགས་ཞེས་བྱ་བས་མཛད་པ། དེ་ཁོ་ན་ཉིད་བཅུ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དྲི་མེད་གྲགས་པས་མཛད་པ། དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་ཡེ་གེ་ཉུང་ངུ་ཞེས་བྱ་བ་སློབ་དཔོན་ཟླ་བ་གཞོན་ནུས་མཛད་པ། གཉིས་ཀའི་བཤད་སྦྱར་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཏ་ཐྰ་ག་ཏ་རཀྵི་ཏས་མཛད་པ། རང་བྱིན་གྱིས་བརླབས་པའི་མན་ངག་གི་སྒྲུབ་ཐབས་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གཞོན་ནུ་དཔལ་གྱི་ཞལ་སྔ་ནས་ཀྱིས་མཛད་པ། གསང་བ་རིན་ཆེན་ཡིད་བཞིན་གྱི་ནོར་བུ་སྙན་ནས་སྙན་དུ་བརྒྱུད་པ་ཞེས་བྱ་བ་དཔལ་ལྡན་ནྰ་རོ་པས་མཛད་པ། གསང་བ་རིན་པོ་ཆེ་ཞེས་བྱ་བ་མི་བསྐྱོད་རྡོ་རྗེས་མཚད་པའི་སྙན་ནས་སྙན་དུ་བརྒྱུད་པ། ཕུ་ལླ་ཧ་རིའི་དགོན་པར་བསྒྱུར་པ། དཔལ་རྡོ་རྗེས་མཁའ་འགྲོ་ལུས་མེད་པའི་ཆོས་ཞེས་བྱ་བ་རྗེ་ཏེ་ལོ་པས་ནྰ་རོ་པ་ལ་གསུངས་པ། རྡོ་རྗེ་མཁའ་འགྲོ་མ་ལྟ་སྒོམ་སྤྱོད་གསུམ་གྱིས་བརྡ་བསྟན་པ། དཔལ་སྡོམ་པའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་མཁའ་འགྲོའི་གསང་ཚིག་ཕུ་་ལ་ཧ་རིར་བསྒྱུར་པ། ཕྱག་ན་རྡོ་རྗེ་རྡོ་རྗེ་ལྕེ་དབབ་ཀྱི་འགྲེལ་བ་མུ་ཏིག་ཕྲེང་བ་དང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དབབ་ཀྱི་གསང་བའི་ཡང་བཀོལ་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱིས་མཛད་པ། ལག་ན་རྡོ་རྗེ་དབབ་ཀྱི་སྔོན་འགྲོའི་ལག་ལེན་རྣལ་འབྱོར་ཀྱི་སྤྱོད་ལམ་བརྒྱད་པོ་སློབ་དཔོན་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱིས་མཛད་པ། ཕྱག་རྒྱ་ཆེན་པོའི་མན་ངག་ཏི་ལླི་པས་ནྰ་རོ་པ་ལ་ཆུ་པོ་གངྒྷའི་འགྲམ་དུ་གསུངས་པ་རྗེ་ནྰ་རོ་པའི་ལྟ་བ་མདོར་བསྡུས་པ་ཞེས་བྱ་བ། ཆོས་དྲུག་མན་ངག་ཅེས་བྱ་བ་གྲུབ་པའི་རྣལ་འབྱོར་ཀྱི་དབང་ཕྱུག་ཏི་ལླི་པས་མཛད་པ། ཁ་ཆེའི་གནས་པུཥྶ་ཧ་རིར་བསྒྱུར། རིམ་པ་ལྔ་བསྡུས་པ་གསལ་བ་ཞེས་བྱ་བ་དཔལ་ནྰ་རོ་པས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པ་ཡིད་བཞིན་ནོར་བུ་ཞེས་བྱ་བ་མཁའ་འགྲོ་མའི་གསང་ཚིག་ཏི་ལླི་པས་བཀོད་པ་དང་། སྙན་རྒྱུད་རྡོ་རྗེའི་ཚིག་རྐང་མཁས་པ་ནྰ་རོ་པས་མཛད་པ། པུཥྤ་ཧ་རིའི་གནས་ཆེན་དུ་བསྒྱུར། ཕྱག་རྒྱ་ཆེན་པོ་གསེར་ཕྲེང་ཞེས་བྱ་བ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་དང་པཎྡི་ཏ་མང་པོས་གསུངས་པ་རྣམས་རྗེ་བཙུན་མངའ་བདག་མེེ་ཏྲི་པས་གཞུང་གཅིག་ཏུ་བསྡེབས་པ། ། |