འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའི་གཟུངས། དོན་ཡོད་ཞགས་པའི་རྟོགས་པའི་རྒྱལ་པོའི་ཆོ་ག ལོ་ཙྰ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར་ལ། སླད་ནས་ལོ་ཙྰ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་པ། །
བསྟན་འགྱུར་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། དཔ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀའ་འགྲེལ། དཔལ་འཁོར་ལོ་སྡོམ་པའི་ལག་མཆོད་ཀྱི་ཆོ་ག དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་མདོེར་བསྡུས་པ་ཞེས་བྱ་བ་རྣམས་སློབ་དཔོན་དད་བྱེད་ཆོ་ཆས་མཛད་པ། དཔལ་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ཞེས་བྱ་བ་ཞལ་གཉིས་མ་ཆེ་བར་གྲགས་པ་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པ་མཁས་པ་ཆེན་པོ་ཏིང་ངེ་འཛིན་རྡོ་རྗེའི་ཞབས་རྡུལ་ལ་རེག་པ་པཎྜི་ཏ་སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད་པ། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་གྲུབ་པ་བརྙེས་པ་ཨ་བ་ངྔྷུ་ཏྰི་པས་མཛད་པ། ཡེ་ཤེས་འཕོ་བ་ཞེས་བྱ་བ་དཔལ་སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད་པ། རྡོ་རྗེ་ཕག་མོི་དབུ་བཅད་མའི་སྒྲུབ་ཐབས་ཆུང་བ་ལྷ་མོ་དཔལ་གྱི་བློ་གྲོས་མས་མཛད་པ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྦྱིན་སྲེག་གི་ཆོ་ག སློབ་དཔོན་ཆེན་པོ་བསོད་སྙོམས་པའི་སློབ་མ་རྒྱལ་བའི་བྱིན་གྱི་ཚ་བོ་་སངས་རྒྱས་བྱིན་གྱིས་མཛད་པ། བསྡུས་པའི་རིམ་པའི་དཀའ་འགྲེལ་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ། ཡན་ལག་བཞི་བའི་སྒྲུབ་ཐབས་ཀྱི་རྒྱ་ཆེར་བཤད་པ་སྙིང་པོའི་སྙེ་མ་ཞེས་བྱ་བ་སློབ་དཔོན་དཔལ་ཀུན་ཏུ་བཟང་པོས་མཛད་པ། འདི་ཉིད་བལ་ཡུལ་མཐིལ་དུ་བསྒྱུར། མཎྡལ་གྱི་ཆོ་ལ་སློབ་དཔོན་ཆེན་པོ་དཔལ་རྙོག་མེད་པའི་རྡོ་རྗེའི་ཞལ་སྔ་ནས་མཛད་པ། སློབ་དཔོན་ཆེན་པོ་མེེ་ཏྲི་པའི་གདམས་ངག་ཉེ་བར་་བསྡུས་པ་དང་། དཔལ་མར་མེ་མཛད་པའི་འཕགས་པ་འཇམ་དཔལ་གྱི་ཟབ་ཅིང་རྒྱ་ཆེ་བ་ཞེས་བྱ་བའི་འགྲེལ་བ་མཁས་པ་ཆེན་པོ་དྲིལ་བུ་པས་མཛད་པ། སྐུའི་རིགས་ཀྱི་གཙོ་བོ་རྣམ་པར་སྣང་མཛད་ཡིན་པས། དེ་དང་ཕྱོགས་མཐུན་པ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི་གེ་བརྒྱ་བའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཀེ་ངྷ་ར་ཎ་ངྷིས་མཛད་པ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ་སྙན་ངག་མཁན་རྣམས་གཙུག་གི་ནོར་བུ་བྱང་ཆུབ་སེམས་དཔའི་རིགས་ཅན་མཁས་པ་ཆེན་པོ་ཙནྡྲ་གོ་མིས་མཛད་པ། འདི་ཉིད་དགེ་སློང་བློ་ལྡན་ཤེས་རབ་དང་མར་བ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པ། བཅོམ་ལྡན་འདས་བྱམས་པ་མགོན་པོས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པ འི་རྒྱན་ཞེས་བྱ་བའི་ཚིག་ལེའུར་བྱས་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་བའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་ལེགས་པར་སྤྱད་པའི་ལས་ཅན་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་འཕགས་པ་མང་པོས་བཀུར་བ་ཀུ་རུ་ཀུ་ལླེའི་སྡེ་བ་གཙུག་ལག་ཁང་དུ་མའི་བདག་པོ་སློབ་དཔོན་སངས་རྒྱས་འབངས་ཀྱི་ཚ་བོ་དགེ་སློང་འཕགས་པ་རྣམ་པར་གྲོལ་བའི་སྡེས་མཛད་པ། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བའི་བསྡུས་དོན་ནུབ་ཀྱི་སྒོ་གླེགས་པ་དཔལ་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། ཤིང་རྟའི་སྲོལ་འབྱེད་བཞི་བ་གཙོབོའི་དོན་སུམ་ཅུ་རྩ་གཉིས་སུ་སྟོན་པ་འཕགས་པ་ཤེས་རབ་ཀྱི་་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཕྱོགས་གླང་ཀྱིས་མཛད་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་བ་སློབ་དཔོན་བླ་མ་དཀོན་མཆོག་གསུམ་གྱིས་འབངས་ཀྱིས་མཛད་པ། ཤློ་ཀ་ལྔ་བརྒྱ་བཞི་བཅུ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་དཔལ་བི་ཀྲ་མ་ལ་ཤྰི་ལིའི་གཙུག་ལག་གི་མཁས་པ་ཆེན་པོ་དགེ་སློང་བེེ་རོ་ཙྰ་ན་རཀྵི་ཏས་མཛད་པ། སྤྱོད་འཇུག་གི་ཤེས་རབ་ལེའུར་དཀའ་འགྲེལ་ལོ་ཙྰ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར་ལ། ལི་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མོས་པའི་དབང་གིས་ལེགས་པར་བསྒྱུར་པ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ཡིད་དམ་བླང་བའི་ཆོ་ག་སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ ། ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚ་ཚ་གདབ་པའི་ཆོ་ག བླ་མའི་བྱ་བའི་རིམ་པ་རྣམས་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ།སྡོམ་པ་གསུམ་གྱི་རིམ་པ་སློབ་དཔོན་ཆེན་པོ་རྙོག་མེད་རྡོ་རྗེས་མཛད་པ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཆེན་པོའི་བཤད་སྦྱར་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཐེག་པ་ཆེན་པོའི་རྒྱུད་ཕྱི་མ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པའི་མདོ་ཟབ་མོ་རྣམས་ཀྱི་དགོངས་འགྲེལ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་མགོན་པོ་བྱམས་པས་མཛད་པ་དང་། ཐེག་པ་ཆེན་པོའི་རྒྱུད་བླ་མའི་འགྲེལ་བ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། རྩ་འགྲེལ་འདི་གཉིས་ནི་གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་པ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་བ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཚད་མ་རྣམ་པར་ངེས་པ་ཞེས་བྱ་བ་དང་། རིགས་་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ་དང་། ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་མན་ངག་ཀྱི་འགྲེལ་བ་རྣམ་འགྲེལ་གྱི་རྒྱན་ཞེས་བྱ་བ་བམ་པོ་དྲུག་ཅུ་བ་སློབ་དཔོན་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་སྦས་པས་མཛད་པ། ལོ་ཙྰ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར། སླད་ཀྱིས་ཞུ་ཆེན་གྱི་ལོ་ཙྰ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་ཞུས་ཤིང་བཅོས་པ། རྣམ་འགྲེལ་གྱི་རྒྱན་གྱི་ལེའུ་བཞི་བའི་འགྲེལ་བ་དཔལ་མཁས་པ་ཛ་མྰ་རིས་མཛད་པ་བམ་པོ་བརྒྱད་ཅུ་རྩ་གཉིས་པ། སློབ་དཔོན་ཆོས་མཆོག་གིས་སྦྱར་བ་ཚད་མ་རྣམ་པར་ངེས་པའི་ཊྰིཀྐ་འཐད་ལྡན་ཞེས་བྱ་བ་ཤློ་ཀ་སྟོང་ཕྲག་བཅུ་གཉིས་དང་། བརྒྱ་ཕྲག་བཞི་དང་དྲུག་ཅུ་རྩ་གསུམ་པ། འདི་ཉིད་གྲོང་ཁྱེར་དཔེ་མེད་དུ་བསྒྱུར། ཐོས་པ་བརྟག་པའི་ཚིག་ལེའུར་བྱས་པ། གཞན་སེལ་བརྟག་པའི་ཚིག་ལེའུར་བྱས་པ་། དབང་ཕྱུག་འཇིག་པའི་ཚིག་ལེའུར་བྱས་པ་རྣམས་སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ། ཚད་མ་བརྟག་པ་ཆེ་བ་དང་། ཚད་མ་བརྟག་པ་ཆུང་བ་སློབ་དཔོན་ཆོས་མཆོག་གིས་མཛད་པ། གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ། འདི་ཉིད་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བསྒྱུར། སྐད་ཅིག་མ་འཇིག་པ་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ། སེལ་བ་གྲུབ་པ་ཞེས་བྱ་བ་དགེ་བསྙེན་དམ་པ་མཁས་པ་ཆེན་པོ་བྲམ་ཟེ་ཤངྐ་རྰ་ནནྡས་མཛད་པ། འདི་ཉིད་གྲོང་ཁྱེར་དཔེ་མེད་དུ་བསྒྱུར།འགྲེལ་བ་གྲུབ་པ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་པ་ཆོས་ཀྱི་གྲགས་པ་གཉིས་པ་ཞེས་འཇིག་རྟེན་ན་གཏམ་དུ་གྲགས་ཤིང་རྟོག་གེ་བ་ཕལ་བའི་གཞུང་འཇིག་པ་དང་། ཐོགས་པ་མེད་པར་དོན་གྱི་དེ་ཁོ་ན་ཉིད་རྣམཔར་འཇིག་པའི་བློའི་མཐུ་སྟོབས་ཀྱི་འགྲན་ཟླ་དང་བྲལ་བ།བདེ་བར་གཤེགས་པའི་བསྟན་བ་ལ་གཅེས་སྤྲས་སུ་འཛིན་པས་ལེགས་པར་བཤད་པའི་རོ་མྱང་བ་ལ་སེམས་རྩེ་གཅིག་ཏུ་གཞོལ་བ་དགེ་བསྙེན་དམ་པ་ཤངྐ་རྰ་ནནྡས་མཛད་པ། ། |