ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལོ་ཙྰ་བ་རྩ་མི་སངས་རྒྱས་གྲགས།
སྤེལ་དུས།04-27  ཡོང་ཁུངས།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་བ་མན་ངག་གི་སྙེ་མ་ཞེས་བྱ་བ་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ཤློོ་ཀ་སྟོང་ཕྲག་བརྒྱད་པ། ཡུལ་དབུས་ཀྱི་མཁས་པ་ཆེན་པོ་དེ་ཉིད་དང་མང་དུ་ཐོས་པའི་དགེ་སློང་བསོད་སྙོམས་པ་རྩ་མི་སངས་རྒྱས་གྲགས་ཀྱི་ནྰ་ལེནྡྲར་བསྒྱུར་ཅིང་། སླད་ནས་དཔྱལ་ལོ་ཙྰ་བ་ཆོས་ཀྱི་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་བསྟུན་ནས་བཅོས་པ་ལ། སླར་ཡང་དཔང་ལོ་ཙྰ་བ་དགེ་སློང་དཔལ་ལྡན་བློ་གྲོས་བསྟན་པས་རྒྱ་གར་གྱི་དཔེ་ག་གཏུགས་ཏེ་འདིའི་སྔ་འགྱུར་མ་དག་པར་གཟིགས་པ་ལ་བརྟེན་ནས་ལེགས་པར་བསྒྱུར་ཅིང་དག་པར་བཅོས་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་དྲི་མེད་འོད་ཅེས་བྱ་བ་རྒྱལ་པོ་པདྨ་དཀར་པོས་མཛད་པ། ཡུལ་མ་གངྷྰའི་དཔལ་ནྰ་ལེནྡྲར་ནང་སྒྲུང། ༼བྱ་རོག་གདོང་ཅན་ཟེར༽ མཛད་པ་པོ་མ་གསལ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཡན་ལག་གི་དམ་ཚིག་ཅེས་བྱ་བ། རྡོ་རྗེ་ཐེག་པའི་ལྟུང་བའི་སྙེ་མ་ཞེས་བྱ་བ་མཁས་པ་ཆེན་པོ་ཨབྷ་ཡྰ་ཀ་ར་གུ་པྷས་མཛད་པ། འདི་ནི་ནྰ་ལེནྡྲར་བསྒྱུར། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་ལས་ཀྱི་ཆོ་ག་བླ་མ་རྡོ་རྗེ་གདན་པས་མཛད་པ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号