འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། འཕགས་པ་མི་གཡོ་བའི་རྒྱུད་ཀྱི་རྒྱལ་པོ་འབུམཔ་ལས་བྱུང་བ་དངོས་གྲུབ་ཐམས་ཅད་ཡོངས་སུ་འབྱུང་བའི་རྟོགས་པ་ལེའུ་བདུན། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་གདེངས་པའི་རྒྱུད་ཁམས་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ལེའུ་གཅིག་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དངོས་གྲུབ་ཀྱི་རྟོག་པ་ཞེས་བྱ་བ་ལེའུ་བཞི་སྟེ་རྟོག་པ་བཞི་བར་གྲགས་པ། སླད་ཀྱིས་ཐར་པ་ལ་ཙྰ་བ་ཉི་མ་རྒྱལ་མཚན་གྱིས་བསྒྱུར་ཅིང་བཅོས་པ། འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ལེའུ་བཞི་བ། །
བསྟན་འགྱུར་ལས། ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་མཁས་པ་ཆེན་པོ་ཏྰ་ར་ཤྲྰིས་མཛད་པ། འཁོར་ལོ་སྡོམ་པའི་དཀྱིལ་གྱི་མངོན་པར་རྟོགས་པ་དང་།དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་བའི་འགྲེལ་བ་རྡོ་རྗེ་དྲིལ་བུས་མཛད་པ། བཅོམ་ལྡན་འདས་དཔལ་བདེ་མཆོག་སྒྲུབ་པའི་ཐབས་རིན་ཆེན་ཡིད་བཞིན་ནོར་བུ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་རྡོ་རྗེ་དྲིལ་བུ་བས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་རྒྱལ་པོ་ཆེན་པོ་ཨིནྡྲ་བྷྰུ་ཏིས་མཛད་པ། དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་རིན་པོ་ཆེའི་སྒྱུ་འཕྲུལ་སྦྱིན་པ་ཞེས་བྱ་བ་སློབ་དཔོན་རྡོ་རྗེ་དྲིལ་བུས་མཛད་པ། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་རིན་པོེ་ཆེ་གཙུག་གི་ནོར་བུ་ཞེས་བྱ་བ་དང་། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་རིན་པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་དཔལ་ལྭབ་པས་མཛད་པ། དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བ་ནག་པོ་སྤྱོད་པ་པས་མཛད་པ། རྗེ་བཙུན་དཔལ་ཧེ་རུ་ཀ་སྒྲུབ་པའི་ཐབས་མདོར་བསྡུས་པ་ཞེས་བྱ་བ་བྲམ་ཟེ་བྷྲྀངྒ་རས་མཛད་པ། ཡི་གེ་བདུན་པའི་སྒྲུབ་ཐབས་པཎྜི་ཏ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ་སློབ་དཔོན་ཆེན་པོ་དཔག་མེད་རྡོ་རྗེས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་སྙིང་པོ་དེ་ཁོ་ན་ཉིད་བསྡུས་པ་སློབ་དཔོན་ཀུ་ས་ལི་པས་མཛད་པ། ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ་དང་། དཔལ་འཁོར་ལོ་སྡོམ་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་སློབ་དཔོན་ཀུ་ས་ལི་པས་མཛད་པ།དཔལ་འཁོར་ལོ་སྡོམ་པ་གཉིས་སུ་མེད་པའི་བསམ་གཏན་གྱི་མན་ངག་རྣལ་འབྱོར་ཀྱི་རྒྱུད་གཏུམ་མོ་སློབ་དཔོན་ཆེན་མོ་དགེ་བའི་མགོན་པོས་མཛད་པ། བདུད་རྩི་འོད་ཟེར་ཅན་ཞེས་བྱ་བ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ཞེས་བྱ་བ་དང་། དཔལ་འཁོར་ལོ་སྡོམ་པ་ལ་བསྟོད་པ་ཁ་ཆེའི་པཎྜི་ཏ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ། དཔལ་རྡོ་རྗེགཕག་མོའི་སྒྲུབ་ཐབས་ཨྰ་ཙྰརྱ་བྷ་དྲས་མཛད་པ། ཀེང་རུས་ཏྰ་ན་པའི་སྒྲུབ་ཐབས་ལྷ་འདྲེ་བྲན་དུ་འཁོལ་བའི་སློབ་དཔོན་དྰ་རི་ཀ་པས་མཛད་པ། ཀེང་རུས་ཏྰ་ར་ནའི་སྒྲུབ་ཐབས་ཀྱི་འགྲེལ་བ་གཞན་ལ་ཕན་པ་ཞེས་བྱ་བ་མང་དུ་ཐོས་པའི་སློབ་དཔོན་ཀུ་མ་ར་བོ་ངྷིས་མཛད་པ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཛ་ལནྔྷ་ར་པས་མཛད་པ། ཕག་མོའི་སྒྲུབ་ཐབས་སློབ་དཔོན་མཁས་པ་ཆེན་པོ་རྡོ་རྗེ་དྲིལ་བུ་པས་མཛད་པ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཨོ་རྒྱན་ནས་བྱུང་བ། རྡོ་རྗེ་དབྱངས་ཅན་མའི་བསྟོད་པ་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། མཚན་ཡང་དག་པར་བརྗོད་པ་སྒྲུབ་པའི་ཐབས་སློབ་དཔོན་མི་གཡོ་སེང་གེས་མཛད་པ། འཕགས་མ་འོད་ཟེར་ཅན་གྱི་སྒྲུབ་ཐབས་སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛད་པ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཛེ་ཏྰ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཤེས་རབ་ཀྱི་ལེའུའི་རྒྱ་ཆེར་བཤད་པ་དགེ་སློང་མཁས་པ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། འགྲེལ་བཤད་འདིའི་ལེའུ་དང་པོ་དང་གཉིས་དང་། བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱི་ཊྰིཀྐ་ལོ་ཙྰ་བ་མར་བ་ཆོས་ཀྱི་དབང་ཕྱུག་དང་། གཉན་དར་མ་གྲགས་གཉིས་ཀྱིས་བསྟོད་སྨད་བགོས་ནས་བསྒྱུར་པ། བུ་ལ་སྤྲིངས་པ་པཎྜི་ཏ་མཁས་པ་ས་ཛྫ་ན་ཆེན་པོས་མཛད་པ་། ། |