ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལོ་ཙྰ་བ་འགོས་ཁུག་པ་ལྷས་བཙས།
སྤེལ་དུས།04-27  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ བཀའ་འགྱུར་ལས། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་རྣམ་པར་ཕྱེ་བའི་ལེའུ་ལྔ་བཅུ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་པ། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལེའུ་བཅུ་བདུན་པ། ལོ་ཙྰ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་པ། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་གསུམ་པ། འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་སླར་ཡང་གློག་སྐྱ་ཤེས་རབ་བརྩེགས་ཀྱིས་བསྒྱུར་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་རྒྱུད།   །

   བསྟན་འགྱུར་ལས། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་་རྡོ་རྗེ་ཞེས་བྱ་བ་སྒྱུ་མ་བརྟག་པ་གཉིས་པའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་སློབ་དཔོན་ནག་པོ་པས་མཛད་པ། དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཆེན་པི་ཤྲྰི་རཏྣ་ཀ་ར་ཤྰནྟི་པས་མཛད་པ། རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ཞེས་བྱ་བ་སློབ་དཔོན་ལྷའི་རིགས་ཀྱི་བློ་གྲོས་ཆེན་པོ་ཞེས་བྱ་བས་མཛད་པ། ཡང་སློབ་དཔོན་རྣལ་འབྱོར་པས་མཛད་པའི་དུར་ཁྲོད་བརྒྱད་ཀྱི་བཤད་པ་ཞེས་བྱ་བ། དཔལ་དགྱེས་པའི་རྡོ་རྗེ་དཔའ་པོ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ནག་པའི་ཞལ་སྔ་ནས་མཛད་པ། དཔལ་དགྱེས་པའི་རྡོ་རྗེའི་སྦྱིན་སྲེག་གི་ཆོ་ག་རྣམས་སློབ་དཔོན་ནག་པོས་མཛད་པ། རབ་གནས་ཀྱི་ཆོ་གའི་ཚུལ་ཞེས་བྱ་བ་དང་། ཚོགས་ཀྱི་འཁོར་ལོའི་མཆོད་པའི་རིམ་པ་སློབ་དཔོན་ནག་པོ་པས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ཞེས་བྱ་བ་སློབ་དཔོན་ཆེན་པོ་ལྭ་བ་པས་མཛད་པ། རྒྱུད་ཀྱི་རྒྱལ་པོ་ཆེན་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ་སློབ་དཔོན་མཁས་པ་ཆེན་པོ་བྷ་ཝ་བྷ་དྲའི་ཞལ་སྔ་ནས་མཛད་པ།   གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་སྤྱོད་པ་བརྟུལ་ཞུགས་ནག་པོས་མཛད་པ། ལོ་ཙྰ་བ་འགོས་ལྷས་བཙས་ཀྱི་འགྱུར་བ་ལས། སླད་ཀྱིས་ལོ་ཙྰ་བ་མར་བ་ཆོས་ཀྱི་དབང་ཕྱུག་གིས་བཅོས་པ། བདེ་མཆོ་གི་སྦྱིན་སྲེག་་གི་ཆོ་ག་བྲམ་ཟེ་ཆེན་པོ་ཉིན་མཛད་རྡོ་རྗེས་མཛད་པ། དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས་བཏུས་པས་སྒྲུབ་པའི་ཐབས་བྱང་ཆུབ་ཀྱི་སེམས་ཀུན་ཏུ་གཟིགས་པའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀ་ལ་ཁ་པས་མཛད་པ། རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞིའི་འགྲེལ་བ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་སློབ་དཔོན་བྷ་བ་བྷ་དྲས་མཛད་པ། རྒྱུད་ཀྱི་རྒྱལ་པོ་དཔལ་ལྡན་བཞི་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སྙིང་པོ་མདོེར་བསགས་པ་སློབ་དཔོན་ཆེན་པོ་ཨྰརྱ་དེ་བས་མཛད་པ། དཔལ་གདན་བཞིའི་ཟབ་དོན་སྟོན་པ་ཤིང་གཅིག་གི་དཀའ་འགྲེལ་དང་། རྡོ་རྗེ་དྲིལ་ཐབས་ཀྱ་མཆོད་པའི་ཐབས་ཀྱི་རིམ་པ་སློབ་དཔོན་འཕགས་པ་ལྷས་མཛད་པ། དཔལ་གདན་བཞི་བའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བྷ་བ་བྷ་དྲས་མཛད་པ། རྣལ་འབྱོར་ནམ་མཁའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་རྣ་པར་རྒྱལ་བའི་དབང་པོའི་སྡེས་མཛད་པ། གདན་བཞིའི་དེ་ཁོ་ན་ཉིད་བཞི་བ་སློབ་དཔོན་ཛེ་ཏྰ་རི་པས་མཛད་པ། དཔལ་སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་བ་ཡོན་ཏན་ལྡན་པ་ཞེས་བྱ་བ་སློབ་དཔོན་པཎྡི་ཏ་ཆེན་པོ་དཔལ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་བ་དྲན་པ་ཞེས་བྱ་བ་ནག་པོ་དམ་ཚིག་རྡོ་རྗེས་མཛད་པ། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྗེས་འབྲངས་པའི་སྒྲུབ་ཐབས་ཞེས་བྱ་བ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ་སྤྲོས་པ་མེད་པའི་མན་ངག མ་ཧྰ་མ་ཡྰའི་སྒྲུབ་ཐབས་རྨོངས་པ་སྒྲོལ་བའི་བརྟག་པ་ཞེས་བྱ་བ་རྣམས་སློབ་དཔོན་ཀུ་ཀུ་རི་པས་མཛད་པ། སྒྱུ་འཕྲུལ་ཆེན་མོའི་སྒྲུབ་པའི་ཐབས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་བརྙེས་པ་ཀུ་ཀུ་རི་པས་མཛད་པ། སྤྱིའི་ཆོས་སྤྱོད། རིགས་ལྔ་མཁའ་འགྲོའི་བསྟོད་པ། དཔལ་ཧེ་རུ་ཀ་འཁོར་དང་བཅས་པ ་ལ་བསྟོད་པ། བདུན་ཚིགས་ཀྱི་ཆོ་ག་རྣམས་སློབ་དཔོན་ནག་པོས་མཛད་པ། སྰཙྪ་གདབ་པའི་མན་ངག སྒྱུ་འཕྲུལ་ཆེན་མོའི་རྫོགས་པའི་རིམ་པ་སློབ་དཔོན་ཆེན་པོ་ཆོས་ཀྱི་ཞབས་ཀྱི་ཞལ་སྔ་ནས་མཛད་པ། སྒྱུ་མ་ཆེན་མོའི་སྒྲུབ་ཐབས་སློབ་དཔོན་མཁས་པ་ཆེན་པོ་དཔལ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྗེས་ཆགས་ཀྱི་སྤྱོད་པས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་འཇུག་པའི་མན་ངག་ཅེས་བྱ་བ་པཎྜི་ཏ་ཆེན་པོ་དོན་ཡོད་རྡོ་རྗེའི་ཞལ་སྔ་ནས་མཛད་པ་དང་། ལས་ཀྱི་ཕྱག་རྒྱ་བརྟག་པའི་མན་ངག་ཅེས་བྱ་བ་པཎྡི་ཏ་ཨ་མོ་གྷ་བཛྲ་ལས་བྱུང་བ། དབང་བཞི་བའི་རབ་ཏུ་བྱེད་པ་སློབ་དཔོན་ནྰ་གྰ་ཛྰུ་ནས་མཛད་པ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ཀྱི་ཆོ་ག་སློབ་དཔོན་ནག་པོ་པའི་ཞལ་སྔ་ནས་བླ་མའི་མན་ངག་ལ་བརྟེན་ཏེ་མཛད་པ། རྡོ་རྗེ་སེམས་དཔའི་མཆོད་པའི་ཆོ་ག གཏོར་མའི་ཆོ་ག རབ་ཏུ་གནས་པའི་ཆོ་གའི་རིམ་པ་རྣམས་སློབ་དཔོན་ནག་པོ་པས་མཛད་པ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་གཏོར་མའི་ཆོ་ག་ཞེས་པ་ཟ་ཧོར་གྱི་མཁན་པོ་ཤྰནྟ་དེ་བ་ཞེས་བྱ་བ་མངོན་ཤེས་ལྔ་དང་ལྡན་པས་མཛད་པ། གསང་བ་འདུས་པའི་བཤད་སྦྱར་སྙིང་པོའི་མེ་ཏོག་གི་ལེའུ་བཅུ་བཞི་བ་མན་ཆད་སློབ་དཔོན་ཆེན་པོ་རཏྣ་ཨྰ་ཀ་ར་ཤྰནྟིས་མཛད་པ། བདག་སྒྲུབ་པ་ལ་འཇུག་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། ཡན་ལག་བདུན་པ་ཤློོ་ཀ་བཞི་བརྒྱ་ཉི་ཤུ་རྩ་ལྔ་བ། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བ། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་པར་བཤད་པ་རྣམས་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། མཆོད་རྟེན་སྒྲུབ་པའི་ཆོ་ག་མདོར་བསྡུས་པ་རྒྱ་གར་གྱི་མཁན་པོ་ལ་ལི་ཏས་བཛྲས་མཛད་པ། སྲུང་བའི་འཁོར་ལོའི་སྒྲུབ་པའི་ཐབས་དཔལ་མར་མེ་མཛད་བཟང་པོས་མཛད་པ། གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས་སློབ་དཔོན་ཉིན་མོར་བྱེད་པའི་གྲགས་པས་མཛད་པ། རང་གི་སེམས་གོང་དུ་འཕོ་བའི་མན་ངག་བྱིན་རླབས་དང་བཅས་པ་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་བ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ། ཞུ་ཆེན་གྱི་ལོ་ཙྰ་བ་འགོས་ལྷས་བཙས་དང་ཤེས་རབ་བརྩོན་འགྲུས་ཀྱི་འགྱུར། ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པ་གྲུབ་པ་སློབ་དཔོན་པདྨ་བཛྲའི་སློབ་མ་སློབ་དཔོན་ཆེན་པོ་ཡལ་ལག་མེད་པའི་རྡོ་རྗེས་མཛད་པ།   གཞུང་དེ་རྣམས་ལ་བརྟེན་ནས་སློབ་དཔོན་དེའི་སློབ་མ་བཅོམ་ལྡན་འདས་ལ་ཀྵྨྰི་ཀ་རས་མཛད་པའི་གཉིས་སུ་མེད་སུ་པར་གྲུབ་པའི་སྒྲུབ་ཐབས། གཞུང་དེ་རྣམས་ལ་བརྟེན་ནས་ལྕམ་གྱི་སློབ་མ་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པའི་དངོས་པོ་གསལ་བ་གྲུབ་པ། དཔལ་ཨོོ་རྒྱན་ནས་བྱུང་གསང་བའི་གསང་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མན་ངག་སློབ་དཔོན་སྒེག་པའི་རྡོ་རྗེས་སློབ་མ་སློབ་དཔོན་ཆེན་པོ་དྰ་རི་ཀ་པས་མཛད་པ། སློབ་དཔོན་དེའི་སློབ་མ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་ཙི་ཏོས་མཛད་པའི་དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པ། བསམ་གྱིས་མི་ཁྱབ་པའི་རིམ་པའི་མན་ངག་ཅེས་བྱ་བ་ཕྱག་རྒྱ་ཆེན་པོ་ཐོབ་པའི་སློབ་དཔོན་ཏོག་ཙེ་པས་མཛད་པ། ཤེས་རབ་ཀྱི་ཕྲིན་ཡིག་ཅེས་བྱ་བ་སློབ་དཔོན་ཆེན་པོ་པདྨ་རྡོ་རྗེས་མཛད་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག་སློབ་དཔོན་ནག་པོས་མཛད་པ། ཐུགས་རྗེ་ཆེན་པོ་ལ་བསྟོད་ཅིང་བསྐུལ་བ་དགེ་བསྙེན་ཆེན་པོ་ཟླ་བས་མཛད་པ། ལེགས་པར་གྲུབ་པར་བྱེད་པའི་སྒྲུབ་ཐབས་བསྡུས་པ་བདེ་བར་གཤེགས་པའི་སྲས་པོ་སློབ་དཔོན་བྱང་ཆུབ་མཆོག་གིས་མཛད་པ། དཔའ་པོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་དགེ་བའི་འདོད་འཇོའི་རྣམ་པར་བཤད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། དབུ་མ་ཤེས་རབ་ལ་འཇུག་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རང་བཞིན་གསུམ་ངེས་པར་བསྟན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྒོམ་པའི་མན་ངག་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་པཎྡི་ཏ་ཆེན་པོ་རཏྣ་ཨྰ་ཀ་ར་ཤྰནྟིས་མཛད་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号