འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་འཁོར་ལོ་ཆེན་པོ་ཞེས་བྱ་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་སྒྲུབ་ཐབས་བདུད་རྩི་ཐིགས་་པ་ཞེས་བྱ་བ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས་མདོར་བསྡུས་པ་ཞེས་བྱ་བ་སྟེ་འཇིག་རྟེན་ལས་འདས་པའི་སྒྲུབ་ཐབས་གསམ་དང་། ཀླུ་རིགས་བཞིའི་སྒྲུབ་ཐབས་ཞེས་བྱ་བ། གནོད་སྦྱིན་གྱི་སྡེ་དཔོན་རྣམ་པར་སྦྱོང་ཞིང་སེལ་བ་ཞེས་བྱ་བའི་སྒྲུབ་ཐབས། ཡི་དྭགས་དང་གྲུལ་བུམ་དང་ཤ་ཟ་དང་སྲུལ་པོ་རྣམས་རྣམ་པར་སྦྱོང་ཞིང་སེལ་བའི་སྒྲུབ་ཐབས་ཞེས་བྱ་བ་སྟེ་འཇིག་རྟེན་པའི་སྒྲུབ་ཐབས་གསུམ་དང་། དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་གཏོར་མའི་ཆོ་ག་ཞེས་བྱ་བ་རྣམས་ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་བྲམ་ཟེའི་བཙུན་པ་ཛ་ཝ་ར་པས་མཛད་པ། ལོ་ཙྰ་བ་ཤེའུ་བཛྲ་དེ་བས་བསྒྱུར་པ་ལ། སླད་ཀྱིས་དགེ་སློང་ཆོས་བཟང་པོས་བླ་མ་ལས་ཤིན་ཏུ་ལེགས་པར་ཞུས་ཏེ་ཅུང་ཟད་བཅོས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྲུང་བ་ཞེས་བྱ་བ་ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པ་ཛ་ཝ་རིས་ཞལ་སྔ་ནས་མཛད་པ། |