ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལོ་ཙྰ་བ་རིན་ཆེན་གྲགས།
སྤེལ་དུས།04-27  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་འགྱུར་ལ། བཀའ་འགྱུར་ལས། འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས། བྱ་རྒྱུད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་གཏོར་རྣམ་པར་རྒྱལ་པ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། འཕགས་པ་དོན་ཡོད་གཤེགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས་ལ་འགྱུར་བྱང་མ་བཀོད་པར་འདུག་ཀྱང་། སྠ་བི་ར་དང་བ་རིའི་འགྱུར། གནོད་སྦྱིན་ནོར་བུ་བཟང་པོའི་རྟོག་པ། མཆིལ་མ། སྣབས། དྲི་ཆེན། དྲི་ཆུ་རྣམས་སྦྱིན་པར་བཏང་བའི་གཟུངས། བླ་མེད་རྡོ་རྗེ་གདན་པས་མདོ་རྒྱུད་ནས་ཕྱུངས་པ། །

   བསྟན་འགྱུར་ལས། བདག་མེད་མའི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས་ནྰ་རོ་པའི་ལུང་དང་སྦྱར་བ་འདི་ཐེ་ཚོམ་གྱི་གཞིའོ ། ། དཔལ་དགྱེས་པའི་རྡོ་རྗེའི་རྒྱུད་གྱི་རིམ་པ་ལས་བདག་བྱིན་གྱིས་བརླབས་པ་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། རྡོ་རྗེ་གུར་ནས་གསུངས་པའི་རོ་སྲེག་གི་ཆོ་ག་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་བྷ་བ་བྷ་དྲས་མཛད་པ། འདིའི་གཞུང་ཚད་ནི་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ལྔའོ། ། དཔལ་འཁོར་ལོ་སྡོམ་པའི་རྩ་བའི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་ལངྒ་རྒྱལ་བ་བཟང་པོས་མཛད་པ། གཞུང་ཚད་བདུན་བརྒྱ་ཡོད་པ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གནས་པ་ཐམས་ཅད་རྒྱ་ཆེར་འགྲེལ་བ་ཞེས་བྱ་བ་ལྷོ་ཕྱོགས་ཀྱི་རྒྱུད་དུ་འཁྲུངས་པ་དངོས་གྲུབ་བརྙེས་པའི་སློབ་དཔོན་ལྷ་སྦས་ཀྱིས་མཛད་པ། ཡོན་ཏན་མ་ལུས་པའི་གནས་ཞེས་བྱ་བའི་འགྲེལ་བ་སློབ་དཔོན་ཆེན་པོ་རྡོ་རྗེས་མཛད་པ། རྣལ་འབྱོེར་མ་ཀུན་ཏུ་སྤྱོད་པའི་བཤད་སྦྱར་སློབ་དཔོན་ཏ་ཐྰ་ག་ཏ་རཀྵི་ཏས་མཛད་པ།   དཔའ་བོ་གཅིག་པ་ཧེ་རུ་ཀའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནྰ་རོས་པས་མཛད་པ། བདེ་མཆོག་གི་སྦྱིན་སྲེག་སྤྱིའི་གསལ་བྱེད་པདྨ་དབྱངས་ཀྱིས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་བསྡུས་པ། བདེ་མཆོག་གི་སྰཙྪའི་ཆོ་ག་ཧྰ་པྲ་ཛྙྰ་རཀྵི་ཏས་མཛད་པ། འཁོར་ལོ་སྡོམ་པའི་སྒྲུབ་ཐབས་སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ། དཔལ་བདེ་མཆོག་ག་དཀྱིལ་འཁོར་བྱ་ཐབས་ཞེས་བྱ་བ་ཚིགས་སུ་བཅད་པ་དགུ་བརྒྱ་བ་སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ། དཔལ་རྡོ་རྗེ་རྣལ་འབྱོར་མའི་བཞེད་པའི་སྦས་པའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཀོངྐ་བྱིན་གྱིས་མཛད་པ། ཐུགས་རྗེ་སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ་དངོས་གྲུབ་ཕྲེང་བ་སློབ་དཔོན་རྟག་པའི་བཛྲས་མཛད་པ། འདི་ནིཔ་སྦུགས་རོང་གི་གསེར་ཁང་དུ་བསྒྱུར་པ། ཐུགས་རྗེ་སྒྲོལ་མ་ལས་སྣ་ཚོགས་པའི་སྒྲུབ་ཐབས་རྒྱ་གར་བསིལ་བའི་སེང་ལྡིང་ཕུག་ཏུ་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། སྤྱོད་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་བཤད་པ་ཤེས་རབ་མཆོག་དང་ལྡན་པའི་སློབ་དཔོན་ཤྰཀྱ་བཤེས་གཉེན་གྱིས་མཛད་པ། རྡོ་རྗེ་སེམས་དཔའི་སྒྲུབ་པའི་ཐབས་ཀྱི་བཤད་པ་སློབ་དཔོན་ཏ་ཐྰ་ག་ཏ་རཀྵི་ཏས་མཛད་པ། ཐོ་ལྡིང་དཔེ་མེད་ལྷུན་གྲུབ་པའི་གཙུག་ལག་ཁང་དུ་བསྒྱུར། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་མདོར་བཤད་པ་ཞེས་བྱ་བ་སློབ་དཔོན་སོ་ན་ཤྲྰིས་མཛད་པ། མཁས་པ་ཆེན་པོ་ཏ་ཐྰ་ག་ཏའི་ཞལ་ནས་བརྒྱུད་པ་ཞེས་ཡོད་པ། འཇིགས་བྱེད་ཀྱི་རྒྱུད་མདོ་མདོར་བཤད་པ་ཞེས་བྱ་བ་སློབ་དཔོན་དཔལ་འཛིན་གྱི་རྗེས་སུ་འབྲངས་པའི་སློབ་དཔོན་དཔལ་ཆེན་པོ་རྡོ་རྗེས་གྲུབ་པས་མཛད་པ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་མཁས་པ་ཆེན་པོ་དཔལ་གཞོན་ནུ་ཟླ་བས་མཛད་པ། དབང་གི་རབ་ཏུ་བྱེད་པ་སློབ་དཔོན་མཁས་པ་ཆེན་པོ་དཔལ་དགའ་བའི་རྡོ་རྗེས་མཛད་པ། གཞུང་ཚད་ནི་ཚིགས་བཅད་སུམ་བརྒྱ། བམ་པོ་གཅིག་པ། ཐོ་ལིང་གི་གཙུག་ལག་ཁང་དུ་བསྒྱུར། འཕགས་པ་དོན་ཡོད་ཞགས་པ་ལྷའི་ལྔའི་བསྟོད་པ་པཎྜི་ཏ་ཆེན་པོ་ཨེ་ར་བས་མཛད་པ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་སློབ་དཔོན་མཁས་པ་ཆེན་པོ་དཔལ་སྟོང་ཉིད་ཏིང་ངེ་འཛིན་སྙིང་རྗེའི་ཞལ་སྔ་ནས་མཛད་པ། རྟ་མགྲིན་གྱི་སྒྲུབ་ཐབས་སློབ་དཔོན་ནྰ་གུ་རྫུ་ནས་མཛད་པ། གཙུག་ཏོར་གདུགས་དཀར་མོ་བསྟོད་པ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཉེ་བར་བཤད་པ་བླ་མ་རྡོ་རྗེ་གདན་པས་མཛད་པ། འཕགས་དྲ་བི་ཏའི་བུམ་པའི་ཆོ་ག་རིམ་པར་ཕྱེ་བ། རབ་གནས་ཀྱི་ཆོ་ག་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། རྗེ་བཙུན་རྡོ་རྗེ་གདན་མན་ངག་གི་སྒྲུབ་ཐབས་ཀྱི་ཆོ་ག བརྟན་པའི་འཁོར་ལོའི་སྒྲུབ་ཐབས་སློབ་དཔོན་བྷ་ཝ་སྐནྔྷས་མཛད་པ ། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས། འཇམ་དཔལ་རྡོ་རྗེའི་སྒྲུབ་ཐབས། ངག་གི་རྒྱལ་པོའི་སྒྲུབ་ཐབས། རྒྱལ་པོ་ཆེན་པོ་འཇམ་དཔལ་རོལ་པའི་སྒྲུབ་ཐབས། རིག་པ་འཛིན་པའི་སྡེ་སྣོད་དུ་གསུངས་པའི་མདོར་བསྡུས་པའི་འཇམ་དཔལ་པའི་དབྱངས་ཀྱིས་སྒྲུབ་ཐབས། འཇམ་དཔལ་ཤེས་རབ་ཀྱི་སྦྱོར་བ། ཡན་ལག་མེད་པའི་རྡོ་རྗེ་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་པའི་ཐབས། མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་ཐབས། འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས། འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། ཡང་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། ཡང་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། དཔལ་རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་སློབ་དཔོན་སུ་ཛ་ན་བྷ་དྲས་མཛད་པ། སེང་གེ་སྒྲའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཧ་ལ་ཧ་ལའི་སྒྲུབ་པའི་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་བས་མཛད་པ། ཁརྶ་པྰ་ཎིའི་སྒྲུབ་ཐབས། ཡི་གེ་དྲུག་པའི་སྒྲུབ་ཐབས་དཔལ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པའི་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། ཧ་ལ་ཧ་ལའི་སྒྲུབ་པའི་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་སློབ་མ་ཐུ་བོས་མཛད་པ། འཕགས་མ་སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མའི་སྒྲུབ་ཐབས་དྰ་བྱང་ཆུབ་སེམས་དཔས་མཛད་པ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号