ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། ། ལོ་ཙྰ་བ་ཀློག་སྐྱ་ཤེས་རབ་བརྩེགས།
སྤེལ་དུས།04-27  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། སེངྒེ་སྒྲའི་དམ་བཅས་པའི་གཟུངས། །

    བསྟན་འགྱུར་ལས། ཡི་གེ་བདུན་པའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་ནག་པོ་པས་མཛད་པ། ལོ་ཙྰ་བ་ཀློག་སྐྱ་ཤེས་རབ་བརྩེགས་ཀྱི་འགྱུར་བ་ལས། སླད་ནས་བོད་ཀྱི་ལོ་ཙྰ་བ་ཨྰ་ཙྰ་རྱ་མར་བ་ཆོས་ཀྱི་དབང་ཕྱུག་གིས་ཞུས་ཏེ་གཏན་ལ་ཕབ། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་བ་མཚན་ཡང་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་སྒེག་པའི་རྡོ་རྗེ་ཉི་མ་ཅན་གྱི་རིན་པོ་ཆེའི་གླིང་ན་བཞུགས་པ་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ་གང་གི་མཚན་དཔལ་སྣ་ཚོགས་གཟུགས་ཅན་དུ་གྲགས་པ་དེས་མཛད་པ། ལོ་ཙྰ་བ་ཀློག་སྐྱ་ཤེས་རབ་ཀྱིས་བཅོས་པ་ལ་ཡང་གཉེན་གྱིས་བཅོས་པ། གཞུང་ཚད་ནི་ཤློ་ཀ་གཉིས་སྟོང་ལྔ་བརྒྱའོ། ། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་བསྲེས་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། མཚན་བརྗོད་འགྲེལ་བ་བར་བའི་སྐོར་གསང་ལྡན་གྱི་དཀའ་འགྲེལ་དོན་བསྡུས་སྒྲོན་མ་ཞེས་བྱ་བ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号