འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེས་མཛད་པ། དཔལ་ཧེ་རུ་ཀའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ས་ཧ་ཛ་བི་ལྰ་པའི་ཞལ་སྔ་ནས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་རབ་གནས་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞལ་གཉིས་མ་ཆུང་བ་རི་ཁྲོད་དབང་ཕྱུག་གིས་མཛད་པར་གྲགས་པ། དབུ་བཅད་མའི་སྒྲུབ་ཐབས་ཆེ་བ་ཞེས་བྱ་བ་དཔལ་བིརྺ་པས་མཛད་པ། སྒྲོལ་མ་ལྷའི་ལྔའི་སྒྲུབ་ཐབས་རིན་པོ་ཆེ་གསལ་བ་ཞེས་བྱ་བ་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། དབང་ཆོས་རྟེན་འབྲེལ་འགྲོ་ལྡོག་དཔལ་ནྰ་རོ་པས་མཛད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསད་པའི་འཁོར་ལོ་ལ་ལི་ཏས་མཛད་པ། དཔལ་དེ་ཁོ་ན་ཉིད་གྲུབ་པ་སློབ་དཔོན་ཆེན་པོ་ཀེ་ར་ལིས་མཛད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དམ་ཚིག་ལ་འཇུག་པའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་དཔལ་ལ་ལི་ཏ་བཛྲས་མཛད་པ། རྡོ་རྗེ་ཁྱུང་གི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་པདྨས་མཛད་པ། རྣལ་འབྱོར་ཀྱི་དབང་ཕྱུག་དཔལ་ས་ར་ཧ་པ་ཆེན་པོས་མཛད་པའི་དོ་ཧ་མཛོད་ཅེས་བྱ་བའི་གླུ་དེ་ཁོ་ན་ཉིད་རྣལ་དུ་མཚོན་པ་དོན་དམ་པའི་ཡི་གེ་ཕྱག་རྒྱ་བཞི་གཏན་ལ་དབབ་པ་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པ། གནས་པ་བསྡུས་པ་སློབ་དཔོན་ཆེན་པོ་དཔལ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ། སྣང་སྟོང་དབྱེར་མེད་དུ་སྟོན་པ་དགའ་གཅུགས་ལྔ་བ་སློབ་དཔོན་མེེ་ཏྲི་པས་མཛད་པ། བདེན་གཉིས་ཐ་མི་དད་དུ་སྟོན་པའི་བདེ་བ་ཆེན་པོ་གསལ་བ་སློབ་དཔོན་ཨ་ཝ་ངྷྰུ་ཏྰི་པ་དཔལ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། གང་ཟག་གསུམ་གྱི་རྟོགས་ཐབས་སྟོན་པ་དེ་ཁོ་ན་ཉིད་རབ་ཏུ་བསྟན་པ་ཞེས་བྱ་བ་དང་། ལྷའི་རྣལ་འབྱོར་གཏན་ལ་འབེབས་པའི་དེ་བཞིན་གཤེགས་་པ་ལྔའི་ཕྱག་རྒྱ་རྣམ་པར་བཤད་པ་སློབ་དཔོན་རྡོ་རྗེས་མཛད་པ། མན་ངག་ཚིགས་སུ་བཅད་པ་བཅུ་གཉིས་པ་བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་སྔ་ནས་གསུངས་པ། རང་བྱིན་ཀྱི་བརླབ་པའི་རིམ་པ་རྣལ་འབྱོར་ཀྱི་དབང་ཕྱུག་དཔལ་ས་ར་ཧ་པས་མཛད་པ། དངོས་པོ་སྦྱོང་བ་ཞེས་བྱ་བ་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཚིགས་སུ་བཅད་པ་ཕྱེད་དང་ལྔ་བའི་འགྲེལ་བ། རྣམ་པར་མི་རྟོག་པའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་ཨརྱ་དེ་བས་མཛད་པ ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྟོན་པའི་དེ་ཁོ་ན་ཉིད་ཚིགས་སུ་བཅད་པ་ཕྱེད་ཀྱི་འགྲེལ་བ་དཔལ་ཨྰ་ཝ་ངྷྰུ་ཏྰིའི་ཞབས་ཀྱིས་མཛད་པ མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔལ་གཉིས་མེད་རྡོ་རྗེས་མཛད་པ། སྙིང་པོ་ཀུན་ལས་བཏུས་པའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་ཤྲྰི་ཨྰ་ནནྟ་བཛྲས་མཛད་པ། ལྷན་ཅིག་སྐྱེས་པའི་གླུ་རྣལ་འབྱོར་ཀྱི་དབང་ཕྱུག་ཤྰནྟི་ཝས་མཛད་པ། ལྷ་མོ་དབྱངས་ཅན་གྱི་བསྟོད་པ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་མཁས་པ་ཆེན་པོ་པཎྜི་ཏ་ནག་པོ་ཁོལ་གྱིས་དབྱངས་ཅན་མ་ཞལ་གཟིགས་པའི་དུས་སུ་དགྱེས་ཏེ་བསྟོད་པ། དབྱངས་ཅན་མའི་བསྟོད་པ་པཎྜི་ཏ་ནག་མོ་ཁོལ་གྱིས་མཛད་པ། ཆོས་སྐྱོང་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་སློབ་དཔོན་ཆེན་པོ་བ་ལཾ་ཨྰ་ཙྰ་རྱས་མཛད་པ། སེམས་བརྟག་པ་སློབ་དཔོན་ཚུལ་ཁྲིམས་འཕགས་པས་མཛད་པ། ། |