ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། ། ལོ་ཙྰ་བ་ཆིངས་ཡོན་ཏན་འབར།
སྤེལ་དུས།04-27  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། དཔལ་ཁྲག་འཐུང་མངོན་པར་འབྱུང་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་བཅུ་རྩ་ལྔ་བ། རྣལ་འབྱོར་མ་བཞིའི་ཁ་སྦྱོར་བའི་རྒྱུད་བརྟག་པ་བདུན་པ། །

    བསྟན་འགྱུར་ལས། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་དུས་ཞབས་པ་ཆེན་པོ་སྣང་བ་དང་ལྡན་པས་མཛད་པ། དཔལ་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྒྱ་ཆེར་འགྲེལ་བ་བདུད་རྩིའི་འཛག་པ་ཞེས་བྱ་བ་དངོས་གྲུབ་ཐོབ་པའི་སློབ་དཔོན་ཆེན་པོ་བྷ་གོས་མཛད་པ། གཞུང་ཚད་ཚིགས་བཅད་སྟོང་སུམ་བརྒྱ་ཡོད་པ། བོད་ཀྱི་ལོ་ཙྰ་བ་ལ་ཆིངས་ཡོན་ཏན་འབར་གྱི་འགྱུར་ལ། ཕྱིས་ལོ་ཙྰ་བ་ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་ལེགས་པར་བཅོས་པ། བརྟན་པའི་ནོར་ཐམས་ཅད་པ་ཞེས་བྱ་བའི་སྒྲུབ་པའི་ཐབས་པཎྜི་ཏ་ཆེན་པོ་རཏྣ་ཀྰིརྟིས་མཛད་པ། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་གྲགས་པའི་ཆ་ཞེས་བྱ་བ་པཎྜི་ཏ་ཆེན་པོ་རཏྣ་ཀྰིརྟིས་མཛད་པ། ཆོས་རྣམ་པར་ངེས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་པཎྡི་ཏ་ཆེན་པོ་རཏྣ་ཀྰིརྟིས་མཛད་པ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号