འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་ས་འོག་གི་རྒྱུད་ཅེས་བྱ་བ་ལེའུ་བཅུ་གསུམ། འདིའི་སྔགས་བཏུའི་སྐབས་སུ་འགའ་ཞིག་གིས་ཐེ་ཚོམ་མཛད་པའང་ཡོད་དོ། །
བསྟན་འགྱུར་ལས། དཔལ་བདེ་མཆོག་གི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔའ་བོ་རྡོ་རྗེས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་བསྡུས་པ་ཞེས་བྱ་བའི་རྣམ་པར་བཤད་པ་ཨིནྡྲ་བྷྰུ་ཏིས་མཛད་པ། རྩ་བའི་རྒྱུད་ཀྱི་སྙིང་པོ་བསྡུས་པ་ངེས་པར་བརྗོད་པའི་བླ་མ་རྩ་བ་རྩ་བའི་འགྲེལ་བ་སློབ་དཔོན་ཤྰུ་རངྒ་བཛྲས་མཛད་པ་འདི་ཉིད་ནི་ཛྙྰ་ན་ཤྲྰི་མི་ཏྲའི་གསུང་ཇི་ལྟ་བ་བཞིན་བསྒྱུར་པ། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་འགྲེལ་བ་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ་སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པ། སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་དཔལ་རིན་ཆེན་རྡོ་རྗེས་མཛད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་འགྲེལ་བ་སློབ་དཔོན་ཆེན་པོ་ཟླ་བ་བཟང་པོ་གྲགས་པའི་དཔལ་གྱིས་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་ཞེས་བྱ་བའི་འགྲེལ་བ་སློབ་དཔོན་ཤྰུ་རངྒ་ཝརྨ་བཛྲས་མཛད་པ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་བསྟོད་པ་བསྡུས་པ་གཅིག ཕྱག་ན་རྡོ་རྗེ་འགྲོ་བཟང་མའི་སྒྲུབ་ཐབས། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆུ་གཏོར།ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གླུ་གཏོར། ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་རྣམས་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ། འཕགས་མ་གདུགས་དཀར་མོ་ཅན་གཞན་གྱི་མི་ཐུབ་མ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ།གདུགས་དཀར་མོ་ཅན་གྱི་གཟུངས་ཀྱི་སྒྲུབ་ཐབས། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཞེས་བྱ་བའི་གཟུངས་ཀྱི་ཆོ་ག་ཞེས་བྱ་བ། རིམས་བསྲུང་བའི་ཆོ་ག ཕྱུགས་ནད་གོར་བསྲུང་བའི་ཆོ་ག ཞི་བའི་སྦྱིན་སྲེག མངོན་སྤྱོད་ཀྱི་ལས། དངོས་གྲུབ་སྒྲུབ་པའི་སྒོ་ནས་སྲུའུ་གསོ་བ། བཟློག་པའི་ཟོར་བྱ་བའི་ཆོ་ག མཆོད་རྟེན་སྒྲུབ་པའི་ཆོ་གའི་རིམ་པ་རྣམས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། གཙུག་ཏོེར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་རྡོ་རྗེ་རྣོན་པོས་མཛད་པ། འཕགས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་དང་། འཕགས་མ་གདུགས་དཀར་མོ་ཅན་གྱི་སྰ་ཙྪའི་ཆོ་ག་ཞེས་བྱ་བ་སློབ་དཔོན་པདྨའི་ལྕགས་ཀྱུས་མཛད་པ། ཆོ་ག་འདི་གསུམ་ཐོ་ལིང་གི་གཙུག་ལ་ལག་ཁང་དུ་བསྒྱུར། གཙུག་ལག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཤྰུ་རངྒ་ཝརྨ་བཛྲས་མཛད་པ། རྣམ་སྲས་ཀྱི་སྒྲུབ་ཐབས་རྣམ་སྲས་བདེ་བྱེད་ཀྱི་རྟོག་པ་དང་། རྣམ་སྲས་དྲག་བྱེད་ཀྱི་ཆོ་ག་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ། རྣམ་ཐོས་སྲས་ཀྱི་སྒྲུ་པའི་ཐབས་སློབ་དཔོན་ཤྰུ་རངྒ་ཝརྨས་མཛད་པ། བེེ་ཤ་ཝ་ཎའི་རྟོག་པ་དང་བསྟོད་པ། བདེ་བྱེད་ཀྱི་རྣམ་སྲས་ཀྱི་རྟོག་པ་ཆོ་ག་སྣ་ཚོགས་པའི་མཛོད། རྣམ་སྲས་ཀྱི་བསྟོད་པ་ཐུགས་རྗེ་བ་འཇོ་ཞེས་བྱ་བ་སྙན་དངགས་ཀྱི་ཕྲེང་བ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ། འཕགས་པ་སྰ་ལུ་ལྗང་བའི་མདོ་སྡེའི་རྒྱ་ཆེར་འགྲེལ་བ་སློབ་དཔོན་ཀ་མ་ལ་ཤྰི་ལས་མཛད་པ། ཚིགས་སུ་བཅད་པ་གཉིས་པའི་བཤད་པ་སློབ་དཔོན་ཆེན་པོ་མཛེས་བཀོད་ཀྱིས་མཛད་པ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་དོན་གསལ་བ་ཞེས་བྱ་བ་སློབ་དཔོན་ཞི་བ་ལྷས་མཛད་པ། རྩོད་པའི་རིགས་པའི་འགྲེལ་བ་དོན་རྣམཔར་འབྱེད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཤྰནྟ་རཀྵི་ཏིས་མཛད་པ། རྩོད་རིགས་ཀྱི་འགྲེལ་བ་འདི་ནི་དཔལ་ཚངས་པའི་འབྱུང་གནས་བསམ་ཡས་ཀྱི་གཙུག་ལག་ཁང་དུ་བོད་ཀྱི་ལོ་ཙྰ་བ་དགེ་སློང་འཕགས་པ་ཤེས་རབ་དང་།འབྲོ་སེང་དཀར་ཤྰཀྱ་འོད་གཉིས་ཀྱིས་བསྒྱུར། ། |