འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་ཕྱུང་བའི་དུམ་བུ་དབང་མདོར་བསྟན་པ་ཞེས་བྱ་བ་འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་སླར་ཡང་སྒྲ་ཚད་པ་རིན་ཆེན་རྒྱལ་མཚན་གྱིས་དཔལ་ནྰ་རོ་པའི་འགྲེལ་བཤད་དང་མཐུན་པར་བསྒྱུར་ཅིང་ཞུས་པ། མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ལེའུ་ལྔ་བ། ལོ་ཙྰ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་། སླད་ཀྱིས་ལོ་ཙྰ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ཞུས་པ་འདི་ལ་ཕྱིས་འགྱུར་བཅོས་མཛད་པ་པོའང་མང་བོ་བྱུང་མོད་ཀྱི་ཤོང་འགྱུར་ཉིད་དོན་བཟང་བར་མཁས་པ་རྣམས་ལ་གྲགས་པ་ཡིན་ནོ། ། རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད། །
བསྟན་འགྱུར་ལས། རྡོ་རྗེ་སྙིང་པོའི་འགྲེལ་བ་ཀྱེའི་རྡོ་རྗེའི་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལེའུ་དྲུག་པ་མན་བྱང་ཆུབ་སེམས་དཔའ་རྡོ་རྗེས་སྙིང་པོས་མཛད་པ་འདི་སྔོན་དེ་ཁོ་ན་ཉིད་ཀྱི་ལེའུ་ཡན་ལས་མ་འགྱུར་བས། སླད་ཀྱིས་བལ་ཡུལ་གྲོང་ཁྱེར་རོལ་པ་ཞེས་བྱ་བ་ནས་འབྲོ་དགེ་སློང་ལོ་ཙྰ་བས་པཎྜི་ཏ་མེེ་ཏྲི་ཞབས་ལས་རྙེད་ནས་བོད་ཡུལ་དུ་དཔེ་སྤྱན་དྲངས་ཏེ་བསྒྱུར་པ། འགྲེལ་ཆུང་ཕྲན་བརྒྱད་ལ། དགོངས་པའི་སྐད་ཀྱི༼བཤད་པ་རྣམ་གྲངས་བདུན་གྱི་ལེའུ་ཡང་ཟེར༽ འགྲེལ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། འདི་ནི་ཡེར་བའི་དབེན་ནས་སུ་བསྒྱུར། མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལོ་ཙྰ་བ་ཆེན་པོ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་པ་ལས། མཁས་པ་ཆེན་པོ་ཞང་སྟོན་མདོ་སྡེ་དཔལ་དང་དུས་འཁོར་གྱི་ཚུལ་ཁོང་དུ་ཆུད་པའི་དགེ་སློང་ཚུལ་ཁྲིམས་དར་གྱིས་དོན་གྱི་ཆ་ལ་དཔྱད་ཅིང་། ལོ་ཙྰ་བ་ཆེན་པོ་དགེ་སློང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ། ། དབང་མདོར་བསྟན་པ་རྒྱ་ཆེར་འགྲེལ་བ་རྣལ་འབྱོར་པ་དུས་ཀྱི་འཁོར་ལོའི་ཞབས་པས་མཛད་པ། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་རབ་ཏུ་བྱེད་པའི་འགྲེལ་བ་རྡོ་རྗེ་ཚིག་འབྱེད་པ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་དྰ་རི་ཀ་པས་མཛད་པ། དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཡན་ལག་བཅུ་གཅིག་པ་སློབ་དཔོན་དུས་འཁོར་ཞབས་པ་ཆེན་པོས་མཛད་པ། རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འཇམ་དཔལ་རྒྱལ་པོ་གྲགས་ཞེས་བྱ་བར་སྐྱེ་བ་བཞེས་པས་མཛད་པ་དང་། སྦྱོར་བ་ཡན་ལག་དྲུག་གི་མན་ངག་དུས་འཁོར་ཞབས་ཀྱིས་མཛད་པ་སྙན་རྒྱུད་ཅེས་བྱ་བ། རིམ་པ་བཞི་བ་དང་། རིམ་པ་བཞི་བའི་རྣལ་པར་འབྱེད་པ་ཞེས་བྱ་བ་ཨྰ་ཙྰརྱ་ནག་པོ་ཉིད་ཀྱིས་མཛད་པ། དཔལ་འཁོར་ལོ་སྡོམ་པ་དཔའ་བོ་གཅིག་པའི་སྒྲུབ་ཐབས་པཎྡི་ཏ་དཔལ་མ་ཎི་ཀ་ཤྲྰིས་མཛད་པ། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བྱང་ཆུབ་སེམས་དཔའ་རྒྱལ་པོ་སེང་གེའི་གདན་ཅན་ཁྱབ་འཇུག་སྦས་པས་མཛད་པ། གྲུབ་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་སློབ་དཔོན་ཆེན་ཨོོ་རྒྱན་གྱི་མི་དབང་ཨིནྡྲ་བྷྰུ་ཏིས་མཛད་པ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དཔལ་ནྰ་རོ་མཁའ་སྤྱོད་ཀྱི་གཞུང་ཡིན། དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བསོད་སྙོམས་པས་མཛད་པ། དཔལ་གསང་བ་འདུས་པའི་རྒྱུད་ལ་བརྟེན་པའི་ཨརྒའི་ཆོ་ག་སྙིང་པོ་བསྡུས་པ་ཞེས་བྱ་བ་དང་། རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་སྣང་བ་ཞེས་བྱ་བ་སློབ་དཔོན་སྣང་བྱེད་ཟླ་བས་མཛད་པ། དུས་ཐ་མའི་མཆོད་པའི་ཆོ་ག་མིང་གཞན་གཤིན་པོ་བདེ་བར་གཤེགས་པའི་གནས་ལ་འགོད་པ་ཞེས་བྱ་བ་པཎྡི་ཏ་དཔལ་ཏིང་ངེ་འཛིན་རྡོ་རྗེས་མཛད་པ། དཔལ་ཐུགས་རྗེ་ཆེན་པོའི་དབང་བསྐུར་བའི་མན་ངག་གི་རབ་ཏུ་བྱེད་པ་ཞེས་བྱ་བའམ། པདྨ་ཟབ་པ་དང་པདྨ་རྒྱལ་པོ་གཉིས་ཀྱི་དབང་ཆོག་སྦྱིན་སྲེག་དཔལ་ཛྰ་ལནྔྷ་རས་མཛད་པ། མངའ་བདག་མེེ་ཏྲི་པའི་ཕྱག་དཔེ་ལས་བསྒྱུར། ལྷན་ཅིག་སྐྱེས་གྲུབ་རྒྱལ་པོ་ཨིནྡྲ་བྷྰུ་ཏིས་མཛད་པ། ལྷན་ཅིག་སྐྱེས་གྲུབ་ཀྱི་གཞུང་འགྲེལ་ཞེས་བྱ་བ་ལྷ་ལྕམ་རྗེ་བཙུན་མ་དཔལ་མོས་མཛད་པ། སོ་སོར་་འབྲང་མ་ཆེན་མོའི་འཁོར་ལོ་བྲི་བའི་ཆོ་ག་སློབ་དཔོན་ཛེ་ཏྰ་རིས་མཛད་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཆོ་ག་ཞིབ་མོ་མཁན་པོ་ནེར་བན་རཀྵི་ཏས་མཛད་པ། རབ་ཏུ་གནས་པའི་ཆོ་ག་པཎྡི་ཏ་དཔལ་སུ་མ་ཏི་ཀྰིརྟིས་མཛད་པ། མཁའ་ལྡིང་གྲུབ་པའི་བསྟན་བཅོས་བྲམ་ཟེ་ཤང་ཀུས་མཛད་པ། བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་བཤད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གཅིག་ཏུ་གཞོལ་པའི་སློབ་དཔོན་དགྲ་ལས་རྒྱ་བས་མཛད་པ། འདུལ་བ་ཚིག་ལེའུར་བྱས་པ་མེ་ཏོག་ཕྲེང་རྒྱུད་ཅེས་བྱ་བ་འདུལ་བ་འཛིན་པ་ཆེན་པོ་འཕགས་པ་ས་གའི་ལྷས་མཛད་པ་བམ་པོ་ལྔ་བ། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་བའི་བསྟན་བཅོས་སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། |