འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ་སློབ་དཔོན་མཁས་པ་མེེ་ཏྲི་པས་མཛད་པ། འདི་ནི་བོད་ཀྱི་ལོ་ཙྰ་བ་བ་རེག་ཐོས་པ་དགས་བསྒྱུར་པ། སླད་ཀྱིས་དགེ་བའི་བཤེས་གཉེན་མཁས་པ་བ་རི་ལོ་ཙྰ་བས་བཅོས་པ་ལས། དུས་ཕྱིས་གནུབས་ལོ་ཙྰ་བས་སྒྲ་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་པ། སྡུད་པ་མངོན་རྟོགས་རྒྱན་དང་མཐུན་པར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཛོད་ཀྱི་ལྡེ་མིག་ཅེས་བྱ་བ་ཁ་ཆེའི་མཁན་པོ་བླ་མ་ངྷརྨ་ཤྲྰིས་མཛད་པ། འཕགས་པ་སྡུད་པའི་གདམས་ངག་འདི་བྱང་ཆུབ་སའི་སྙིང་པོ་དཔལ་འབུམ་སྟེང་གི་གཙུག་ལག་ཁང་གསར་དུ་བཞེངས་པའི་དུས་སུ་བསྒྱུར། ། |