ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལོ་ཙྰ་བ་མང་འོར་བྱང་ཆུབ་ཤེས་རབ།
སྤེལ་དུས།04-27  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། རིགས་དྲུག་པ་ཁྱབ་བདག་རྡོ་རྗེ་འཆང་གི་རྒྱུད་ནི། ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་ལྔ་བ། །

   བསྟན་འགྱུར་ལས། དཔལ་དགྱེས་པའི་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་མན་ངག་སློབ་དཔོན་ཆེན་པོ་ཤྲྰི་ཨནནྡ་བཛྲས་མཛད་པ། སྦྱིན་སྲེག་གི་ལས་ཀྱི་རིམ་པ་རྣལ་འབྱོར་ཀྱི་དབང་ཕྱུག་དཔལ་གྱི་ཞབས་ཀྱིས་མཛད་པ། དཔལ་དགེ་པ་རྡོ་རྗེ་ལ་བསྟོད་པ་རིག་པའི་གནས་མ་ལུས་པ་ལ་མཁས་པ་གྲུབ་པའི་སློབ་དཔོན་ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་བའི་དཀའ་འགྲེལ་སློབ་དཔོན་བྱང་ཆུབ་བཟང་པོའི་ཞལ་སྔ་ནས་མཛད་པ། ཚད་པ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་གྱི་ཞལ་སྔ་ནས་མཛད་པ། འདི་ནི་བོད་ཀྱི་ལྷ་བཙུན་པོ་དགེ་སློང་ལྷ་བླ་མ་ཞི་བ་འོད་ཀྱི་ཞལ་སྔ་ནས་དང་། ཐུགས་དམ་སའི་སྙིང་པོ་ཐོ་ལིང་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་བསྒྱུར། བསྟན་བཅོས་གཞུང་ཚད་ནི་བམ་པོ་དྲུག་ཅུ་ཡིན་ནོ ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号