ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། ། གཉན་ལོ་ཙྰ་བ་ངྷརྨ་གྲགས།
སྤེལ་དུས།04-27  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ ། བཀའ་འགྱུར་ལས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་ཞེས་བྱ་བ། །

    བསྟན་འགྱུར་ལས། དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་ཀྱི་རིམ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། གསང་བ་འདུས་པའི་རྒྱན་ཞེས་བྱ་བ་ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་བྱང་ཕྱོགས་ལམ་ལ་མཁས་པ་ཆེན་པོ་སློབ་དཔོན་ཟླ་བའི་འོད་དང་། མིང་གཞན་རིན་ཆེན་རྡོ་རྗེ་མྱུ་གུས་མཛད་པ། འདི་ནི་མང་ཡུལ་གྲོང་གི་ལྷ་ཁང་ཀ་རུ་དང་ཨག་ཙར་སྒང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དེ་ཁོ་ན་ཉིད་བཅུ་བ་སློབ་དཔོན་རྒྱན་པས་མཛད་པ།   འཕགས་པ་གཤིན་རྗེ་ཚེ་བདག་ནག་པོའི་སྒྲུབ་ཐབས། གཏོར་མ་དང་བཅས་པ་དང་། དཔལ་གཤིན་རྗེ་ཚེ་བདག་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་དྲན་གསལ་དཔལ་ནག་པོ་ཞབས་ཀྱིས་མཛད་པ་རྣམས་ཏེ་དེ་ལྟར་ཚེ་བདག་ལ་ཆོས་སྐོར་གསུམ་མོ། ། ཛམྦྷ་ལའི་སྒྲུབ་ཐབས་རྒྱལ་པོ་ཨྰརྱ་མ་ཏིས་མཛད་པ། མཎྡལ་གྱི་ཆོ་ག་དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་སྦས་པའི་ཞལ་སྔ་ནས་མཛད་པ། སྟོང་ཉིད་བདུན་ཅུ་བའི་འགྲེལ་བ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། འདིའི་གཞུང་གྲངས་སྟོང་ཕྲག་གཉིས་དང་བརྒྱ་ཕྲག་གཅིག་གིས་ལྷག་པའོ། ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་བཟང་པོས་མཛད་པ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པ་དང་དགེ་བསྙེན་གྱི་སྡོམ་པ་བརྒྱད་པའི་བཤད་པ་སློབ་དཔོན་ཆེན་པོ་སུ་ན་ཡ་ཤྲྰིས་མཛད་པ། མི་འཁྲུགས་པའི་སྒྲུབ་ཐབས་སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པ། མི་འཁྲུགས་པའི་སྒྲུབཐབས་སློབ་དཔོན་ཛེ་ཏྰ་རིས་མཛད་པ། ། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号