འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། གཏམ་རྒྱུད་ཀྱི་རྟོག་པ་འགྱུར་བྱང་མ་འཁོད་ཀྱང་རྭ་ལོའི་འགྱུར། ལས་མཁན་ཏེའུ་ལོ་བ་ཆུ་བྱའི་རྟོག་པ། གཤིན་རྗེ་གཤེད་ནག་པོས་ལས་ཐམས་ཅད་གྲུབ་པར་བྱེད་པའི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་འཇིགས་བྱེད་དངོས་གྲུབ་གྲུབ་པའི་རྒྱུད་རྟོག་པ་བདུན་པ། དཔལ་ཨཽ་རྒྱན་གྱི་གནས་ནས་འཇམ་དཔལ་གྱི་རྒྱུད་ལས་དཔལ་ལ་ལི་ཏ་བཛྲས་ཕྱུང་སྟེ་སྤྱན་དྲངས་པ། འཕགས་པ་གནོད་གནས་དབང་པོ་ཇི་ལྟར་འབྱུང་བའི་རྟོག་པ། །
བསྟན་འགྱུར་ལས། དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཆེན་པོ་ཆེན་པོ་དཔལ་དོན་ཡོད་པའི་ཞབས་ཀྱིས་མཛད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་ཞེས་བྱ་བ་སློབ་དཔོན་མཉྫུ་བཛྲས་མཛད་པ། རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ་སློབ་དཔོན་རནྟ་ཨྰ་ཀ་ར་ཤྰནྟིས་མཛད་པ། རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་འཇམ་པའི་དབྱངས་ཀྱིས་མཛད་པ། ཙུ་ཙྪུནྔྷ་རའི་རྟོག་པ་བྷ་རོ་ཕྱག་རྡུམ་གྱི་དཔེ་ལས་རྭ་རྡོ་རྗེ་གྲགས་ཀྱིས་ཕྱིས་བསྒྱུར་པ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་ཨ་མོ་གྷ་བཛྲས་མཛད་པ། ། |